མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷ་སར་དོན་ཆེན་བཅུ་ཟེར་བའི་ཡིག་ཆ་རྣམས་ཚུད་པའི་གྲངས་མཛོད་ཆེན་མོའི་ལྟེ་གནས་བཙུགས།

བོད་ཀྱི་དུས་བབ།
༢༠༢༢/༡༡/༡༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ཀྱི་རྒྱལ་ས་ལྷ་ས་རུ་འཛུགས་སྐྲུན་བྱེད་བཞིན་པའི་བོད་ལྗོངས་གྲངས་མཛོད་ཆེན་མོའི་ལྟེ་གནས་ཞེས་པ་དེས་མ་འོངས་པར་བོད་མིར་སྟངས་འཛིན་དྲག་གནོན་བྱེད་པར་བེད་སྤྱོད་གཏོང་བའི་རྒྱུ་ཆ་གལ་ཆེན་བསྡུ་ཡི་ཡོད་འདུག

བོད་ལྗོངས་གྲངས་མཛོད་ཆེན་མོའི་ལྟེ་གནས་ཁང་གི་ཕྱིའི་བཀོད་པ། ༢༠༢༠།༡༢།༡༩ དྲ་ལམ་གྱི་པར།

འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༢༩ ཉིན། བོད་ཀྱི་རྒྱལ་ས་ལྷ་སར་བོད་ལྗོངས་གྲངས་མཛོད་ཆེན་མོའི་ལྟེ་གནས་ཞེས་པ་ཞིག་དངོས་སུ་སྒོ་འབྱེད་བྱས་ཡོད་པ་དང་། གྲངས་མཛོད་ལྟེ་བའི་སྤྱིའི་ཤོང་ཚད་ ༦༥༠༠(racks)དང་། ད་ལྟའི་ཆར་ཤོང་ཚད་ ༣༠༠༠ (racks) ཡོད་པ་དང་། བོད་རང་སྐྱོང་ལྗོངས་ཟེར་བའི་ཁུལ་གྱི་རིམ་པ་འདྲ་མིན་གྱི་སྡེ་ཁག་ ༤༩༡ ཡི་ལས་དོན་མ་ལག་ཐོག་ཞབས་འདེགས་སྒྲུབ་ཀྱི་ཡོད་ལུགས་དང་། ལས་གཞི་དེ་ནི་རྒྱ་ནག་ལག་ཐོག་ཁ་པར་ཚོང་གཉེར་ཁང་(China Mobile)གི་བོད་ལྗོངས་ཡན་ལག་ཁང་གིས། རྒྱ་ནག་གི་ཤར་གྲངས་ནུབ་རྩིས་(东数西算)ཞེས་པའི་ཐབས་ཇུས་ལག་བསྟར་དོན་འཁྱོལ་བྱེད་པའི་ལས་གཞི་ཆེན་པོ་ཞིག་ཡིན་འདུག་ལ། བོད་ཉིང་ཁྲི་ས་ཁུལ་གྱི་ཡན་ལག་གྲངས་མཛོད་ཁང་གི་འཛུགས་སྐྲུན་སྔར་ལས་ཇེ་མགྱོགས་སུ་བཏང་ཡོད་སྐོར་བསྒྲགས་ཡོད་པ་རེད།

རྒྱ་ནག་གཞུང་འབྲེལ་གྱི་གནས་ཚུལ་ནང་། བོད་ལྗོངས་གྲངས་མཛོད་ཆེན་མོའི་ལྟེ་གནས་ཀྱི་དགོས་དམིགས་ནི་ཆབ་སྲིད་ཞབས་ཞུ་དང་དཔལ་འབྱོར་ཡར་རྒྱས། སྤྱི་ཚོགས་ལེགས་བཅོས། མང་འཚོའི་ཞབས་ཞུ། ཁྲོམ་རར་ལྟ་ཞིབ། ནོར་སྲིད་མ་འཛུགས། ཁོར་ཡུག་སྲུང་སྐྱོབ། རིག་གནས་ཡུལ་སྐོར་ཟེར་བ་སོགས་དོན་ཆེན་བཅུ་ཡི་ཐོག་གཅིག་འདུས་རང་བཞིན་གྱི་ཞབས་ཕྱི་སྒྲུབ་ཆེད་ཡིན་ཚུལ་བཤད་ཡོད་པ་མ་ཟད། མ་འོངས་པར་ཞབས་ཕྱིའི་ཁྱབ་ཁོངས་ཨེ་ཤ་ཡའི་ལྷོ་ཕྱོགས་ཀྱི་རྒྱལ་ཁབ་ཁག་གི་ནང་དུའང་འཕྲིན་གཏོང་ཞབས་ཞུ་(server) བསྒྲུབ་རྒྱུ་ཡིན་སྐོར་བརྗོད་ཡོད་པ་རེད།

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་དྲ་ལམ་བདེ་འཇགས་སྲུང་སྐྱོབ་ཀྱི་ཆེད་ལས་པ་སྤྱི་འཐུས་སྲི་ཐར་བློ་བཟང་རྒྱ་མཚོ་ལགས་སུ། བོད་ནང་དུ་གྲངས་མཛོད་ལྟེ་གནས་ (Data Centre) དེ་འདྲ་ཆེན་པོ་ཞིག་བཙུགས་པའི་དགོས་དམིགས་ག་རེ་ཡིན་མིན་བཀའ་འདྲི་ཞུས་པར་ཁོང་གིས། གྲངས་མཛོད་ལྟེ་གནས་ཁང་དེ་ས་ཆ་གྲང་མོར་འཛུགས་རྒྱུ་གལ་ཆེན་པོ་བརྩི་ཡི་འདུག དེ་ཡང་ས་ཆ་གྲང་མོར་གྲངས་མཛོད་ལྟེ་གནས་ཁང་བཙུགས་པ་ཡིན་ན་འགྲོ་སོང་ཆུང་བ་ཡིན་པ་དང་། བོད་ནང་དུ་གྲངས་མཛོད་ལྟེ་གནས་ཁང་བཙུགས་པ་དེས་བོད་ནང་གི་ཡིག་ཆ་ཉར་ཚགས་དང་། དཔྱད་ཞིབ་སོགས་མགྱོགས་པོའི་ཐོག་ནས་བྱ་ཐུབ་རྒྱུའི་སླད་དུ་བཙུགས་པ་ཞིག་རེད། ཅེས་གསུངས་བྱུང་།

རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་ཚོའི་རིགས་རྫས་(DNA) མཁོ་བསྡུ་གཞི་རྒྱ་ཆེན་པོ་བྱེད་བཞིན་ཡོད་པའི་གནས་ཚུལ་ཞིབ་ཕྲ་ཐོན་ཡོད་པ་ལྟར། གྲངས་མཛོད་ལྟེ་གནས་དེ་དང་འབྲེལ་བ་ཅི་ཙམ་ཡོད་མེད་དྲིས་པར་ཁོང་གིས། རིགས་རྫས་མཁོ་བསྡུ་བྱས་པ་དེ་གྲངས་མཛོད་ལྟེ་གནས་དང་འབྲེལ་བ་ཡོད་རེད་བསམ་གྱི་འདུག རིགས་རྫས་མཁོ་བསྡུ་ཡི་ཡིག་ཆ་རྣམས་ཆེན་པོ་རེད། ནམ་རྒྱུན་བོད་ནང་རིགས་རྫས་ (DNA) ཀྱི་ཡིག་ཆ་དེ་དག་ཉར་ཚགས་དང་དཔྱད་ཞིབ་བྱེད་སའི་གྲངས་མཛོད་ལྟེ་གནས་མེད་པ་དང་ད་ལྟ་གསར་འཛུགས་བྱས་ཡོད་པའི་རྐྱེན་གྱིས། བོད་ནང་ལོགས་ཀྱི་ཡིག་ཆ་ཉར་ཚགས་དང་དཔྱད་ཞིབ་བྱེད་སའི་ས་ཆ་རག་གི་ཡོད་པ་རེད། ད་དུང་གྲངས་མཛོད་ལྟེ་གནས་དེས་ས་གནས་དང་ས་ཁུལ་ཁག་གི་ཡིག་ཆ་ཉར་ཚགས་དང་དབྱེ་ཞིབ། ཉམས་ཞིབ་སོགས་མགྱོགས་པོ་བྱ་ཐུབ་རྒྱུའི་ཆེད་དུ་རེད་བསམ་གྱི་འདུག ཅེས་གསུངས་བྱུང་།

བོད་ལྗོངས་གྲངས་མཛོད་ཆེན་མོའི་ལྟེ་གནས་ཀྱི་མིང་བྱང་རྡོ་རིང་། ༢༠༢༢།༡༡།༣ རྒྱ་ནག་ཤིན་ཧྭ་གསར་ཁང་གི་པར།

རྒྱ་ནག་གཞུང་ནས་ཕན་ཐོགས་ཡོད་པ་རྐྱང་རྐྱང་འགྲེལ་བརྗོད་བྱེད་ཀྱི་ཡོད་ཀྱང་། མ་འོངས་པར་ལྟེ་གནས་དེའི་བྱེད་བབ་ལ་བརྟེན་ནས་བོད་ལ་ཉེན་ཁ་ག་རེ་ཡོང་ཉེན་ཡོད་དྲིས་པར་ཁོང་གིས། དེང་སང་རྒྱ་ནག་གཞུང་གིས་བོད་ནང་དུ་གསང་བའི་བརྙན་མིག་ (CCTV) དང་གསང་ཞིབ་མྱུལ་ལྟ་སོགས་ཤུགས་ཆེ་རུ་གཏོང་གི་ཡོད་པར་བརྟེན། གནས་ཚུལ་དེ་གང་མགྱོགས་ཀྱིས་ཉམས་ཞིབ་དང་དབྱེ་ཞིབ་བྱ་དགོས་ཀྱི་ཡོད་དུས། གྲངས་མཛོད་ལྟེ་གནས་ཁང་དེ་ས་གནས་དེ་ག་རང་ལ་དགོས་པ་དང་། མྱུར་པོ་ (high speed)། ཉེ་འགྲམ་དུ་དགོས་གལ་ཆེན་པོ་རེད། དེར་བརྟེན། ཉམས་ཞིབ་དང་དབྱེ་ཞིབ་མགྱོགས་པོ་བྱ་ཐུབ་ཚེ་དམ་དྲག་ཤུགས་ཆེ་རུ་འགྲོ་བའི་ཉེན་ཁ་དང་། དམ་དྲག་བྱེད་སླ་བ་ཡོང་གི་ཡོད་རེད་བསམ་གྱི་འདུག དེ་ཡང་གྲངས་མཛོད་ལྟེ་གནས་ཁང་དེའི་རྒྱུ་ཆ་རྣམས་བོད་ནང་དུ་དམ་དྲག་བྱ་རྒྱུའི་ཆེད་དུ་བེད་སྤྱོད་གཏང་རྒྱུ་ཡིན་པའི་རྣམ་པ་ཞིག་འདུག དེ་ཡང་ཕྱོགས་གཞན་ཞིག་ནས་རྒྱ་ནག་གཞུང་གིས་ཡིག་མཛོད་ལྟེ་གནས་ཁང་བཙུགས་པའི་རྒྱུ་མཚན་དེ་དཔལ་འབྱོར་དང་འབྲེལ་བ་ཆགས་ཀྱི་ཡོད་རེད། རྒྱུ་མཚན་ནི་ས་ཆ་གྲང་མོའི་ཁུལ་དུ་བཙུགས་ཐུབ་ནའང་། (server) གྲང་མོ་བཟོ་རྒྱུ་དེ་ཡིག་མཛོད་ལྟེ་གནས་ཁང་གི་འགྲོ་སོང་ཆེ་ཤོས་ཆགས་ཀྱི་ཡོད་རེད། དེར་བརྟེན་ས་ཆ་གྲང་སའི་ཁུལ་དུ་ཡིག་མཛོད་ལྟེ་གནས་ཁང་བཙུགས་པ་དེའི་འགྲོ་སོང་ཆུང་དུ་འགྲོ་ཡི་ཡོད་པ་རེད་ཅེས་གསུངས་བྱུང་།

ཁ་སང་ཕྱི་ཚེས་ ༡༨ ཉིན་གྲངས་མཛོད་ལྟེ་གནས་་(datacentre dynamics)ཞེས་པ་དེས་དེ་འབྲེལ་གནས་ཚུལ་སྤེལ་བའི་ནང་། གྲངས་མཛོད་ཆེན་མོའི་ལས་གཞི་དེ་ནི་རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གི་ཚོང་འབྲེལ་སྲིད་ཇུས་ཀྱི་ཆ་ཤས་ཤིག་ཡིན་པ་དང་། ལས་གཞི་དེས་ལྷོ་ཤར་ཨེ་ཤ་ཡ་ནས་ཡུ་རོབ་བར་གྱི་རྒྱལ་ཁབ་ ༧༠ ལྷག་ལ་མཉམ་ལས་ཆིངས་ཡིག་བཞག་ཡོད་པ་ཞིག་ཡིན་སྐོར་བརྗོད་འདུག་ལ། ཕྱི་ལོ་ ༢༠༢༠ ལོར་ལྷ་སའི་གྲངས་མཛོད་ལྟེ་གནས་ཀྱི་འཛུགས་སྐྲུན་རིམ་པ་དང་པོ་གྲུབ་སྐབས། གྲངས་མཛོད་ལྟེ་གནས་དེ་ནི་འཛམ་གླིང་ཐོག་གི་གྲངས་མཛོད་ལྟེ་གནས་མཐོ་ཤོས་དེ་ཡིན་ལ། མ་འོངས་པར་ཨེ་ཤ་ཡའི་ལྷོ་ཕྱོགས་རྒྱལ་ཁབ་བལ་ཡུལ་དང་བྷང་ལ་ཌེ་ཤི། པཱ་ཀི་སི་ཐན་སོགས་ལ་ཆ་འཕྲིན་ཞབས་ཞུའི་འབྲེལ་བ་མཐུད་རྒྱུ་ཡིན་སྐོར་བསྒྲགས་ཡོད་པ་རེད།

རྒྱ་ནག་གཞུང་ཕྱོགས་ཀྱི་གནས་ཚུལ་ལྟར་ན། བོད་ལྗོངས་གྲངས་མཛོད་ཆེན་མོའི་ལྟེ་གནས་དེ་ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཟེར་བའི་བཟོ་ལས་དང་ཆ་འཕྲིན་རིག་པའི་ལྟེ་གནས་དང་། རྒྱ་ནག་རྒྱལ་ཁབ་འཕེལ་རྒྱས་སྒྱུར་བཅོས་ལྷན་ཁང་། དེ་བཞིན་ལྷན་ཁང་གཞན་ཁག་ཅིག་མཉམ་འབྲེལ་གྱིས་བཙུགས་པའི་(Ningsuan Technology Group) ཟེར་བའི་ཚོགས་པ་ཞིག་གིས་སྟངས་འཛིན་དང་ལྟ་རྟོག་བྱེད་བཞིན་ཡོད་འདུག་ལ། ཕྱི་ལོ་ ༢༠༡༧ ལོར་ལས་མགོ་བཙུགས་ཡོད་པ་དང་། ཕྱི་ལོ་ ༢༠༢༦ ཙམ་ལ་འཛུགས་སྐྲུན་ཡོངས་སུ་འགྲུབ་འཆར་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༡ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༣ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༦ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese