མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ནང་མི་མང་དང་ཉེན་རྟོག་པའི་བར་གདོང་ཐུག་བྱུང་།

བོད་ཀྱི་དུས་བབ།
༢༠༢༢/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ནང་ཏོག་དབྱིབས་ནད་པའི་གྲངས་འབོར་ཇེ་མང་དུ་འགྲོ་ཡི་ཡོད་པ་དང་བསྟུན་རྒྱ་ནག་གཞུང་གིས་ཐེམ་སྤང་བཀག་རྒྱ་བསྡམས་པའི་གནས་སྟངས་འོག་མི་མང་ཡར་ལངས་བྱས་ཏེ་ངོ་རྒོལ་བྱེད་བཞིན་འདུག

དེ་རིང་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁེ་ཉིན་ཕྱི་ཚེས་ ༢༣ ཉིན་ནས་དེ་རིང་བར་རྒྱ་ནག་ཀྲང་ཀྲུའུ་ (Zhengzhou) གྲོང་ཁྱེར་དུ་ཡོད་པའི་འཛམ་གླིང་གི་ཀུ་ཤུ་རྟགས་ཅན་གྱི་ཁ་པར་བཟོ་སྐྲུན་ཁང་ཆེ་ཤོས་ཀྱི་ལས་མི་རྣམས་ཀྱིས་ཀུ་ཤུ་ཁ་པར་བཟོ་སྐྲུན་ཁང་དེས། ལས་མི་རྣམས་ཀྱི་གན་རྒྱ་སྣང་མེད་དུ་བཞག་པ་དང་ལས་མིར་ཐོབ་ཐང་མ་སྤྲད་པ། ལས་མི་གསར་བསྡུ་བྱ་རྒྱུ་ཡིན་པ་སོགས་ཀྱི་གནད་དོན་གླེང་སློང་བྱས་ཏེ་ངོ་རྒོལ་བྱེད་སྐབས། རྒྱ་ནག་ཉེན་རྟོག་པས་ཐེམ་སྤང་བཀག་རྒྱའི་གནས་སྟངས་ལ་གཞིགས་ནས་ཐེ་གཏོགས་བྱས་ཏེ།  མི་མང་དང་ཉེན་རྟོག་པའི་བར་གདོང་ཐུག་དྲག་པོ་བྱུང་ནས།  མི་རེ་གཉིས་ཤིག་ལ་རྨས་སྐྱོན་ཚབས་ཆེན་ཐེབས་པའི་བརྙན་རིས་སོགས་དྲ་ལམ་ཁག་ཏུ་མཐོང་རྒྱུ་འདུག དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ནས་བཟུང་རྒྱ་ནག་གཞུང་གིས་གྲོང་ཁྱེར་ཀྲང་ཀྲུའུ (Zhengzhou) ཡི་མི་གྲངས་ས་ཡ་ ༦ ལྷག་ཐེམ་སྤང་བཀག་རྒྱའི་འོག་ཏུ་བཅུག་ཡོད་འདུག

རྒྱ་ནག་གི་ཀུ་ཤུ་ཁ་པར་བཟོ་སྐྲུན་ཁང་དེས། ལས་མི་ཁག་ཅིག་གིས་གླ་ཕོགས་ཐད་ཐེ་ཚོམ་འདུག འོན་ཀྱང་། ང་ཚོས་གན་རྒྱ་གཞིར་བཟུང་གླ་ཕོགས་སྤྲོད་ངེས་ཡིན། མི་ཁག་ཅིག་གིས་ལས་མི་གསར་བསྡུ་དང་ལས་མི་གསར་པ་རྣམས་ཏོག་དབྱིབས་འགོས་ཡོད་པའི་ནད་པ་དང་ལྷན་དུ་སྡོད་ཁང་གཅིག་གི་ནང་སྡོད་བཅུག་གི་ཡོད་པ་སོགས་ཀྱི་དཀྲོག་གཏམ་སྤེལ་བཞིན་འདུག ང་ཚོས་ས་གནས་གཞུང་དང་མཉམ་འབྲེལ་གྱིས་ལས་མི་གསར་པ་རྣམས་སྡོད་ཁང་དུ་མ་འབྱོར་གོང་ནས་སྡོད་ཁང་གཙང་སེལ་བྱས་ཟིན་ཡོད། ཅེས་འགྲེལ་བརྗོད་བྱས་ཡོད་ཀྱང་། ཟླ་སྔོན་མའི་ཏོག་དབྱིབས་བཀག་རྒྱའི་སྐབས་ཀུ་ཤུ་ཁ་པར་བཟོ་སྐྲུན་ཁང་དེའི་ལས་མི་ཁག་ཅིག་མཐུན་རྐྱེན་དང་འགན་སྲུང་ཡག་པོ་མེད་སྐོར་བརྗོད་ནས་བཟོ་གྲྭའི་རྩིག་གྱང་ལས་བརྒལ་ཏེ་བྲོས་ཡོད་པའི་གནས་ཚུལ་སོགས་བྱུང་ཡོད།

ཡང་དེ་རིང་བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཉེ་ལམ་རྒྱ་ནག་རྒྱལ་ས་པེ་ཅིན་ཚུད་པའི་གྲོང་ཁྱེར་ཆེ་ཁག་ནང་ཏོག་དབྱིབས་རིམས་ནད་ཁྱབ་གདལ་ཤུགས་ཆེན་བྱུང་ཡོད་ཅིང་། ཁ་སང་རེས་གཟའ་ལྷག་པ་གཅིག་པུར་རྒྱ་ནག་རྒྱལ་ཡོངས་སུ་རིམས་ནད་འགོས་པའི་མི་གྲངས་ ༣༡༥༢༧ བྱུང་སྟེ། དེ་ནི་རྒྱ་ནག་ནང་ཏོག་དབྱིས་རིམས་ནད་འགོས་པའི་མི་གྲངས་ཆེས་མང་ཤོས་སུ་གྱུར་འདུག  ད་ལྟ་རྒྱ་ནག་གི་ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་འོག་ཏུ་མི་གྲངས་ཐེར་འབུམ་ ༡།༤ ལྷག་ཐེམ་སྤང་བཀག་རྒྱར་བཞག་ཡོད་འདུག་ལ། ཉེ་ལམ་པེ་ཅིན་དུའང་ཟླ་བ་༡ ཙམ་གྱི་རྗེས་སུ་རིམས་ནད་རྐྱེན་གྱིས་མི་ཞིག་འདས་གྲོངས་སུ་གྱུར་ཡོད་སྟབས། རྒྱལ་ས་པེ་ཅིན་ཁུལ་གྱི་རྫོང་ཁག་མང་པོ་ཞིག་ཏུ་རིམས་ནད་འགོག་སྲུང་ནན་མོ་བྱེད་ཀྱིན་ཡོད་འདུག

རྒྱ་ནག་གཞུང་གི་ཏོག་དབྱིབས་རིམས་ནད་གཙང་སེལ་གྱི་སྲིད་ཇུས་ཞེས་པའི་གཡོ་ཇུས་ཀྱི་འོག་ནས། ད་ལྟ་རྒྱ་ནག་ལྷོ་ཕྱོགས་ཁུལ་གྱི་ཀཱང་ཀྲོའུ་ ( Guangzhou) གྲོང་ཁྱེར་དུ་ས་གནས་གཞན་ནས་ཡོང་བའི་ལས་ཀ་བ་མི་གྲངས་ ༡༠༠ ལྷག་གི་འཚོ་གནས་ལ་དོ་ཕོག་ཆེན་པོ་བྱུང་ནས། རང་ཁྱིམ་དུ་ལོག་མ་ཐུབ་པར་སྲང་ལམ་དུ་ལུས་ཡོད་ཅིང་། དེ་དག་མང་ཆེ་བ་རྒྱ་ནག་ཧི་པེ་ ( Hubei) ཞིང་ཆེན་གྱི་ཏོག་དབྱིབས་རིམས་ནད་ཀྱི་ཟུར་བཀག་ཁང་ནས་ཕྱིར་མངགས་ཡོད་ཀྱང་།  རྒྱ་ནག་གཞུང་གི་ཏོག་དབྱིབས་རིམས་ནད་ལྟ་སྲུང་མི་སྣ་དག་གིས། ཁུལ་དེར་ད་དུང་རིམས་ནད་མཆེད་མུས་ཡིན་པའི་ས་གནས་གཅིག་ནས་གཞན་དུ་བགྲོད་པར་འགོག་སྲུང་བྱེད་ཀྱི་ཡོད་ཚུལ་བརྗོད་དེ། ལས་མི་དག་རང་རང་གི་གྲོང་གསེབ་ཏུ་མངག་མེད་པའི་ཁར། སྲང་ལམ་དུ་གནས་སྡོད་བྱེད་མཁན་རྣམས་ལའང་ཟས་གོས་གནས་མལ་སོགས་ཀྱི་རོགས་རམ་གང་ཡང་བྱེད་ཀྱི་མེད་པ་རེད།

རྒྱ་ནག་གཞུང་གིས་རིམས་ནད་འགོག་སྲུང་གཅིག་པུར་ཁ་གཡར་བ་ལས། མི་མང་གི་བདེ་སྡུག་ལ་སེམས་ངལ་གང་ཡང་བྱེད་ཀྱི་མེད་པ་ལྟར། ཉེ་ལམ་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་ཁང་གླ་སྟེར་མ་ཐུབ་ནས། སྲང་ལམ་དུ་ལུས་པའི་ལས་མི་མང་པོ་ཞིག་གིས། སྲང་ལམ་དང་། ཟམ་པའི་འོག་སོགས་སུ་འགྱིག་ཤོག་གི་གུར་ཕུབ་ནས་འཚོ་ཐབས་བྱེད་ཀྱི་ཡོད་འདུག་ལ། ཉེ་ལམ་རྒྱ་ནག་གི་ཀཱང་ཀྲོའུ་ ( Guangzhou) གྲོང་ཁྱེར་དུ་ཆར་པ་ཤུགས་ཆེན་བབས་ཏེ། སྲང་ལམ་དུ་ལུས་པའི་ལས་མི་རྣམས་ལ་དཀའ་ངལ་འཕྲད་མུས་ཡིན་པས། ཁུལ་དེར་གནས་སྡོད་རྒྱ་ནག་ཕྱུག་བདག་ཁག་ཅིག་གིས་སྲང་ལམ་དུ་ལུས་པའི་མི་རྣམས་མཉམ་གཅིག་ཏུ་བསྡུས་ནས། ཟས་གོས་དང་ཁ་རས་སོགས་ཀྱི་རོགས་འདེགས་བྱས་ཡོད་ཀྱང་། རྒྱ་ནག་གཞུང་ཕྱོགས་ཀྱི་མི་སྣས་སྲང་ལམ་དུ་ལུས་པའི་མི་མང་མཉམ་དུ་བསྡུས་ན། རིམས་ནད་ཁྱབ་གདལ་ཆེ་ཉེན་བསྙད་ནས། ཕྱུག་བདག་དང་ཟ་ཁང་བདག་པོ་སོགས་ཀྱིས་ཁོང་ཚོར་རོགས་འདེགས་བྱ་རྒྱུ་མཚམས་འཇོག་བྱ་དགོས་པའི་ཉེན་བརྡའང་བཏང་ཡོད་འདུག

རྒྱ་ནག་གཞུང་གིས་རྒྱ་ནག་གི་གྲོང་ཁྱེར་ཆེ་ཁག་ཏུ་བཀག་རྒྱ་ཡུན་རིང་བསྡམས་ཡོད་སྟབས། རྒྱ་ནང་གི་མི་མང་གི་ལུས་སེམས་གཉིས་སུ་དཀའ་ངལ་ཆེན་པོ་འཕྲད་དེ།  ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་རྒྱ་ནག་ཀོང་ཏུང་(Guangdong) ཞིང་ཆེན་གྱི་ཀཱང་ཀྲོའུ་ ( Guangzhou) གྲོང་ཁྱེར་དུ་རྒྱ་ནག་གཞུང་གིས་ལས་མེད་དུ་གྱུར་བའི་མི་མང་རྣམས་རང་རང་གི་གྲོང་གསེབ་ཏུ་མངག་གཏོང་དང་ཏོག་དབྱིབས་ཀྱི་བཀག་རྒྱ་དཀྲོལ་དགོས་པའི་ངོ་རྒོལ་བྱས་ཡོད་པ་མ་ཟད། ས་གནས་གཞུང་གིས་ཆེད་འཛུགས་བྱས་པའི་ལྕགས་ར་སོགས་གཏོར་སྐྱོན་བཏང་བའི་གནས་ཚུལ་བྱུང་ཡོད།

རྒྱལ་སྤྱིའི་ཏོག་དབྱིབས་ཞིབ་བཤེར་བྱེད་ས་(World Meter) ལྟར་ན། འདས་པའི་ཆུ་ཚོད་ ༢༤ རིང་རྒྱ་ནག་རྒྱལ་ཡོངས་སུ་ཏོག་དབྱིབས་རིམས་ནད་འགོས་པའི་མི་གྲངས ༤༠༡༠ དང་མི་གྲངས་ ༡ ལས་འདས་གྲོངས་སུ་འགྱུར་མེད་ཀྱང་། རྒྱ་ནག་གཞུང་གིས་ད་ལྟའང་ཏོག་དབྱིས་གཙང་སེལ་གྱི་སྲིད་ཇུས་ལག་བསྟར་བྱས་ཏེ། མི་མང་གི་འཚོ་གནས་ལ་དོ་ཕོག་ཆེན་པོ་བཟོས་ཡོད་པ་མ་ཟད། རྒྱ་ནག་གཞུང་གི་དཔལ་འབྱོར་ལའང་གྱོང་གུད་ཚབས་ཆེན་ཐེབས་མུས་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

University students wearing graduation gowns take part in a photo-shooting session on the Potala Palace Square during a government-organised media tour to Lhasa, Tibet Autonomous Region, China June 1, 2021. Picture taken June 1, 2021. REUTERS/Martin Pollard/File Photo
Mobile App

འདས་ལོར་བོད་པའི་སློབ་མ་ཁྲི་གཅིག་ལྷག་རྒྱ་ནག་ཏུ་སློབ་སྦྱོང་བྱེད་པར་བཏང་འདུག

སྐར་མ ༣༦ སྔོན་ལ།
སྤྱི་ཚོགས་རིག་པའི་འབུམ་རམས་པ་ལྡོང་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་གི་ད་ལྟའི་གནས་སྟངས་དབྱེ་ཞིབ་ལས་མཐོང་བའི་བོད་ཀྱི་གོ་སྐབས་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༦།༡།༡༥
Mobile App

བཙན་བྱོལ་སྤྱི་ཚོགས་ལ་རྒྱ་ནག་འཐོར་ཞིག་ཏུ་འགྲོ་བར་གྲ་སྒྲིག་དགོས།

༢༠༢༦/༠༡/༡༦
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལྡི་ལི་བོད་ཁང་གི་ལམ་རིང་ལྷག་མཐོང་ཆེན་མོའི་ཟབ་སྦྱོང་འཛིན་གྲྭར་ཕེབས་པའི་རྒྱལ་ཁབ་ ༢༦ གི་སློབ་གཉེར་བ་མི་གྲངས་༢༣༧ གཙོས་དད་ལྡན་བཞི་བརྒྱ་ལྷག་ལ་མཇལ་ཁ་སྩལ། ༢༠༢༦།༡།༡༦ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཞོགས་པ་ཡར་ལངས་པ་དང་སེམས་ཅན་ཚང་མར་ཕན་ཐོགས་བྱེད་ཐུབ་པ་ཞིག་བྱུང་ན་བསམས་ཚེ་སེམས་ཀྱི་ཞི་བདེ་སླེབས་ཡོང་གི་འདུག་ཅེས་གསུངས།

༢༠༢༦/༠༡/༡༦
ཕྱི་ལོ་ ༢༠༢༦ ཟླ་ ༡ ཚེས་ ༡༣ ཉིན་ཨི་རན་གྱི་མི་མང་འདུ་འཛོམས་ཆེ་བའི་ངོ་རྒོལ། དྲ་ལམ་གྱི་པར།
Mobile App

རྒྱལ་སྤྱིའི་ཚོགས་སྡེ་སུམ་ཅུ་ལྷག་གིས་ཨི་རན་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་འཇོག་དགོས་པའི་བསྒྲགས་གཏམ་སྤེལ། 

༢༠༢༦/༠༡/༡༦
༧གོང་ས་མཆོག་གི་བཀའ་དགོངས་བཞིན་རྒྱ་གར་ནང་ཕེབས་ཏེ་པད་ནོར་རིན་པོ་ཆེ་མཆོག་དང་ལྷན་དུ་མགོན་པོ་གང་ཉིད་ལ་མཇལ་བ། ༡༩༩༠ དྲ་ལམ་གྱི་སྐུ་པར།
Mobile App

མཁན་ཆེན་འཇིགས་མེད་ཕུན་ཚོགས་འབྱུང་གནས་མཆོག་གི་འདས་མཆོད་སྨོན་ལམ་ཆེན་མོ་སྐབས་ ༢༢ པ་དེ་འཚོགས། 

༢༠༢༦/༠༡/༡༦
མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་ནང་ཆོས་དང་དགོན་པ་འཕེལ་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས། photo:breaknlinks.com/
Mobile App

མཁན་པོ་ཉི་མ་ཀུན་ཁྱབ་མཆོག་བལ་གཞུང་གི་ནང་ཆོས་དར་སྤེལ་དང་དགོན་པ་ཡར་རྒྱས་ལྷན་ཚོགས་ཀྱི་ཚོགས་གཙོར་བསྐོས།

༢༠༢༦/༠༡/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese