མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་ནས་རྒྱ་ནག་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ།

བོད་ཀྱི་དུས་བབ།
༢༠༢༣/༠༡/༢༥
Share on FacebookShare on TwitterShare on EmailShare on Whatsapp

ཉི་ཧོང་ནང་པའི་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་ལ་༧གོང་ས་མཆོག་གི་ཡང་སྲིད་ཐད་ཇུས་གཏོགས་བྱེད་པའི་དབང་ཆ་མེད་པ་མ་ཟད། དེ་ནི་འཛམ་གླིང་གི་ཆོས་ལུགས་སྤྱི་དང་ལྷག་པར་དུ་ནང་པ་རྣམས་ལ་མཐོང་ཆུང་ཁྱད་གསོད་བྱས་ཡིན་པའི་སྐྱོན་བརྗོད་ནན་མོ་བྱས་འདུག

Rev Mizutani Eikan and Itoh Einin. Photo: tibet.net

ཉེ་ལམ་ཉི་ཧོང་ནང་པའི་ལྷན་ཚོགས་ངོས་ནས་རྒྱ་ནག་གཞུང་གིས་བོད་ཀྱི་བླ་སྤྲུལ་ཡང་སྲིད་ངོས་འཛིན་གནང་ཕྱོགས་དང་འབྲེལ་ནས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་ཐད་ལ་ཐེ་ཇུས་བྱེད་བཞིན་ཡོད་པར་སྐྱོན་བརྗོད་ཀྱི་བསྒྲགས་གཏམ་སྤེལ་ཡོད་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༢༤ ཉིན་ཉི་ཧོང་ནང་པའི་ལྷན་ཚོགས་ (Japan Buddhist Conference for World Federation) ཀྱི་སྐུ་ཚབ་དྲུང་ཆེ་མི་ཛུ་ཏ་ནི་ཨི་ཀན་ (Mizutani Eikan) ལགས་དང་ཨི་ཏོ་ཨི་ནིན་ (Itoh Einin) ལགས་རྣམ་གཉིས་ཆེད་དུ་ཉི་ཧོང་སྐུ་ཚབ་དོན་ཁང་དུ་ཕེབས་ཏེ་ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་དང་ཐུག་འཕྲད་ཀྱིས། རྒྱ་ནག་གཞུང་གིས་༧གོང་ས་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་ཐད་ཐེ་གཏོགས་བྱེད་བཞིན་པར་ངོ་རྒོལ་ཡོད་པའི་བསྒྲགས་གཏམ་ཞིག་ཕུལ་ཡོད་འདུག

དེ་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་དབྱིན་ཡིག་དྲ་རྒྱའི་སྟེང་སྤེལ་བའི་གནས་ཚུལ་ནང་། ཉི་ཧོང་ནང་པའི་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས། ཆོས་དད་མེད་པའི་རྒྱ་ནག་དམར་ཤོག་སྲིད་གཞུང་ལ་བོད་ཀྱི་ཆོས་ལུགས་ཀྱི་གནད་དོན་ཐོག་ཐེ་ཇུས་བྱེད་པའི་དབང་ཆ་མེད་པ་དང་། རྒྱ་ནག་གཞུང་གི་བྱེད་ཕྱོགས་དེ་ནི་འཛམ་གླིང་གི་ཆོས་ལུགས་ཡོངས་དང་ལྷག་པར་དུ་ནང་པ་རྣམས་ལ་མཐོང་ཆུང་ཁྱད་གསོད་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་མི་རྣམས་ལ་ཆོས་དད་རང་དབང་སྤྲོད་དགོས་པ་དང་། ༧གོང་ས་མཆོག་གི་སྐུའི་ཡང་སྲིད་ངོས་འཛིན་བྱེད་པའི་འགན་དབང་དེ་བོད་མི་རྣམས་ལ་ཡོད་པ། ད་དུང་རྒྱ་ནག་གིས་༧སྐུའི་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཐད་ཐེ་གཏོགས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་གཏོང་གི་ཡོད་པ་སོགས་ཀྱི་བསྒྲགས་གཏམ་སྤེལ་ཡོད་སྐོར་བརྗོད་སོགས་བརྗོད་འདུག་ལ། ད་དུང་ཉི་ཧོང་གི་དགེ་འདུན་པ་དང་མི་མང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་རྩི་མཐོང་ཧ་ཅང་ཆེན་པོ་ཡོད་པར་བརྟེན། ཉི་ཧོང་མི་མང་གིས་རྒྱ་ནག་གཞུང་གིས་བདམས་པའི་ཏཱ་ལའི་བླ་མར་དུས་ནམ་ཡང་ངོས་འཛིན་བྱ་རྒྱུ་མིན། ཞེས་བརྗོད་ཡོད་འདུག

ཉི་ཧོང་སྐུ་ཚབ་དོན་གཅོད་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས། ཉི་ཧོང་ནང་པའི་ལྷན་ཚོགས་ཀྱི་ཚོགས་མི་རྣམས་ཀྱིས་རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐོག་ལ་ཐེ་ཇུས་བྱེད་སྲིད་པར་སེམས་འཚབ་དང་འབྲེལ་ནས། རྒྱ་ནག་གཞུང་གིས་དེའི་ཐོག་ལ་ཐེ་ཇུས་བྱ་རྒྱུ་མེད་པའི་འབོད་སྐུལ་ཞུས་པར་ཐུགས་རྗེ་ཆེ་ཞུས་པ་དང་། དེ་ལ་བརྟེན་ནས་འཛམ་གླིང་གིས་རྒྱ་ནག་གི་མགོ་ཁྲིད་དང་རྒྱ་གཞུང་གི་བྱེད་ཕྱོགས་ལ་དོ་སྣང་བྱེད་བཞིན་པའི་ཉེན་བརྡ་གཏོང་བ་དང་། ཆོས་ཚོགས་གཞན་རྣམས་ཀྱིས་ཀྱང་དེ་ལྟར་ཐག་གཅོད་གནང་བར་སྐུལ་མ་ཐེབས་ངེས་རེད། ཅེས་བརྗོད་ཡོད་འདུག

འདི་ལོའི་ཕྱི་ཟླ་ ༡ པོའི་ནང་སེངྒ་ལའི་གནད་ཡོད་མི་སྣ་མང་པོ་ཞིག་གནས་མཆོག་རྡོ་རྗེ་གདན་དུ་ཕེབས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་མཇལ་འཕྲད་ཀྱིས་༧གོང་ས་མཆོག་སེངྒ་ལའི་རྒྱལ་ཁབ་ཏུ་གདན་འདྲེན་ཞུས་ཡོད་པར་བརྟེན། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་རྒྱ་ནག་གཞུང་གིས་སེངྒ་ལའི་ནང་པའི་གནད་ཡོད་མི་སྣ་ཁག་ཅིག་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཐུག་འཕྲད་གནང་ཡོད་པར་སེམས་འཚབ་དང་། ༧མགོན་པོ་གང་ཉིད་མཆོག་སེངྒ་ལའི་རྒྱལ་ཁབ་ཏུ་ཆིབས་སྒྱུར་བསྐྱང་འཆར་ཡོད་པར་ངོ་རྒོལ་ཡོད་པའི་བསྒྲགས་གཏམ་སྤེལ་ཡོད་པ་མ་ཟད། ད་དུང་རྒྱ་ནག་གཞུང་གིས་སེངྒ་ལའི་རྒྱལ་ཁབ་ལ་ཆབ་དཔལ་གཉིས་ཀྱི་ཐོག་ནས་གནོན་ཤུགས་སྤྲད་དང་སྤྲོད་མུས་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

ཆུ་ཚོད་ ༢༣ སྔོན་ལ།
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩
British Prime Minister Keir Starmer with Chinese President Xi Jinping. Image source - X/@EuroPostAgency
གསར་འགྱུར།

བོད་ནང་གི་བཅའ་སྡོད་སློབ་གྲྭའི་ལམ་ལུགས་མཚམས་འཇོག་དགོས་པའི་འབོད་སྐུལ་ཞུ་ཡིག་ཕུལ།

༢༠༢༦/༠༡/༢༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese