མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཧིན་མཐའ་མཚམས་སུ་འགོག་སྲུང་དམག་དཔུང་བདུན་གསར་འགྲེམ་བྱ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་གཞུང་གིས་རྒྱ་ནག་གི་གནོན་ཤུགས་འགོག་སྲུང་སླད་བོད་ཧིན་མཐའ་མཚམས་སུ་འགོག་སྲུང་དམག་དཔུང་བདུན་འགྲེམ་འཇོག་བྱ་རྒྱུ་ཡིན་འདུག

Glimpse of ‘Azadi Ka Amrit Mahotsav’ Long Range Patrol (LRP) of ITBP in Uttarkashi, Uttarakhand.(Twitter/ ITBP)

རྒྱ་དཀར་ནག་གཉིས་ཀྱི་ཆེས་མཐོའི་དམག་དོན་མི་སྣས་ཐུག་འཕྲད་ལན་མང་བྱས་ཏེ་བོད་ཧིན་མཐའ་མཚམས་ཁུལ་གྱི་རྒྱ་དཀར་ནག་གཉིས་ཀྱི་རྩོད་རྙོག་ཞི་འགྲིག་ཡོང་ཐབས་བྱེད་ཀྱིན་ཡོད་ཀྱང་། འདས་པའི་ལོ་ཤས་རིང་བོད་ཧིན་མཐའ་མཚམས་ཁུལ་དུ་རྒྱ་དཀར་ནག་གཉིས་བར་རྩོད་རྙོག་ཡང་ཡང་འབྱུང་མུས་ཡིན་པ་ལྟར། ཁ་སང་ཕྱི་ཚེས་ ༡༥ ཉིན་རྒྱ་གར་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་གར་གཞུང་གིས་བོད་ཧིན་མཐའ་མཚམས་ཁུལ་དུ་རྒྱ་ནག་དམག་དཔུང་གི་གནོན་ཤུགས་འགོག་རྒོལ་ཆེད། བོད་ཧིན་མཐའ་མཚམས་ཁག་ཏུ་རྒྱ་གར་གྱི་འགོག་སྲུང་དམག་དཔུང་བདུན་འགྲེམ་འཇོག་བྱ་འཆར་ཡོད་འདུག

དེའི་ཐད་རྒྱ་གར་གཞུང་གི་ཆེ་མཐོའི་དམག་དོན་མི་སྣས། རྒྱ་གར་གྱི་མཐའ་མཚམས་དམག་དཔུང་གསར་འཛུགས་བྱ་རྒྱུའི་ལས་གཞི་འདི་ནི། བོད་ཧིན་མཐའ་མཚམས་དམག་དཔུང་གི་ལས་གཞི་གསར་པ་ཞིག་ཡིན་པ་དང་། ལས་གཞི་དེའི་ཆེད་དམག་མི་གྲངས་ ༩༤༠༠ ལྷག་ཁ་སྣོན་བྱས་ཡོད་ཅིང་། དམག་དཔུང་དེ་དག་གིས་རྒྱ་གར་དང་ཤིན་ཅང་གི་མཐའ་མཚམས་ཁུལ་གྱི་ཀ་ར་ཀོ་རམ་ལ་ནས་ (Karakoram Pass) སྤྱི་ལེ་ ༣༤༨༨ ཡོད་པའི་རྒྱ་གར་ཨ་རུ་ན་ཅལ་མངའ་སྡེའི་རྫི་ལི་ལ (Jelep La) བར་གྱི་བོད་ཧིན་མཐའ་མཚམས་ཁུལ་དུ་སོ་ལྟ་དང་སྐོར་གཡེང་། འགེབ་སྲུང་སོགས་བྱ་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

དེ་བཞིན་རྒྱ་གར་གཞུང་གིས་བོད་ཧིན་མཐའ་མཚམས་ཁུལ་དུ་རྒྱ་ནག་གི་གནོན་ཤུགས་དང་འཇབ་རྒོལ་སོགས་མི་ཡོང་སླད། མཐའ་མཚམས་བརྟན་སྲུང་བྱེད་ཀྱི་ཡོད་ཀྱང་། ཕྱི་ལོ་ ༢༠༢༠ ལོ་དང་འདས་ལོའི་ཕྱི་ཟླ་ ༡༢ ནང་རྒྱ་དཀར་ནག་གཉིས་ཀྱི་དམག་མིའི་གདོང་ཐུག་བྱུང་བའི་གནད་དོན་དང་། ད་ལྟའི་རྒྱ་གར་མཐའ་མཚམས་ཁུལ་གྱི་གནས་བབ་ལ་གཞིགས་ནས། རྒྱ་གར་གཞུང་གིས་ཧིན་སྒོར་བྱེ་བ་ ༡༨༠༠ ལྷག་གི་འགྲོ་སོང་བཏང་ནས་བོད་ཧིན་གཉིས་ཀྱི་མཐའ་མཚམས་ས་ཐིག་ (LAC) ཁུལ་དུ་དམག་སྒར་སོགས་བཟོ་རྒྱུ་ཡིན་པ་མ་ཟད། ཕྱི་ལོ་ ༢༠༢༥ ནང་ཚུད་རྒྱ་གར་གཞུང་གིས་ཧིན་སྒོར་བྱེ་བ་ ༡༦༨༡ ལྷག་གི་མ་དངུལ་བཏང་ནས་དར་ཆ་ནས་སྙེ་མོ་མཐུད་པའི་སྤྱི་ལེ ༤།༡ ཅན་གྱི་ཕུག་ལམ་གསར་རྒྱག་བྱས་ཏེ། རྒྱ་གར་བྱང་ཁུལ་ནས་མཐའ་མཚམས་ཁུལ་དུ་དམག་མི་འགྲེམ་འཇོག་དང་མཚོན་ཆ་དབོར་འདྲེན་སྟབས་ཇེ་བདེར་ཡོང་ཐབས་བྱེད་ཀྱིན་ཡོད་འདུག

གཞན་ཡང་འདས་ལོའི་ཕྱི་ཟླ་ ༧ ཚེས་ ༢༡ ཉིན་རྒྱ་ནག་གཞུང་གིས་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་བོད་ཧིན་ས་མཚམས་སུ་ཁེལ་བའི་བོད་ལྷུན་རྩེ་རྫོང་ནས་ཤིན་ཅང་གི་མཱ་ཛ་ (Mazha) བར་སྤྱི་ལེ་ ༤༦༡།༠༠༠ ཡོད་པའི་མཐའ་མཚམས་ཀྱི་མྱུར་སྐྱོད་གཞུང་ལམ་ G695 ཟེར་བ་ཞིག་གསར་རྒྱག་གི་ལས་གཞི་སྤེལ་མགོ་བཙུགས་ཡོད་ལ། རྒྱ་ནག་གཞུང་གིས་སྤང་ཀོང་མཚོའི་ཁུལ་དུའང་གཞུང་ལམ་སོགས་གསར་རྒྱག་བྱས་ཡོད།  རྒྱ་དཀར་ནག་གཉིས་བར་གྷལ་ཝན་ལུང་གཤོངས་ (Galwan valley) དང་།  བདེ་མཆོག་ (Demchok) ཁུལ། འདེབས་བཟང་ (Depsang ) ཁུལ་དུའང་རྩོད་རྙོག་ཡང་ཡང་འབྱུང་གིན་ཡོད་པས། རྒྱ་གར་གཞུང་གིས་ཕྱོགས་ཡོངས་ནས་མཐའ་མཚམས་ཁུལ་གྱི་འཛུགས་སྐྲུན་གྱི་ལས་གཞི་གོང་མཐོར་བཏང་དང་གཏོང་མུས་ཡིན་པ་མ་ཟད། རྒྱ་གར་གཞུང་གིས་རྒྱ་ནག་གི་དམག་ཤུགས་ལ་གདོང་རྒོལ་ཆེད། བོད་ཧིན་མཐའ་མཚམས་ཀྱི་ཆུ་ཤུལ་ (Chushul) ནས་བདེ་མཆོག་ (Demchok) བར་སྤྱི་ལེ་ ༡༣༥ ཅན་གྱི་གཞུང་ལམ་གསར་རྒྱག་གི་ལས་གཞི་ལག་བསྟར་བྱེད་མགོ་བཙུགས་ཡོད་ཅིང་། རྒྱ་གར་གཞུང་གི་མཐའ་མཚམས་ཀྱི་དམག་མི་དང་གོ་མཚོན་དབོར་འདྲེན་བྱ་སའི་གཞུང་ལམ་དེ་མི་ལོ་གཉིས་ཀྱི་ནང་ཚུད་དུ་འཛུགས་སྐྲུན་ཚར་བ་བྱ་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

this photo provided by the North Korean government, its Foreign Minister Choe Son Hui, right, and her Chinese counterpart Wang Yi pose for a photo at the Kumsusan Palace of the Sun in Pyongyang, North Korea, Thursday, April 9, 2026. | Photo Credit: AP
Mobile App

རྒྱ་ནག་དང་བྱང་ཀོ་རི་ཡའི་ཚོང་དོན་མཉམ་ལས་བྱས་ནས་མི་ལོ་རེ་ལྔ་འཁོར་འདུག 

༢༠༢༦/༠༤/༡༠
ལམ་བྲག་རིན་པོ་
Mobile App

༸སྐྱབས་རྗེ་ལམ་བྲག་རིན་པོ་ཆེ་མཆོག་དང་སྐུ་ཞབས་ཡངས་གླིང་རྡོ་རྗེ་རྣམ་གཉིས་སྐུ་ཚེ་འཕེན་པ་རྫོགས།

༢༠༢༦/༠༤/༡༠
A poster of the documentary film by ITV
Mobile App

བོད་དོན་འཐབ་རྩོད་ཅེས་པའི་དངོས་བྱུང་གློག་བརྙན་ཞིག་ཨ་རིའི་ཨེ་མི་གཟེངས་རྟགས་ཁོངས་སུ་མིང་བཏོན་བྱས།

༢༠༢༦/༠༤/༡༠
tibettimes
Mobile App

བོད་ཀྱི་ཆབ་སྲིད་བཙོན་པ་ཡེ་ཤེས་བཟང་པོ་ལགས་ཀློད་གྲོལ་བཏང་འདུག

༢༠༢༦/༠༤/༠༩
Mobile App

དཔལ་ས་སྐྱའི་ཁྲི་འཛིན་ཞེ་གསུམ་པ་ཛྙན་བཛྲ་རིན་པོ་ཆེ་མཆོག་ཨོ་གླིང་གི་དཔལ་འབྱོར་བློན་ཆེན་དང་མཇལ་འཕྲད་གནང་བ།

༢༠༢༦/༠༤/༠༩
TTTT
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཨོ་གླིང་གི་ཡེ་ཤུའི་ཆོས་དཔོན་བྷིལ་ཁི་རུ་སི་མཆོག་ལ་མཇལ་ཁ་བསྩལ།

༢༠༢༦/༠༤/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese