མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྤུ་ཧྲེང་རྫོང་ཁུལ་གྱི་གནམ་ཐང་གསར་རྒྱག་བྱས་ཚར་གྲབས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་འདི་ལོའི་ལོ་མཇུག་ཏུ་སྤུ་ཧྲེང་ཁུལ་གྱི་གནམ་ཐང་གསར་རྒྱག་ཚར་བ་བྱས་ཏེ་འགྲིམ་འགྲུལ་བ་རྣམས་ཤར་གཏོང་བྱ་རྒྱུ་ཡིན་འདུག

གནམ་ཐང་གི་རྣམ་པ། ཟླ་བཞིའི་གོང་གི་པར། འབྲེལ་ཡོད་ཀྱིས་མཁོ་སྤྲོད་བྱས།

ཉེ་བའི་ལོ་ཤས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་ཁུལ་དུ་གནམ་ཐང་དང་མེ་འཁོར་ལྕགས་ལམ་སོགས་འཛུགས་སྐྲུན་བྱེད་བཞིན་ཡོད་པ་ལྟར། ཉེ་ལམ་རྒྱ་ནག་གཞུང་གིས་འདས་པའི་ལོ་ཤས་རིང་བོད་མངའ་རིས་སྤུ་ཧྲེང་རྫོང་ཁོངས་ཀྱི་རི་གོང་གྲོང་རྡལ་དུ་གསར་འཛུགས་བྱེད་བཞིན་པའི་གནམ་ཐང་དེའི་འཛུགས་སྐྲུན་གྱི་ལས་གཞི་འགྲུབ་གྲབས་ཡོད་པ་མ་ཟད། འདི་ལོའི་ལོ་མཇུག་ནས་མངའ་རིས་རྫོང་ཁོངས་ཀྱི་མངའ་ལམ་གསར་པ་དེ་བརྒྱུད་འགྲིམ་འགྲུལ་བ་རྣམས་ཤར་གཏོང་བྱ་རྒྱུ་ཡིན་འདུག

འདི་གའི་གསར་འགོད་པར་འབྲེལ་ཡོད་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས། རྒྱ་ནག་གཞུང་གིས་ཧིན་བོད་མཐའ་མཚམས་སུ་ཁེལ་བའི་བོད་མངའ་རིས་སྤུ་ཧྲེང་ཁུལ་གྱི་རི་གོང་གྲོང་རྡལ་དུ་གསར་འཛུགས་བྱེད་མུས་ཡིན་པའི་གནམ་ཐང་དེ། ཕྱི་ལོ ༢༠༡༨ ལོ་ནས་རྒྱ་ནག་གཞུང་གིས་བོད་ལྷུན་རྩེ་དང་དིང་རི། སྤུ་ཧྲེང་བཅས་ཀྱི་ནང་གནམ་ཐང་གསུམ་གསར་དུ་བསྐྲུན་རྒྱུའི་ལས་གཞི་གཏན་འབེབ་བྱས་རྗེས། སྤུ་ཧྲེང་རྫོང་ཁུལ་དུ་གནམ་ཐང་གསར་རྒྱག་གི་ལས་གཞི་ལག་བསྟར་བྱེད་མགོ་བཙུགས་ཡོད་ཀྱང་། བོད་ནང་དུ་རིམས་ནད་ཁྱལ་གདལ་ཤུགས་ཆེན་ཕྱིན་ནས་ཐེམ་སྤང་བཀག་རྒྱ་ཡུན་རིང་བསྡམས་པས། ད་ལྟ་བར་ལྷག་ཡོད་པ་ལས། རྒྱ་ནག་གཞུང་གིས་མངའ་རིས་སྤུ་ཧྲེང་ཁུལ་གྱི་གནམ་ཐང་གསར་པ་དེ་ ༢༠༢༣ ལོར་འཛུགས་སྐྲུན་གྱི་ལས་གཞི་ཡོངས་སུ་ཚར་བ་བྱས་ནས། འགྲུམ་འགྲིལ་བ་རྣམས་མངག་གཏོང་བྱེད་པའི་འཆར་གཞི་ཡོད་སྐོར་སོགས་འགྲེལ་བརྗོད་བྱས་བྱུང་།

ཡང་ཁོང་གིས། ད་ལྟ་གནམ་ཐང་དེའི་འགྲིམ་འགྲུལ་བ་རྣམས་ཀྱི་ལག་ཁྱེར་ལྟ་ཞིབ་བྱེད་སའི་ཁང་པའི་རིགས་མ་གཏོགས་གནམ་གྲུའི་རྒྱུགས་ལམ་སོགས་ཡོངས་སུ་གྲུབ་ཟིན་ཡོད་པ་དང་། ཉེ་ལམ་གནམ་ཐང་འཛུགས་སྐྲུན་གྱི་ཆེད་ལས་མི་རྣམས་ཀྱིས་ཉིན་མཚན་མེད་པར་རྡོ་སྐྱེལ་རླངས་འཁོར་ཉིས་བརྒྱ་ཡས་མས་མངག་གཏོང་བྱས་ནས་ལས་ཀ་བྱས་དང་བྱེད་མུས་ཡིན་པས། འཛུགས་སྐྲུན་གྱི་ལས་གཞི་དག་མགྱོགས་པོ་འགྲུབ་ཟིན་ལ་ཉེ་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་བོད་སྤུ་ཧྲེང་ཁུལ་དུ་གནམ་ཐང་གསར་འཛུགས་ཀྱི་ལས་གཞིའི་ཁྲོད། ས་རྡོ་སྐྱེལ་འདྲེན་གྱི་རླངས་འཁོར་ཡོད་པའི་ས་གནས་བོད་མི་ཚོ་ལའང་ལས་ཀ་བྱེད་དུ་བཅུག་ཡོད་སྐོར་སོགས་ཀྱང་བརྗོད་བྱུང་།

ཕྱི་ལོ་ ༢༠༢༡  ཟླ་ ༤ ཚེས ༡༠ ཉིན་རྒྱ་ནག་གཞུང་གིས་བོད་ལྷུན་རྩེ་དང་དིང་རི། སྤུ་ཧྲེང་བཅས་ཀྱི་ནང་གནམ་ཐང་གསུམ་གསར་དུ་བསྐྲུན་རྒྱུ་ཆོག་མཆན་ཐོབ་ཡོད་པ་དང་། ལྷོ་ཁ་ལྷུན་རྩེའི་གནམ་ཐང་དེ་རྒྱ་ནག་པེ་ཅིན་གནམ་ཐང་བཟོ་ལས་ཁང་ཟེར་བ་ཞིག་གིས་འཛུགས་སྐྲུན་བྱ་རྒྱུ་དང་། ཧྲང་ཧེ་གནམ་ཐང་བཟོ་ལས་ཁང་གིས་གཞིས་ཀ་རྩེའི་གནམ་ཐང་། ནུབ་རྒྱུད་གནམ་ཐང་མཉམ་ལས་ཁང་ཟེར་བ་ཞིག་གིས་མངའ་རིས་ཀྱི་གནམ་ཐང་གི་ལས་གཞིའི་འགན་བླངས་ཡོད་འདུག ལྷུན་རྩེའི་གནམ་ཐང་དང་སྤུ་ཧྲེང་གནམ་ཐང་གཉིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཁུལ་ལ་འཕུར་སྐྱོད་དང་། དིང་རིའི་གནམ་ཐང་ནས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་དང་། དེ་བཞིན་ཁྲིན་ཏུའུ་དང་། ཁུན་མིང་། ཞི་ཨན་བཅས་རྒྱ་ནག་ནང་དུའང་འཕུར་སྐྱོད་བྱ་རྒྱུ་ཡིན་འདུག་ལ། གནམ་ཐང་གསར་རྒྱག་གི་ལས་གཞིའི་ཆེད་རྒྱ་ནག་གཞུང་གིས་རྒྱ་སྒོར་དུང་ཕྱུར་ ༡༣༦ གི་མ་དངུལ་གཏོང་རྒྱུའི་འཆར་གཞི་ཡོད་འདུག

རྒྱ་ནག་གཞུང་གིས་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་། ལྷ་སའི་གོང་དཀར་གནམ་ཐང་དང་།  ཉིང་ཁྲིའི་སྨན་ལིང་གནམ་ཐང། ཆབ་མདོའི་པན་ཌ་གནམ་ཐང་། མངའ་རིས་གནམ་ཐང་། གཞིས་ཀ་རྩེའི་ཞི་བདེ་གནམ་ཐང་། ནག་ཆུའི་གནམ་ཐང་བཅས་འཛུགས་སྐྲུན་བྱས་ཡོད་ཅིང་། རྒྱ་ནག་གཞུང་གིས་བོད་ཀྱི་མཐའ་མཚམས་ཁུལ་སོགས་སུ་གནམ་ཐང་གསར་རྒྱག་བྱས་པ་དེས། ཧིན་བོད་མཐའ་མཚམས་སོགས་སུ་ཛ་དྲག་གི་གནས་ཚུལ་བྱུང་ཕྲལ། དམག་དཔུང་དབོར་འདྲེན་དང་མཚོན་ཆའི་རིགས་དབོར་འདྲེན་སྟབས་བདེ་ཡོང་ཆེད་དང་། བོད་ནང་དུ་རྒྱ་རིགས་མང་པོ་ཞིག་གནས་སྤོར་སོགས་བདེ་བའི་ཆེད་དུའང་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

ཆུ་ཚོད་ ༡༠ སྔོན་ལ།
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

ཆུ་ཚོད་ ༡༡ སྔོན་ལ།
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

ཆུ་ཚོད་ ༡༤ སྔོན་ལ།
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

མཆན། 1

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    ལོ་ 3 སྔོན།

    སྤྱི་ཚོགས་འཕེལ་རིམ་ལ་འགན་འཁུར་ནས་ཡར་རྒྱས་འགྲོ་དགོས་པ་དང་ཡར་རྒྱས་གཏོང་དགོས་པ་ནི་མི་གི་སྤྱི་ཚོགས་ཚང་མས་འགྲོ་སྟངས་ཞིག་ཡིན་པ་དང་རྒྱ་མི་བོད་དུ་སླེབས་ནས་བོད་མི་རིགས་ཀྱི་ངོ་བོ་དང་བོད་མིའི་རིག་གཞུང་སོགས་རྩ་མེད་བཟོ་བཞིན་པ་ནི་བློ་ཕམ་གྱི་གནས་ཚུལ་ཞིག་ཡིན་པ་དང་ད་ལྟའི་འཛམ་གླིང་ཤར་ནུབ་ཀྱི་ཆབ་སྲིད་འཕོ་འགྱུར་ལ་དོ་སྣང་དང་བརྒྱུས་ལོན་བྱ་མཁན་ཞིག་ཡོད་ན་རྒྱ་ནག་གི་དྲག་དམག་དང་ཨུ་རུ་སུའི་དྲག་དམག་དང་བྱང་ཀོ་རི་ཡེའི་དྲག་དམག་བཅས་མཉམ་འབྲེལ་འོག་ནས་འཛམ་གླིང་དམག་ཆེན་གསུམ་པ་དེ་ཐག་འགྱངས་པོ་མིན་པའི་ཚོད་དཔག་ཡང་བྱེད་ཐུབ་ཞིག་མ་རེད་དམ་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese