མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་སངས་ཚེ་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༣/༠༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་ཉེན་རྟོག་པས་ཏོག་དབྱིབས་བཀག་སྡོམ་སྐབས་ས་གནས་བོད་མི་ཚོར་ཤ་དང་མར་སོགས་ཀྱིས་རོགས་རམ་བྱེད་མཁན་བོད་མི་སངས་ཚེ་ཞེས་པ་ཞིག་འཛིན་བཟུང་བྱས་ཏེ་གོ་ཐོས་མེད་པར་གྱུར་ཡོད་འདུག

བོད་ཆུ་དམར་ལེབ་རྫོང་ཁོངས་ཀྱི་འབྲོག་པ་སངས་ཚེ་འཛིན་བཟུང་བྱས། པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་བྱས།

ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༢༦ ཉིན་གྱི་ཞོགས་པར་ཆུ་དམར་ལེབ་རྫོང་ཉེན་རྟོག་པས་བོད་མི་སངས་ཚེ་ཞེས་པ་གློ་བུར་དུ་འཛིན་བཟུང་གིས་བཙན་འཁྲིད་བྱས་ཡོད་པ་དང་། ཁྱིམ་མི་རྣམས་ས་གནས་ཉེན་རྟོག་ཁང་དུ་ཕྱིན་ཏེ་ཁོང་འཛིན་བཟུང་བྱེད་དོན་ཅི་ཡིན་སོགས་སྐད་ཆ་དྲིས་ཡོད་ཀྱང་ལན་གང་ཡང་མ་སྤྲད་པར་ཕྱིར་ལོག་དགོས་བྱུང་ཡོད་འདུག

འདི་གའི་གནས་ཚུལ་མཁོ་སྤྲོད་པས། སངས་ཚེ་འཛིན་བཟུང་བྱས་འདུག་ཟེར་དུས་ཡིད་ཆེས་མེད་པ་དང་། ཁོང་ནི་ནམ་རྒྱུན་ནས་མི་ཡག་པོ་དང་། གཞན་ལ་རོགས་རམ་བྱེད་མཁན་ཞིག་ཡིན་ལ། རིམས་ནད་ཁྱབ་ནས་ས་གནས་བོད་མི་རྣམས་ལ་དཀའ་ངལ་འཕྲད་སྐབས། ཁོང་གིས་ལུག་དང་གཡག་བཤས་ནས་སྡེ་བའི་མི་ཚང་སྐྱོ་བོ་རྣམས་ལ་སྤྲད་ཡོད་སྐོར་བརྗོད་བྱུང་།

ཡང་གནས་ཚུལ་མཁོ་སྤྲོད་པ་གཞན་ཞིག་གིས། ཏོག་དབྱིབས་བཀག་སྡོམ་སྐབས་སུ་ཆུ་དམར་ལེབ་ཀྱི་ས་གནས་ཁ་ཤས་སུ་བཟའ་བཅའ་འདང་ངེས་མ་རག་པར་དཀའ་ངལ་ཆེན་པོ་འཕྲད་ཡོད་པ་མ་ཟད། མི་རེ་ཟུང་ཞིག་གི་ཚེ་སྲོག་ཡང་ཤོར་བའི་གནས་ཚུལ་བྱུང་ཡོད་སྐོར་དང་། སྐབས་དེར་སངས་ཚེ་ལགས་ཀྱིས་གང་ཐུབ་ཀྱིས་རོགས་རམ་བྱས་ཡོད་སྐོར་བརྗོད་བྱུང་། གནས་ཚུལ་མཁོ་སྤྲོད་པས་ས་གནས་སུ་ཏོག་དབྱིབས་བཀག་སྡོམ་སྐབས་ཚེ་སྲོག་ཤོར་མཁན་གྱི་མིང་སོགས་ཤེས་རྟོགས་ཐུབ་མི་འདུག

ད་ལྟ་རང་ལོ་ ༤༥ ཡིན་པའི་བོད་མི་སངས་ཚེ་ལགས་ནི་ཆུ་དམར་ལེབ་རྫོང་ནས་ཡིན་ཞིང་། དུས་རྒྱུན་ཕྱུགས་ཟོག་འཚོ་སྐྱོང་བྱས་ཏེ་འབྲོག་པའི་འཚོ་བ་སྐྱེལ་མཁན་ཞིག་ཡིན་འདུག ཁོང་དང་བཟའ་ཟླ་བཀྲ་མཚོ་གཉིས་ལ་རང་ལོ་ ༡༦ ཅན་གྱི་བུ་མོ་ཞིག་དང་ལོ་ན་ ༢༡ ཅན་གྱི་བུ་ཞིག་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ངས་བོད་ཀྱི་དོན་དུ་རང་སྲོག་བློས་བཏང་བྱས་པའི་བོད་མི་ ༡༧༡ གི་ཆེད་དུ་ལས་འགུལ་སྤེལ་གྱི་ཡོད།

ཆུ་ཚོད་ ༡༦ སྔོན་ལ།
རྒྱལ་ལོ་ལགས་ཀྱིས་གཟེངས་རྟགས་བཞེས་སྐབས་གཏམ་བཤད་གནང་བཞིན་པ། པར་རྒྱལ་ལོ་ལགས་ཀྱིས་མཁོ་སྤྲོད་བྱས།
Mobile App

རྒྱལ་ལོ་ལགས་སུ་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེའི་སྙིང་སྟོབས་གཟེངས་རྟགས་ཐོབ།

ཆུ་ཚོད་ ༡༧ སྔོན་ལ།
Mobile App

བོད་མི་རིགས་ཀྱི་ངོ་བོ་གཅེས་སྲུང་གི་གཟའ་འཁོར་གཅིག་གི་ལས་འགུལ་དབུ་འཛུགས་ཞུས་སོང་།

ཆུ་ཚོད་ ༡༨ སྔོན་ལ།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་པར།
Mobile App

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་འཁོར་ཚོགས་ཆེན་དབུ་འཛུགས་བྱས།  

༢༠༢༦/༠༩/༢༢
 བོད་མིའི་སྒྲིག་འཛུགས་དཔལ་འབྱོལ་ལས་ཁུངས་ཀྱི་ལས་སྡོམ་སྐབས།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དང་བླངས་དཔྱ་དངུལ་གྱི་ཡོང་འབབ་ག་ཚོད་ཡིན་ནམ།

༢༠༢༦/༠༩/༢༢
CPC Central Committee appoints new Party chiefs for Xizang, Gansu, Qinghai. Photo Edited by Tibettimes
Mobile App

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བར་དམར་ཤོག་དྲུང་ཆེ་གསར་པ་ཞིག་བསྐོས་འདུག

༢༠༢༦/༠༩/༢༢

མཆན། 1

  1. ཇ་མ། says:
    ལོ་ 4 སྔོན།

    སངས་བཏང་ཟིན་པ་འདྲ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese