མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་རིགས་རྫས་བསྡུ་རུབ་ཀྱི་ལས་གཞི་འཕྲལ་དུ་མཚམས་འཇོག་དགོས་པའི་འབོད་སྐུལ་གནང་།

བོད་ཀྱི་དུས་བབ།
༢༠༢༢/༡༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པས་རྒྱལ་ཁབ་བཅོ་ལྔ་ལྷག་གི་ཕྱི་སྲིད་བློན་ཆེན་ལ་རེ་སྐུལ་སྙན་ཞུ་ཕུལ་ཏེ་བོད་མིའི་རིགས་རྫས་བསྡུ་རུབ་ཀྱི་ལས་གཞི་མཚམས་འཇོག་དགོས་པའི་རེ་སྐུལ་གནང་འདུག

བོད་མཚོ་སྔོན་ཞིང་ཆེན་སྐྱེ་རྒུ་རུ་བོད་མིའི་རིགས་རྫས་བསྡུ་རུབ་བྱེད་བཞིན་པ།

ཉེ་ལམ་རྒྱ་ནག་གཞུང་གིས་བཙན་དབང་གི་ཐོག་ནས་བོད་རང་སྐྱོང་ལྗོངས་ཟེར་བ་དང་མཚོ་སྔོན་ཞིང་ཆེན་སོགས་ནས་བྱིས་པ་ལོ་ ༦ ནས་བཟུང་ཚང་མར་རིགས་རྫས་བསྡུ་རུབ་བྱེད་བཞིན་ཡོད་པ་ལྟར།  ཟླ་འདིའི་ཕྱི་ཚེས ༡༦ ཉིན་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་པ་ (Inter-Parliamentary Alliance on China) ཡིས་རྒྱལ་ཁབ་བཅོ་ལྔ་ལྷག་གི་ཕྱི་སྲིད་བློན་ཆེན་རྣམ་པར་རེ་སྐུལ་སྙན་ཞུ་ཕུལ་ཏེ། རྒྱ་ནག་གཞུང་གིས་ཁྲིམས་མཐུན་མིན་པའི་ཐོག་ནས་བོད་མི་དང་ཡུ་གུར་མི་མང་གི་རིགས་རྫས་བསྡུ་རུབ་བྱེད་བཞིན་པ་མཚམས་འཇོག་དགོས་པའི་རེ་སྐུལ་གནང་འདུག

རེ་སྐུལ་སྙན་ཞུ་དེ་ཨོ་གླིང་ཕྱི་སྲིད་བློན་ཆེན་དང་གྲོས་ཚོགས་གོང་མའི་འཐུས་མི་ཕེན་ཝའེ་ཝོང་(Penny Wong)མཆོག་དང་། བྷེལ་ཇམ་ཕྱི་སྲིད་བློན་ཆེན་ཧེན་ཇ་ལབ་བྷིན་(Hadja Lahbib)མཆོག ཡུ་རོབ་ཕྱི་སྲིད་དང་བདེ་འཇགས་སྲིད་ཇུས་ཚན་པའི་འཐུས་མི་ཇོ་སི་ཧྥི་བྷོར་རིལ(Joseph Borrell)མཆོག  ཁེ་ན་ཊ་དང་། སུད་སི། སུ་ཝེ་ཌིན་སོགས་ཕྱི་སྲིད་བློན་ཆེན་རྣམས་ཀྱི་མཚན་ཐོག་ཏུ་ཕུལ་ཏེ། རྒྱལ་ཁབ་དེ་དག་གིས་རྒྱ་ནག་གཞུང་གིས་བོད་དང་ཡུ་གུར་སོགས་ཀྱི་ནང་རིགས་རྫས་བསྡུ་རུབ་བྱེད་མུས་ཡིན་པའི་ལས་གཞི་མྱུར་ཏུ་མཚམས་འཇོག་བྱ་བཅུག་དགོས་སྐོར་དང་།  ཨ་རིའི་འཕྲུལ་རིགས་ཚན་རྩལ་བཟོ་ཚོང་ཁང་ (Thermo Fisher Scientific) གིས་རིགས་རྫས་བསྡུ་རུབ་ཀྱི་མཁོ་ཆས་ཚོང་འབྲེལ་བྱས་ཏེ། ད་བར་དུ་ཉུང་མཐར་ཨ་སྒོར་༡༦༠། ༠༠༠༠ ལྷག་གི་ཡོང་བབ་བསགས་ཡོད་སྐོར་སོགས་བཀོད་འདུག

ཡང་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མི་མཉམ་འབྲེལ་ཚོགས་པའི་ཁོངས་མི་ ༡༥ ལྷག་གིས་མཚན་རྟགས་བཀོད་པའི་རེ་སྐུལ་སྙན་ཞུ་དེའི་ནང་། རྒྱ་ནག་གཞུང་གིས་བྱིས་པ་ཚུད་པའི་མི་སྒེར་གྱི་ཁེ་ཕན་འཕྲོག་པ་དང་། བོད་མི་དང་ཤར་ཏུར་ཀི་སི་ཐན་གཙོས་གྲངས་ཉུང་མི་རིགས་རྣམས་ལ་བྱ་ར་དང་ཉུལ་ཞིབ་སོགས་བྱས་དང་བྱེད་བཞིན་པ་དང་། གྲངས་ཉུང་མི་རིགས་རྣམས་ཀྱི་རིགས་རྫས་བརྟག་དཔྱད་བྱས་པར་བློ་ཕམ་ཆེན་པོ་ཡོད་པ་དང་། རྒྱལ་སྤྱིའི་སྤྱི་སྒེར་གྱི་ཚོགས་སྡེ་ཚོས་ཨ་རིའི་འཕྲུལ་རིགས་ཚན་རྩལ་བཟོ་ཚོང་ཁང་དང་རྒྱ་ནག་གི་ ( BGI Group)གཉིས་ཀྱིས་མུ་མཐུད་དུ་རིགས་རྫས་བསྡུ་རུབ་ཆེད་ཡོ་ཆས་ཉོ་ཚོང་བྱས་ཚེ། ཚོགས་སྡེ་དེ་གཉིས་ཀྱི་ཚོང་ལམ་བཀག་སྡོམ་དང་ཉེས་ཆད་སོགས་གཅད་དགོས་པའི་རེ་སྐུལ་ཡང་གནང་འདུག

དེ་བཞིན་ཟླ་འདིའི་ཕྱི་ཚེས ༡༤ ཉིན་ཁེ་ན་ཌའི་ཊོ་རོན་ཊོ་གཙུག་ལག་སློབ་གཉེར་ཁང་གི་སི་ཊི་ཛིན་བརྟག་དཔྱད་ཁང་(Citizen Lab)  གི་ཉམས་ཞིབ་ཚན་པས་སྙན་ཐོ་ཞིག་བཏོན་པའི་ནང་། རྒྱ་གཞུང་ཉེན་རྟོག་པས་ཕྱི་ལོ་ ༢༠༡༩ ཟླ་ ༧ བར་བོད་མཚོ་ཤར་དང་མཚོ་བྱང་། སྐྱེ་རྒྱུ་མདོ་སོགས་ནས་བོད་མི་ས་ཡ་གཅིག་དང་ཕྱེད་ཀ་ཙམ་གྱི་མིག་འབྲས་རིགས་རྫས་བསྡུ་ལེན་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་ཟེར་བའི་ནང་གི་མི་གྲངས་ས་ཡ་༥།༩ ཡི་མིག་འབྲས་བརྟག་དཔྱད་བྱས་ཡོད་པ་དང་། དེས་མཚོ་སྔོན་ཞིང་ཆེན་གྱི་མི་འབོར་གྱི་བརྒྱ་ཆའི་ ༢༦ ཙམ་ཟིན་ཡོད་སྟབས། དེ་ནི་རྒྱ་ནག་གཞུང་གིས་མཚོ་སྔོན་ཞིང་ཆེན་ནང་རིགས་རྫས་བརྟག་དཔྱད་བྱས་པའི་གྲངས་འབོར་མང་ཤོས་དེ་ཆགས་ཡོད་སྐོར་བསྒྲགས་ཡོད་པ་རེད།

གཞན་ཡང་། ཕྱི་ལོ ༢༠༡༦ ཙམ་ནས་རྒྱ་ནག་གཞུང་གིས་བོད་ཆབ་མདོ་གྲོང་ཁྱེར་དུ་རིགས་རྫས་བརྟག་དཔྱད་ཀྱི་ལས་གཞི་ལག་བསྟར་བྱས་ཏེ། ས་གནས་བོད་མིའི་མཛུབ་རྗེས་དང་། ཁྲག་རིགས་བསྡུ་ལེན་བྱས་ཡོད་པ་མ་ཟད།  བོད་མི་དང་ཡུ་གུར་གཙོས་རྒྱ་ནག་གིས་བཙན་བཟུང་བྱས་པའི་གྲངས་ཉུང་མི་རིགས་རྣམས་ཀྱི་རིགས་རྫས་ཆོག་མཆན་མེད་པར་བེད་སྤྱོད་བཏང་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་། བོད་ཀྱི་དུས་བབ་ཀྱིས་པར་སྒྲིག་སྦྱོར་བྱས།
Mobile App

ཨ་རིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་།

སྐར་མ ༢༩ སྔོན་ལ།
Satellite data reveals long-term groundwater decline in Himalaya and Tibet region
Mobile App

ཨེ་ཤ་ཡའི་ཁུལ་གྱི་ས་འོག་གི་ཆུ་བརྒྱ་ཆ་ ༧༠ ལྷག་ཇེ་ཉུང་དུ་འགྲོ་བཞིན་འདུག

ཆུ་ཚོད་ ༢༢ སྔོན་ལ།
UN Report Warns China Is Erasing Tibetan Civilisation Photo:CTA
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་རིག་ཤུལ་མེད་བཟོ་ཐབས་བྱེད་མུས་ཡིན་པ་དང་འབྲེལ་བའི་སྙན་ཐོ་བཏོན།

ཆུ་ཚོད་ ༢༢ སྔོན་ལ།
ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

༢༠༢༦/༠༢/༠༤
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

༢༠༢༦/༠༢/༠༤
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese