མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡོ་ཁུ་རེན་གྱི་སྲིད་འཛིན་དང་མི་མང་ལ་ཕྱི་ལོ་ ༢༠༢༢ ལོའི་ཆེས་ཤུགས་རྐྱེན་ཆེ་བའི་མཚན་སྙན་ཐོབ།

བོད་ཀྱི་དུས་བབ།
༢༠༢༢/༡༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

ཡོ་ཁུ་རེན་གྱི་སྲིད་འཛིན་རྫི་ལན་སི་ཀེ་ལགས་དང་མི་མང་ནས་ཨུ་རུ་སུའི་བཙན་འཛུལ་ལ་གདོང་ལེན་བྱས་པ་དང་འཛམ་གླིང་མི་མང་གི་ཡིད་སེམས་བཀུག་པ་སོགས་ཀྱི་ངོས་འཛིན་འོག ཕྱི་ལོ་ ༢༠༢༢ ལོའི་འཛམ་གླིང་གི་ཆེས་ཤུགས་རྐྱེན་ཆེ་བའི་མི་སྣའི་མཚན་སྙན་ཐོབ།

རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ཁ་སང་ཨ་རིའི་དུས་བབ་དུས་དེབ་ (Times Magazine) ཀྱིས། ཕྱི་ལོ་ ༢༠༢༢ ལོའི་དུས་དེབ་དེའི་འཛམ་གླིང་ནང་ཆེས་ཤུགས་རྐྱེན་ཆེ་བའི་མི་སྣ་འདེམས་སྒྲིག་གི་འོས་མིའི་ནང་། དཀྱིལ་ཤར་ཡུལ་གྲུའི་རྒྱལ་ཁབ་ཨེ་རན་གྱི་བུད་མེད་གྱེན་ལངས་ཆེན་མོ་དང་ཨ་རིའི་ཆེས་མཐོའི་ཁྲིམས་ཁང་སོགས་ཚུད་ཡོད་ཀྱང་། དུས་བབ་དུས་དེབ་ཀྱི་ཕྱི་ལོ་ ༢༠༢༢ ལོའི་ཆེས་ཤུགས་རྐྱེན་ཆེ་བའི་མི་སྣའི་མཚན་སྙན་དེ་ཡོ་ཁུ་རེན་གྱི་སྲིད་འཛིན་རྫི་ལན་སི་ཀེ་དང་མི་མང་གི་སྙིང་སྟོབས་ལ་ཐོབ་པ་ཡོངས་བསྒྲགས་བྱས་འདུག

ཨ་རིའི་དུས་བབ་དུས་དེབ་ཀྱི་དྲ་རྒྱའི་སྟེང་། སྲིད་འཛིན་རྫི་ལན་སི་ཀེ་ཡིས་ནུས་ཤུགས་ཡོད་རྒུ་བཏོན་ནས་འཛམ་གླིང་མི་མང་གི་ལུས་སེམས་གཉིས་ཡོ་ཁུ་རེན་གྱི་ཐོག་ཕྱོགས་སུ་བཅུག་ཡོད། དེ་ནི་ཁོས་དོ་སྣང་ཞེས་པ་ནི་གོ་ལ་འདིའི་ཆེས་རིན་ཐང་བྲལ་བའི་དཔལ་འབྱོར་དང་ཡོད་ཚད་ཀྱི་ཡོད་ཚད་ཡིན་པ་ཤེས་པས་རེད་ལ། ཁོས་གོ་ལའི་ཁྲོམ་རྭར་དབང་བསྒྱུར་བ་རེད། ཁོས་གཏམ་བཤད་སྤེལ་སྐབས་མཚམས་མཚམས་སུ་དོན་དག་མེད་ཅིང་ལན་རེར་ཟུར་ཟ་སོགས་བརྗོད་ཀྱང་། ག་དུས་ཡིན་ཡང་ཐད་ཀར་དོན་དངོས་བརྗོད་ཀྱི་ཡོད། དཔེར་ན། ང་ཚོས་ཡོ་ཁུ་རེན་སྐྱོབ་པ་ནི་དམངས་གཙོ་བསྐྱབས་པ་ཡིན། ཞེས་པ་ལྟ་བུ་རེད། ཅེས་དང་། སྲིད་འཛིན་རྫི་ལན་སི་ཀེ་ཡིས། སྙིང་སྟོབས་དང་འཇིགས་སྐྲག་ཁྲོད་མི་མང་གི་ཚོར་བ་དཀྲིགས་པ་དང་རྒྱལ་ཁབ་ཁག་མཉམ་དུ་བསྡུས་ནས་རང་དབང་སྲུང་སྐྱོབ་བྱས་པ་དང་ལྷན་དུ། འཛམ་གླིང་ལ་དམངས་གཙོ་དང་ཞི་བདེ་ནི་ཇི་འདྲའི་སྒུལ་སླ་བ་ཞིག་ཡིན་པའི་དྲན་གསོ་ཡང་བཏང་ཡོད་པས། སྲིད་འཛིན་རྫི་ལན་སི་ཀེ་དང་ཡོ་ཁུ་རེན་གྱི་མི་མང་ལ་ཕྱི་ལོ་ ༢༠༢༢ ལོའི་འཛམ་གླིང་གི་ཆེས་ཤུགས་རྐྱེན་ཆེ་བའི་མི་སྣའི་མཚན་སྙན་ཐོབ་པ་ཡིན་སྐོར་སོགས་བརྗོད་འདུག

དུས་བབ་དུས་དེབ་ཀྱིས། འདི་ལོའི་འདེམས་ཀ་དེ་ནི་ཧ་ཅང་གསལ་བ་ཞིག་ཡིན། ཡོ་ཁུ་རེན་གྱི་དམག་འཁྲུག་ཁྲོད་རེ་བ་དང་འཇིགས་སྣང་གང་གིས་ཁེངས་ནའང་། སྲིད་འཛིན་རྫི་ལན་སུ་ཀེ་འདས་པའི་ལོ་བཅུ་ཕྲག་འགའི་རིང་ང་ཚོས་མཐོང་མ་མྱོང་ཞིང་དཔའ་ངར་ལྡན་པའི་ལམ་དུ་བསྐྱོད་ཡོད། ཕྱི་ལོ་ ༢༠༢༡ ཟླ་ ༢ ཚེས་ ༢༤ ཉིན་ཨུ་རུ་སུས་ཡོ་ཁུ་རེན་ཐོག་མེ་སྒྱོགས་འཕེན་མགོ་བརྩམས་པ་དང་རྫི་ལན་སི་ཀེ་བྲོས་བྱོལ་དུ་མི་འགྲོ་བར། ཕྱི་ཚེས་ ༢༥ ཉིན་ཁོང་གིས་སྣེ་འཁྲིད་པའི་གཞུང་དང་མི་མང་དགྲའི་ཁ་གཏད་དུ་ལངས་ཡོད་པ་ནས་རྒྱལ་སྤྱིའི་སྲིད་གཞུང་ཁག་གི་གྲོས་ཚོགས་དང་འཛམ་གླིང་དངུལ་ཁང་། ཨ་རིའི་རོལ་དབྱངས་སྒྱུ་རྩལ་གཟེངས་རྟགས་ (Grammy Award) ཀྱི་མཛད་སྒོ་སོགས་གང་སར་ཁོང་མཐོང་རྒྱུ་ཡོད། ཕྱོགས་འགལ་གྱི་འགྲེལ་བརྗོད་བྱེད་བཞིན་པའི་འཛམ་གླིང་འདི་ཡོ་ཁུ་རེན་གྱི་གནད་དོན་ཐོག་ཕྱོགས་གཅིག་ཏུ་སྤུངས་ཡོད་ལ། དབང་ཆ་གཅིག་སྡུད་རིང་ལུགས་ཀྱི་རྒྱལ་ཁབ་བྱང་ཀོ་རི་ཡ་དང་སི་རེ་ཡ། ཨེར་ཊུ་རེ་ཡ་དང་བྷེ་ལ་རོ་སི་བཅས་ཕུད་པའི་རྒྱལ་ཚོགས་ཀྱི་འཐུས་མི་རྒྱལ་ཁབ་ ༡༤༡ གིས་ཨུ་རུ་སུའི་བཙན་འཛུལ་ལ་ངོ་རྒོལ་དང་སྐྱོན་བརྗོད་བྱས་ཡོད་པ་མ་ཟད། རྒྱལ་སྤྱིའི་བཟོ་གྲ་ཆེ་གྲས་ཁག་ཨུ་རུ་སུ་ནས་ཕྱིར་འཐེན་གྱིས་ཌོ་ལར་ཐེར་འབུམ་མང་པོ་བློས་གཏོང་དང་འབྲེལ། ཡོ་ཁུ་རེན་ལ་དཔལ་འབྱོར་དང་དངོས་ཆས། མི་ཆ། དམག་ཤུགས་སོགས་ཀྱི་ཐོག་ནས་རོགས་འདེགས་བྱས་ཡོད། ཅེས་བརྗོད་འདུག

ཡང་ཡོ་ཁུ་རེན་གྱི་མི་མང་གི་སྐོར་ནས། ཡོ་ཁུ་རེན་གྱི་མི་མང་གི་སྙིང་སྟོབས་ནི་ཕྱི་དང་ནང་གཉིས་ཀྱི་མི་སྒེར་བ་མང་པོས་བསྐྲུན་པ་ཞིག་ཡིན། མི་མང་པོ་ཞིག་གིས་གཡུལ་སའི་རྒྱབ་ནས་འཐབ་འཛིང་བྱས་ཡོད་པ་སྟེ། ཡོ་ཁུ་རེན་གྱི་ཆེས་གྲགས་ཆེ་བའི་མ་བྱན་ཆེན་མོ་ (Ievgen Klopotenko) ཡིས་རྒྱལ་ས་(Lviv) ནང་མི་མང་སྟོང་ཕྲག་མང་པོར་རིན་མེད་ཟས་སྦྱིན་བཏང་ཡོད། སྐབས་དེར་ཁོས། གལ་སྲིད་ཁྱེད་ལ་(borsch) སྐྱུར་ཐང་འཐུང་བའི་གོ་སྐབས་རག་གི་ཡོད་ཚེ། དེ་ནི་ཁྱེད་རང་གསོན་པོ་ཡིན་པའི་རྟགས་རེད། ཅེས་བརྗོད་ཡོད་པ་དང་། ཡང་སི་པེན་གྱི་མ་བྱན་ཆེན་མོ་ (Jose Andres) ཡིས་རང་ཉིད་ཀྱི་འཛམ་གླིང་དབུས་ཐབ་ཚང་ཞེས་པ་བརྒྱུད་མི་མང་ས་ཡ་ ༡༨༠ ལྷག་ལ་རིན་མེད་ཟས་སྦྱིན་བཏང་ཡོད།  སྨན་པ་ཌའེ་ཝི་ཌི་(Dr. David Nott) ཐེངས་མང་རིང་ཡོ་ཁུ་རེན་དུ་བསྐྱོད་དེ་དམག་འཁྲུག་ཁྲོད་རྨས་སྐྱོན་ཕོག་པའི་ནད་པ་རྣམས་བཅོས་པ་དང་། ཡོ་ཁུ་རེན་གྱི་དམག་གི་སྨན་པ་ཡོ་ལེ་ཡ་ (Yulia Paievska) ཡིས་ཉིན་དང་མཚན་བསྟུན་ནས་དམག་འཁྲུག་ཁྲོད་རྨས་སྐྱོན་ཕོག་པའི་མི་སེར་དང་དམག་མི་མང་པོར་སྨན་བཅོས་བྱས་མཐར། ཨུ་རུ་སུའི་དམག་གིས་བཟུང་སྟེ་ཟླ་གསུམ་གྱི་རྗེས་ཀློད་གྲོལ་ཐོབ། གསར་འགོད་པ་མང་པོ་ཞིག་གིས་རང་ཉིད་ཀྱི་ཚེ་སྲོག་ལ་མ་འཛེམས་པར་གཡུལ་སར་བསྐྱོད་དེ་ཡོ་ཁུ་རེན་གྱི་གནས་སྟངས་ངོ་མ་འཛམ་གླིང་མི་མང་ལ་གསལ་བཤད་བྱས་ཡོད། ཅེས་བརྗོད་འདུག

གཞན་ཡང་། དུས་བབ་དུས་དེབ་ཀྱི་གཟེངས་རྟགས་ཁྲོད། ཨི་རན་གྱི་བུད་མེད་གསར་བརྗེ་གྱེན་ལངས་ཆེན་མོར་ཕྱི་ལོ་ ༢༠༢༢ དཔའ་སྟོབས་ཀྱི་མཚན་སྙན་ཐོབ་ཡོད་པ་དང་། ལྷོ་ཀོ་རི་ཡའི་མཉམ་འབྲེལ་སྒྱུ་རྩལ་རུ་ཁག་  (Blackpink) ལ་ཕྱི་ལོ་ ༢༠༢༢ ལོའི་རོལ་གར་སྤྲོ་ཚོགས་ཀྱི་གཟེངས་རྟགས་དང་། ཨ་རིའི་ཨར་ལས་འཆར་འགོད་པ་སྐུ་ཞབས་རོ་བྷིན་སན་ (Gragory Robinson) ལགས་སུ་འདི་ལོའི་གསར་བཏོད་པའི་མཚན་སྙན། མ་ལི་ཞི་ཡའི་གློག་བརྙན་འཁྲབ་མཁན་གྲགས་ཅན་མཱ་ཁཱེལ་ལེ་ཡུའོ་ (Michelle Yeoh) ལགས་སུ་ཕྱི་ལོ་ ༢༠༢༢ ལོའི་ཚབ་མཚོན་མི་སྣའི་གཟེངས་རྟགས། དེ་བཞིན་ཨ་རིའི་བྱུག་འཕེན་སྤོ་ལོ་རྩེད་མཁན་ཨཱ་རོན་ (Aaron Judge) ལགས་སུ་ཕྱི་ལོ་ ༢༠༢༢ ལོའི་ཆེས་ཕུལ་བྱུང་གི་ལུས་རྩལ་བའི་མཚན་སྙན་བཅས་ཐོབ་ཡོད་པ་བསྒྲགས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༠ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༡ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༤ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese