མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནས་མཆོག་རྡོ་རྗེ་གདན་ནས་ནད་ཡམས་འཕྲལ་དུ་སེལ་བའི་ཐུགས་སྨོན་མཛད།

བོད་ཀྱི་དུས་བབ།
༢༠༢༢/༡༢/༣༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་ཉིན་གཉིས་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ར་སྟོད་སྐྱོང་བླ་རིན་པོ་ཆེ་དགོངས་པ་མ་རྫོགས་གོང་ལ་ལྗགས་རྩོམ་མཛད་པའི་༧གོང་ས་༧སྐྱབས་མགོན་ཆེན་པོའི་གསང་བའི་རྣམ་ཐར་གྱི་ཕྱག་དེབ་༧རྒྱལ་བའི་མཛད་རྣམ་དད་གསུམ་པདྨོ་འཛུམ་པའི་ཉིན་བྱེད་ཞེས་པ་དབུ་འབྱེད་གནང་སོང་།

གནས་མཆོག་རྡོ་རྗེ་གདན་དུ་བྱང་ཆུབ་སེམས་འགྲེལ་གྱི་བཀའ་ཆོས་ཉིན་གཉིས་པ། ༢༠༢༢།༡༢།༣༠ པར་དུས་བབ།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས།  དེ་རིང་གི་མར་མེའི་རྒྱུན་འདི་ཧི་རོ་ཤི་མ་ Hiroshima རྡུལ་ཕྲན་གྱི་མཚོན་ཆ་བེད་སྤྱོད་བྱ་ས་དེ་རེད། ངོས་རང་ཧི་རོ་ཤི་མ་ (Hiroshima) ལ་བསླེབས་ཡོད་པ་དང་། སྐབས་དེ་དུས་རྡུལ་ཕྲན་མཚོན་ཆའི་འོག་མི་མང་པོ་ཤི་བ་རེད། ངོས་རང་གིས་དེ་དག་དྲན་པ་དང་ལོ་རྒྱུས་ཏོག་ཙམ་ཤེས་ཀྱི་ཡོད་པ་རེད། སེམས་ཧ་ཅང་སྐྱོ་བྱུང་ལ། འཛམ་བུ་གླིང་འདི་རྡུལ་ཕྲན་གྱི་མཚོན་ཆ་མེད་པ་ཞིག་འབྱུང་ན་ཅི་མ་རུང་བསམ་པའི་སྨོན་ལམ་བརྒྱབ་པ་ཡིན། དུས་ད་བར་དམག་འཁྲུག་མུ་མཐུད་དུ་འགྲོ་ཡི་ཡོད་པ་དང་མི་གསོད་ཁྲག་སྦྱོར་མུ་མཐུད་ནས་བྱེད་ཀྱི་ཡོད་པ་རེད། ཡིན་ནའང་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱས་ནས་དམག་འཁྲུག་མཚམས་ཆད་རྒྱུ་ཞིག་བྱུང་མེད་པ་དང་ཕལ་ཆེར་ཡོང་གི་མ་རེད། འཛམ་གླིང་གང་ས་ནས་རྡུལ་ཕྲན་མཚོན་ཆ་ལ་ངོ་རྒོལ་བྱ་རྒྱུ་དེ་ཤུགས་ཇེ་ཆེར་འགྲོ་བཞིན་ཡོོད་པ་དང་། དངོས་ཡོད་གནས་ཚུལ་ལ་བསམ་བློ་འཁོར་མཁན་ཚོས་རྡུལ་ཕྲན་མཚོན་ཆ་བེད་སྤྱོད་བྱེད་ཚེ། སྲོག་ཆགས་མང་པོར་སྡུག་བསྔལ་མྱོང་གི་ཡོད་པ་གསལ་པོ་ཞེ་དྲགས་རེད། དེར་བརྟེན། དེ་རིང་གནས་ཁྱད་པར་ཅན་འདིར་ཧི་རོ་ཤི་མའི་མེའི་རྒྱུན་དེ་འདྲ་ཡོད་པ་བྱས་ཏེ་སྨོན་ལམ་བརྒྱག་རྒྱུའི་གོ་སྐབས་བྱུང་བ་རེད། ཅེས་གསུངས་སོང་།

ཡང་༧མགོན་པོ་གང་ཉིད་མཆོག་གིས། དེང་སང་འཛམ་གླིང་འདིའི་སྒང་ལ་དམག་འཁྲུག་གི་ཉེན་ཁ་ཆུང་དུ་ཕྱིན་ཡོད་ནའང་། ནད་ཡམས་ཀྱི་སྡུག་བསྔལ་གསར་པ་སླེབ་ཡོང་འདུག དེ་ཡང་ང་ཚོའི་རྒྱ་གར་གྱི་མཚོན་པའི་རྒྱ་ནག་སོགས་ལ་ནད་ཡམས་ཀྱི་གནས་ཚུལ་གསར་པ་བསླེབས་ཡོད་དུས། ང་ཚོ་ཚང་མས་འདུན་པ་རྩེ་གཅིག་གི་ཐོག་ནས་ནད་ཡམས་འདི་རིམ་པས་རྒྱུན་ཆད་པ་ཞིག་ལ་ཚང་མས་ཐུགས་སྣང་གནང་གི་ཡོད་པ་རེད། གཞན་ད་ལྟ་ནད་ཡམས་འདི་དངངས་སྐྲག་ཚ་པོ་འདུག རྒྱ་ནག་ནང་དུ་ཆ་བཞག་ནའང་། ནད་ཡམས་འདི་ཛ་དྲག་ཆེན་པོ་འདུག་ལ། རྒྱ་གར་ལའང་ནད་ཡམས་འདི་ས་གནས་འགའ་ཤས་ལ་ཡོང་བསྡད་ཀྱི་ཡོད་རེད། ང་ཚོ་ཚང་མ་མི་གཅིག་པ་རེད། དེ་ཡང་སྐྱེ་རྒ་ན་འཆིའི་སྡུག་བསྔལ་གྱིས་མནར་ནས་ཡོང་བསྡད་པ་འདིས་ང་ཚོ་ཚང་མ་ཚོར་བ་གཅིག་གྱུར་ཡིན་དུས། དེ་རིང་ང་ཚོ་ཚང་མས་སྒྲོལ་མའི་གཟུངས་སྔགས་དང་མ་ཎི་ཏོག་ཙམ་བསགས་ཏེ། ནད་ཡམས་དེ་རྒྱུན་ཆད་རྒྱུ་ཞིག་ལ་ཚང་མས་ཐུགས་སྨོན་གནང་ཤོག ཅེས་དང་། གང་ཟག་སོ་སོའི་ངོས་ནས་གཙོ་བོ་བྱང་ཆུབ་ཀྱི་སེམས་བསྒོམ་རྒྱུ་དང་། དེ་དང་འབྲེལ་ནས་སྟོང་ཉིད་ཀྱི་ལྟ་བ་ག་ཚོད་ཐུབ་ཐུབ་ཀྱིས་བསམ་བློ་གཏང་ཐུབ་ན་ཡག་པོ་ཡོད་སྐོར་དང་། རྒྱུན་དུ་སོ་སོའི་ངོས་ནས་བསླབ་པ་སློབ་གཉེར་བྱས་ཏེ་སེམས་ལ་གོ་བ་ཡག་པོ་ཆགས་ཐུབ་པ་དེ་དཔྱད་སྒོམ་དང་འཇོག་སྒོམ་ཟུང་འབྲེལ་གྱི་ཐོག་ནས་བསམ་བློ་གཏང་དགོས་པ་དེ་གལ་ཆེ་སྐོར་སོགས་བཀའ་སློབ་བསྩལ།

ཡང་༧གོང་ས་མཆོག་གིས། ང་ཚོ་ཚང་མ་མི་གཅིག་པ་རེད། ཡང་བསྒོས་ལྷག་པར་དུ་བོད་ཁ་བ་གངས་ཅན་ལྗོངས་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དང་། དེ་དང་ཉེ་བའི་ཡུལ་གྲུ་ཁག་ནས་ཡོང་བསྡད་པ། ད་དུང་དེ་སྔ་འབྲེལ་བ་རྒྱ་ཆེར་མེད་ནའང་བར་སྐབས་བོད་གངས་ཅན་གྱི་ཆོས་དང་རིག་གཞུང་ལ་དོ་སྣང་གསར་པ་སླེབས་མཁན་མང་པོ་ཡོད་རེད། ཁྱེད་རང་ཚོ་ཚང་མས་དེ་རིང་གནས་འདིར་བསླེབས་ཏེ་མ་མཐར་ཆུ་ཚོད་གཅིག་རིང་དཔྱད་འཇོག་ཟུང་འབྲེལ་གྱི་ཐོག་ནས་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བསྒོམ་ཐུབ་ན་ཏན་ཏན་ཕན་ཐོགས་ཡོང་གི་རེད་ལ། ཚེ་འདི་ཙམ་མིན་པར་ཚེ་རབས་ནས་ཚེ་རབས་དང་། རང་གཅིག་པོ་མ་ཡིན་པར་སེམས་ཅན་ཐམས་ཅད་ལ་ཕན་ཐོགས་དང་བདེ་བའི་རྒྱུར་འགྲོ་རྒྱུ་ཞིག་ཆགས་ཀྱི་ཡོད་པར་བརྟེན། ཚང་མས་སྒྲོལ་མ་དང་མ་ཎི་བསགས་ཏེ་སྒོམ་ཡག་པོ་བསྐྱོན་ནས། སེམས་མ་རུང་པ་དེ་རྡོ་རྗེ་གདན་ལ་མ་ཡོང་གོང་དང་བསླེབས་ཚར་བའི་རྗེས་སུ་བཟང་ཕྱོགས་ཀྱི་འགྱུར་བ་ཕྲན་བུ་ཞིག་སོ་སོས་བཟོ་ཐུབ་པ་ཞིག་གནང་དགོས། སེམས་མ་འདུལ་ན་ཆགས་སྡང་གི་གཞན་དབང་དུ་སོང་ན། ཧི་རོ་ཤི་མར་རྡུལ་ཕྲན་གྱི་མཚོན་ཆ་གཡུགས་ཏེ་མི་མང་པོ་འདས་གྲོངས་སུ་ཕྱིན་པ་རེད། དེར་བརྟེན། འཛམ་གླིང་ཞི་བདེ་ཡོང་ཐུབ་པ་བྱ་རྒྱུ་དེ་མི་ཚང་མའི་ལས་འགན་ཡིན་པས། ཚང་མས་གཞན་ཕན་བྱང་ཆུབ་ཀྱི་སེམས་ཀྱི་བློ་སྐྱེད་པའི་ཐོག་ནས་འཛམ་གླིང་ཞི་བདེ་ཡོང་ཐུབ་པར་ཧུར་ཐག་གནང་རོགས་གནང་། ཞེས་གསུངས་སོང་།

གནས་མཆོག་རྡོ་རྗེ་གདན་ནས་གསར་འགོད་པ་བསྟན་འཛིན་ཕུར་བུས་སྤེལ།

འབྲེལ་ཡོད་གསར་འགྱུར།

TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

ཆུ་ཚོད་ ༦ སྔོན་ལ།
ttttt
Mobile App

སྐབས་ ༡༨ པའི་བོད་མི་མང་སྤྱི་འཐུས་ཀྱི་དངོས་གཞིའི་འོས་མི་གསལ་བསྒྲགས་གནང་སོང་། 

ཆུ་ཚོད་ ༨ སྔོན་ལ།
TTTTTT
Mobile App

དེང་སང་བཙན་བྱོལ་བོད་མིར་དྲ་རྒྱའི་དམག་འཁྲུག་གསར་པ་ཞིག་གི་དཀའ་ངལ་འཕྲད་ཀྱིན་འདུག

ཆུ་ཚོད་ ༡༠ སྔོན་ལ།
TTTT
Mobile App

རྒྱ་ནག་གཞུང་གིས་བོད་མིའི་ནང་ཁུལ་མཐུན་སྒྲིལ་ལ་གཏོར་བཤིག་གཏོང་ཐབས་སྔར་ལྷག་བྱེད་བཞིན་འདུག

༢༠༢༦/༠༣/༡༧
TTTT
Mobile App

ལ་སྐོར་ལུང་སྐོར་བྱས་ནས་ཨ་རིའི་རོགས་དངུལ་ཨ་སྒོར་ས་ཡ་བདུན་སླར་གསོ་ཐུབ།

༢༠༢༦/༠༣/༡༧
TTT
Mobile App

གདོང་ཐོག་ཚེ་རིང་ལགས་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་དྲུང་གཞོན་ལས་རོགས་སུ་བསྐོ་གཞག་གནང་།

༢༠༢༦/༠༣/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese