མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་༧གོང་ས་མཆོག་སེངྒ་ལའི་ནང་ཕེབས་རྒྱུའི་ཐད་སེམས་འཚབ་བྱེད་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་སེངྒ་ལའི་ནང་གདན་འདྲེན་ཞུས་པར་རྒྱ་ནག་གཞུང་གིས་སེངྒ་ལའི་ནང་ཚོགས་དང་གཞུང་གཉིས་ལ་གནོད་ཤུགས་སྤྲོད་ཀྱི་ཡོད་པ་རེད།

Twitter/Chinese Embassy in Sri Lanka

དེ་རིང་རྒྱལ་སྤྱིའི་ (The Deplomat) གསར་ཁང་གི་དྲ་རྒྱའི་སྟེང་གསར་ཁང་དེའི་ལྷོ་ཨེ་ཤ་ཡའི་རྩོམ་སྒྲིག་མ་ལྕམ་སོའུ་དྷ་ (Sudha Ramachandran) ལགས་ཀྱིས་དཔྱད་རྩོམ་ཞིག་སྤེལ་ཏེ། རྒྱ་ནག་གཞུང་གིས་༧གོང་ས་མཆོག་སེངྒ་ལར་ཕེབས་རྒྱུའི་ཐད་སེམས་འཚབ་བྱེད་བཞིན་ཡོད་པ་མ་ཟད། སེངྒ་ལར་ཡོད་པའི་རྒྱ་ནག་གཞུང་ཚབ་པ་ཧོའུ་ཝི་ (Hu Wei) ཟེར་བས་ཐད་ཀར་སངྒེ་ལའི་ནང་པའི་མགོ་ཁྲིད་ཁག་དང་ཐུག་འཕྲད་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སེངྒ་ལར་ཕེབས་རྒྱུ་བཀག་སྡོམ་བྱ་དགོས་པའི་འཇིགས་སྐུལ་བྱས་ཡོད་སྐོར་སོགས་བརྗོད་འདུག

རྩོམ་ཡིག་དེའི་ནང་། ཉེ་ལམ་རྒྱ་ནག་གཞུང་ཚབ་པ་ཧོའུ་ཝི་ཟེར་བས་ཆེད་དུ་སེངྒ་ལའི་གྲོང་ཁྱེར་ (Colombo) ནས་དབུས་གྲོང་ཁྱེར་ (Kandy) ནང་གི་ནང་པའི་དབུ་བླ་མཐོ་ཤོས་ (Thibbatuwawe Sri Siddhartha Sumangala Thero) ལགས་དང་ཐུག་འཕྲད་བྱས་ཏེ། ༧གོང་ས་མཆོག་ནི་གྲྭ་བ་དཀྱུས་མ་ཞིག་མ་ཡིན་པར་ཁ་བྲལ་རིང་ལུགས་པ་དང་། བོད་རང་བཙན་ཁྱབ་བསྒྲགས་བྱེད་མཁན་ཞིག་ཡིན་པའི་སྐྱོན་བརྗོད་དང་སྦྲགས། སེངྒ་ལའི་གཞུང་གིས་༧གོང་ས་མཆོག་རྒྱལ་ཁབ་དེའི་ནང་གདན་འདྲེན་མི་ཞུ་བ་དང་། རྒྱ་ནག་དང་སེངྒ་ལའི་ལོ་རྒྱུས་ཀྱི་འབྲེལ་ལམ་སྲུང་སྐྱོབ་བྱེད་པ་ལས་གཏོར་སྐྱོན་གཏོང་མི་ཉན་པའི་འཇིགས་སྐུལ་བྱས་ཡོད་སྐོར་བརྗོད་འདུག

ཡང་སེངྒ་ལའི་ནང་གི་རྒྱ་ནག་གཞུང་ཚབ་ཁང་གི་དྲ་ཐོག་ཏུ། རྒྱ་ནག་གཞུང་གིས་སེངྒ་ལར་རྒྱབ་སྐྱོར་མུ་མཐུད་བྱ་རྒྱུའི་མཚོན་པའི་འདས་པའི་ཏོག་དབྱིབས་གཉན་རིམས་ཀྱི་ཛ་དྲག་གནས་སྟངས་སྐབས་དང་། ད་ལྟའི་དཔལ་འབྱོར་ཉམས་རྒུད་ཀྱི་དཀའ་ངལ་ཐོག་རོགས་སྐྱོར་བྱེད་མུས་ཡིན་པས། ༧གོང་ས་མཆོག་སེངྒ་ལའི་ནང་གདན་ཞུ་གནང་རྒྱུ་མཚམས་འཇོག་དགོས་པའི་སྐུལ་མ་བཏང་ཡོད། ཅེས་བརྗོད་འདུག་པ་དང་། འདས་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༩ ནས་ ༣༡ བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གནས་མཆོག་རྡོ་རྗེ་གདན་གྱི་གསུང་ཆོས་སྐབས། སེངྒ་ལའི་ནང་པའི་གནད་ཡོད་དབུ་ཁྲིད་ཁག་ཅིག་གིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས་པ་དང་བསྟུན། ༧མགོན་པོ་གང་ཉིད་མཆོག་སེངྒ་ལའི་རྒྱལ་ཁབ་ཏུ་ཕེབས་པའི་གསོལ་འདེབས་ཞུས་ཡོད་ཅིང་། དེ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་སེངྒ་ལའི་ནང་པའི་དབུ་ཁྲིད་ཚོར་གནོད་ཤུགས་སྤྲོད་མགོ་བརྩམས་པ་ཞིག་ཡིན་འདུག

རྩོམ་ཡིག་ནང་རྒྱ་ནག་གི་སྐད་ཆ་དེ་དག་གིས། གལ་སྲིད་སེངྒ་ལའི་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གདན་འདྲེན་ཞུ་རྒྱུ་ཕྱིར་འཐེན་མ་བྱས་ཚེ། སེངྒ་ལའི་གཞུང་ལ་བུ་ལོན་གྱི་ཐོག་ནས་གནོད་ཤུགས་སྤྲད་རྒྱུ་ཡིན་པའི་ཉེན་བརྡ་བཏང་བ་མངོན་ཡོད་པ་དང་། ༧གོང་ས་མཆོག་འཛམ་གླིང་ས་ཕྱོགས་གང་དུ་ཕེབས་ཀྱང་རྒྱ་ནག་གཞུང་གིས་དགག་བྱ་འདོན་གྱི་ཡོད་པ་ལས། དཔེར་ན་རྒྱ་གར་ལྟ་བུ་ཡིན་ན། ༧གོང་ས་མཆོག་ཨ་རུ་ན་ཅལ་མངའ་སྡེའི་ནང་ཕེབས་སྐབས། དུས་རྒྱུན་དུ་རྒྱ་ནག་གཞུང་གིས་ངོ་རྒོལ་བསྒྲགས་གཏམ་སྤེལ་གྱི་ཡོད་པ་རེད་ལ། ཕྱི་ལོ་ ༢༠༡༦ ལོར་དམིགས་བསལ་༧གོང་ས་མཆོག་ནང་པའི་རྒྱལ་ཁབ་སོག་པོར་ཕེབས་རྗེས། རྒྱ་ནག་གཞུང་གིས་ཚོང་འབྲེལ་གྱི་ཐོག་ནས་སོག་པོའི་དཔལ་འབྱོར་འཕེལ་རྒྱས་ལ་འགོག་རྐྱེན་བཟོས་ཡོད་སྐོར་ཡང་བརྗོད་འདུག

ཕྱི་ལོ་ ༢༠༡༥ ལོར་སེངྒ་ལའི་ནང་པའི་དབུ་ཁྲིད་ཁག་ཅིག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་༧གོང་ས་མཆོག་ལ་མཇལ་བཅར་ཞུས་ཏེ་གདན་ཞུ་གནང་ཡོད་སྟབས། ལོ་དེར་རྒྱ་ནག་གཞུང་གིས་སེངྒ་ལའི་ནང་སྲིད་ཐོག་ཇུས་གཏོགས་བྱས་ཏེ། རྒྱ་ནག་གི་མཐུན་ཕྱོགས་སྲིད་དོན་ཚོགས་པར་འོས་བསྡུའི་རྒྱལ་ཁ་ཐོབ་ཡོད་པ་མ་ཟད། སྐབས་དེར་སེངྒ་ལའི་ཕྱི་སྲིད་ལྷན་ཁང་གིས་༧གོང་ས་མཆོག་གལ་ཆེན་པོ་རེད། འོན་ཀྱང་སེངྒ་ལ་དང་རྒྱ་ནག་གི་འབྲེལ་ལམ་དེ་བས་ཀྱང་གལ་ཆེན་ཡིན་པས།  ནང་པའི་རྗེས་འབྲངས་པ་ཚོས་༧ཁོང་གདན་ཞུ་བྱས་ཆོག་ཀྱང་ཐོངས་མཆན་རག་ཁག་པོ་ཡིན་ཚུལ་འགྲེལ་བརྗོད་བྱས་ཡོད་པ་རེད།

ད་ལྟའི་ཆར་དགའ་ལྡན་ཕོ་བྲང་གི་དྲ་རྒྱའི་སྟེང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་སེངྒ་ལའི་ནང་ཕེབས་འཆར་ཡོད་སྐོར་གྱི་གནས་ཚུལ་གཅིག་ཀྱང་བཀོད་མི་འདུག་པ་མ་ཟད། བོད་མིའི་སྒྲིག་འཛུགས་ཀྱི་འབྲེལ་ཡོད་མི་སྣ་ཁག་ཅིག་གིས་ད་ལྟ་༧གོང་ས་མཆོག་སེངྒ་ལའི་ནང་ཕེབས་འཆར་མེད་སྐོར་བརྗོད་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese