མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་ལ་མི་འབོར་འཕེལ་འགྲིབ་ཀྱི་དཀའ་ངལ་འཕྲད་ཀྱིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༡/༡༧
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ ༢༠༢༢ ལོར་རྒྱ་ནག་ནང་བྱིས་པའི་སྐྱེས་གྲངས་ཉུང་དུ་ཕྱིན་ཏེ་རྒྱ་ནག་གི་མི་ལོ ༦༠ ལྷག་གི་བྱིས་པ་སྐྱེས་གྲངས་ཆེས་ཉུང་ཤོས་སུ་གྱུར་ཡོད་འདུག

Last year, China’s overall population decreased to 1.4118 billion. Photo : NDTV

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། རྒྱ་ནག་གཞུང་གིས་ཕྱི་ལོ་ ༢༠༡༦ ལོ་ནས་ཕྲུ་གུ་གཉིས་སྐྱེས་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་ཏེ། རྒྱ་ནག་གི་བྱིས་པའི་སྐྱེས་ཚད་གོང་མཐོར་གཏོང་བའི་དམིགས་ཡུལ་བཅངས་ཡོད་ཀྱང་། འདས་པའི་ལོ་ཤས་རིང་རྒྱ་ནག་ནང་བྱིས་པ་སྐྱེ་མཁན་ཇེ་ཉུང་དུ་འགྲོ་མུས་ཡིན་པ་ལྟར།  ཕྱི་ལོ་ ༢༠༢༢ ལོར་རྒྱ་ནག་ནང་བྱིས་པའི་སྐྱེས་གྲངས་ཉུང་དུ་ཕྱིན་པ་དང་འདས་གྲོངས་སུ་གྱུར་བའི་མི་འབོར་མང་དུ་ཕྱིན་པར་བརྟེན། འདས་ལོ་ནི་རྒྱ་ནག་གི་མི་ལོ་ ༦༠ རིང་གི་བྱིས་པ་སྐྱེས་གྲངས་ཆེས་ཉུང་ཤོས་སུ་གྱུར་ཡོད་པ་མ་ཟད། དེས་འཛམ་གླིང་གི་མི་འབོར་མང་ཤོས་སུ་རྩི་བའི་རྒྱ་ནག་གི་མི་འབོར་འཕེལ་འགྲིབ་ཐད་དོ་ཕོག་ཆེན་པོ་བཟོ་སྲིད་པའི་ཚོད་དཔག་བྱེད་ཀྱིན་འདུག

རྒྱ་ནག་གི་མི་འབོར་ཞིབ་བཤེར་ལས་ཁུངས་ ( The National Bureau of Statistics ) ཀྱིས་ཕྱི་ལོ་ ༢༠༢༢ ལོའི་རྒྱ་ནག་གི་མི་འབོར་ཞིབ་བཤེར་གྱི་སྙན་ཐོ་གསལ་བསྒྲགས་བྱས་པའི་ནང་། འདས་ལོར་རྒྱ་ནག་ཏུ་མི་གྲངས་ཐེར་འབུམ ༡།༤༡༡༨ ལས་མེད་པས། ཕྱི་ལོ ༢༠༢༡ དང་བསྡུར་ན་འདས་ལོ་གཅིག་པུར་རྒྱ་ནག་ནང་མི་གྲངས་ ༨༥༠༠༠༠ ཉུང་དུ་ཕྱིན་ཡོད་འདུག་ལ། འདས་ལོར་རྒྱ་ནག་ནང་བྱིས་པ་ས་ཡ་ ༩།༩༨ ཙམ་ལས་སྐྱེས་མེད་ཅིང་། ཕྱི་ལོ ༢༠༢༡ ལོ་དང་བསྡུར་ན་རྒྱ་ནག་ཏུ་བྱིས་པ་སྐྱེས་ཚད་ཀྱི་བརྒྱ་ཆ་ ༩།༨ མར་ཆག་འདུག་པས། ཕྱི་ལོ་ ༡༩༦༡ ནས་ཕྲུ་གུ་སྐྱེས་པའི་གྲངས་ཚད་དམའ་ཤོས་སུ་གྱུར་བ་དང་། དེ་བཞིན་རྒྱ་ནག་རྒྱལ་ཡོངས་ཀྱི་བུད་མེད་གྲངས་ ༡༠༠༠ རེའི་བྱིས་པ་སྐྱེས་ཚད་ཀྱི་བརྒྱ་ཆ་ ༦།༧༧ ལ་མར་ཆག་ཡོད་པ་དང་། འདས་ལོར་རྒྱ་ནག་ནང་རང་ལོ་ ༦༥ དང་དེའི་ཡན་གྱི་མི་གྲངས་ཀྱིས་རྒྱ་ནག་རྒྱལ་ཡོངས་མི་འབོར་གྱི་བརྒྱ་ཆ་ ༡༤།༩ ཟིན་ཡོད་པ་དང་། ལོ་ ༡༦ ནས་ ༥༩ བར་གྱི་མི་འབོར་གྱི་བརྒྱ་ཆ་ ༦༢ ལྷག་ཟིན་ཡོད་སྐོར་བཀོད་ཡོད་པ་རེད།

ཡང་ཕྱི་ལོ  ༢༠༢༢ ལོར་རྒྱ་ནག་གི་མི་གྲངས་ ༡༠༠༠ ཁྲོད་འདས་གྲོངས་སུ་གྱུར་བའི་བརྒྱ་ཆ་ ༧།༣༧ ཟིན་ཡོད་པས། ཕྱི་ལོ་ ༢༠༢༡ དང་བསྡུར་ན་འདས་ལོར་རྒྱ་ནག་ཏུ་འདས་གྲོངས་སུ་གྱུར་བའི་མི་གྲངས་བརྒྱ་ཆ་ ༠།༡༩ མཐོ་རུ་ཕྱིན་འདུག་པས།   དེ་ནི་ཕྱི་ལོ ༡༩༧༦ རྗེས་ཀྱི་རྒྱ་ནག་ཏུ་འདས་གྲོངས་སུ་ཕྱིན་པའི་མི་གྲངས་མང་ཤོས་སུ་གྱུར་ཡོད་པ་རེད་ལ། རྒྱ་ནག་གི་མི་འབོར་ཞིབ་བཤེར་དེའི་ཁྲོད་ཞིང་ཆེན་ ༣༡ དང་རང་སྐྱོང་ས་ཚིགས་སོགས་ཀྱི་མི་རྣམས་ཚུད་ཡོད་ཅིང་།  རྒྱ་ནག་ནང་བུད་མེད་བྱིས་པ་སྐྱེ་མཁན་ཉུང་ཉུང་ཡིན་སྟབས་འདས་པའི་ལོ་ཤས་རིང་རྒྱ་ནག་ནང་བྱིས་པ་སྐྱེས་ཚད་ཧ་ཅང་དམའ་རུ་ཕྱིན་ཡོད་སྟབས།  ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་དབུས་ཆབ་སྲིད་རྒྱུན་ལས་ལྷན་ཚོགས་ཀྱི་ཚོགས་ཆེན་ཐོག་འཆར་ལྡན་བུ་སྐྱེས་སྲིད་ཇུས་ལ་འགྱུར་བ་བཏང་སྟེ་ཕྲུ་གུ་གསུམ་རེ་སྐྱེ་ཆོག་པ་བཟོས་ཡོད་འདུག

རྒྱ་ནག་ལྷོ་རྒྱུད་ཞོགས་པའི་ཆ་འཕྲིན་གྱི་གནས་ཚུལ་ནང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ཕྱི་ལོ་ ༢༠༥༠ ལོར་རྒྱ་ནག་གི་མི་གྲངས་ཐེར་འབུམ་ ༡།༣༡༣ དང་ཕྱི་ལོ་ ༢༡༠༠ ལོར་མི་འབོར་ས་ཡ་ ༨༠༠༠ ལ་མར་ཟག་སྲིད་པའི་ཚོད་དཔག་ཀྱང་བྱས་འདུག་ལ། ཕྱི་ལོ་ ༢༠༡༦ ལོར་རྒྱ་ནག་གི་བྱིས་པ་སྐྱེ་འཕེལ་ཉུང་དྲགས་པས་རྒྱ་ནག་གཞུང་གིས་བྱིས་པ་གཉིས་སྐྱེ་ཆོག་པའི་སྲིད་ཇུས་ཤིག་གཏན་འབེབ་བྱས་ཡོད་ཅིང་། དེ་ནི་རྒྱ་ནག་ནང་རྒས་འཁོགས་ཆགས་བཞིན་པའི་མི་འབོར་ཉིན་རེ་བཞིན་འཕེལ་བ་དང་། ལས་ཀ་བྱེད་མཁན་གྱི་དར་མའི་མི་འབོར་ཉིན་རེ་བཞིན་ཇེ་ཉུང་དུ་འགྲོ་ཡི་ཡོད་པར་བརྟེན། ཕྱི་ལོ ༢༠༡༧ ལོར་ཕྲུ་གུ་གཉིས་སྐྱེ་མཁན་ལ་བྱ་དགའ་སྤྲོད་པའི་སྲིད་ཇུས་གཏན་འབེབ་ལག་བསྟར་བྱས་ཏེ། རྒྱལ་ཁབ་ཀྱི་མི་འབོར་རྒན་གཞོན་དོ་མཉམ་ཡོང་གི་མེད་པའི་དཀའ་ངལ་སེལ་ཐབས་བྱས་ཡོད་སྐོར་བརྗོད་འདུག

སྤྱིར་རྒྱ་ནག་གཞུང་གིས་ཕྱི་ལོ་ ༡༩༧༩ ལོར་རྒྱ་ནག་གི་མི་འབོར་འཕེལ་རྒྱས་ཉུང་དུ་གཏོང་ཆེད་ཕྲུ་གུ་གཅིག་སྐྱེ་ཆོག་པའི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། སྲིད་ཇུས་དེ་དང་འགལ་མཁན་རྣམས་ལ་ཉེས་ཆད་བཏང་བ་དང་ལས་ཀ་མེད་པ་བཟོས་པ། དེ་བཞིན་བཙན་གྱིས་མངལ་ཤོར་དུ་བཅུག་པ་སོགས་ཀྱི་གནད་དོན་མང་པོ་བྱུང་བར་བརྟེན། རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གཞུང་ལ་སྐྱོན་བརྗོད་ཤུགས་ཆེན་བྱས་ཡོད་པ་དང་། རྒྱ་ནག་ནང་ངལ་རྩོལ་བའི་ནུས་ཤུགས་ཉམས་ཞན་དུ་གྱུར་བ་དང་། རྒན་མང་གཞོན་ཉུང་གི་དཀའ་ངལ་རིམ་གྱིས་འཕྲད་དེ། ཕྱི་ལོ་ ༢༠༡༦ ལོར་འཆར་ལྡན་བུ་སྐྱེས་སྲིད་ཇུས་ལ་འགྱུར་བ་བཏང་སྟེ་ཕྲུ་གུ་གཉིས་སྐྱེས་ཆོག་པའི་སྲིད་ཇུས་ལག་བསྟར་བྱས་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༦ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༧ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༡ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 2

  1. ཇ་མ། says:
    ལོ་ 3 སྔོན།

    རྒྱ་ནག་ལ་སྡུག་ཅོང་རེད།

    Reply
  2. གུ་རུ་བསོད་ནམས། says:
    ལོ་ 3 སྔོན།

    རྩོམ་སྒྲིག་པའམ་གསར་འགོད་པ་ལགས། མི་འབོར་འཕེལ་རྒྱས་ཀྱི་དཀའ་ངལ་འཕེལ་འགྲིབ་ཀྱི་དཀའ་ངལ་ཨེ་ཡིན་ནམ་ལགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese