མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མན་ཇུ་ནུ་ཀ་ཊི་ལའི་བོད་ཀྱི་རིག་གཞུང་དང་ལོ་རྒྱུས་ཀྱི་རོ་བཅུད།

བོད་ཀྱི་དུས་བབ།
༢༠༢༣/༠༢/༢༤
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ། Precious Rongmei

བོད་སྒྱུར་བ། དཔལ་ལྡན།

བསམ་ཡས་གླིང་གི་ཉེ་འགྲམ་ལྡུམ་ར། Credit: iStock

གལ་ཏེ་ཁྱེད་རང་རྒྱ་གར་རྒྱལ་ས་ལྡི་ལི་རུ་ཡོད་ཅིང་། རིག་གཞུང་གིས་དྲི་ཞིམ་ཐུལ་བའི་རྒྱུན་ལྡན་གྱི་འཚོ་བ་དང་མི་མཚུངས་པའི་ལས་རིགས་མི་འདྲ་བ་ཞིག་ལ་རོལ་མྱོང་བྱ་འདོད་ཚེ། རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཡི་ནུབ་རྒྱུད་དུ་ཆགས་པའི་མ་ཇུ་ཊི་ལར་ཕེབས་དང་། མ་ཇུ་ཊི་ལ་ནི་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ཁུལ་གྱི་འཁྱམ་ཉུལ་བྱ་སའི་ས་ཚིགས་ཡག་ཤོས་ཤིག་ཡིན་པ་མ་ཟད། གནས་དེ་ནས་ཁྱེད་ཀྱིས་བོད་ཀྱི་རིག་གཞུང་ཤེས་རྟོགས་དང་། ཁྱེད་ཀྱིས་རོ་བཅུད་ལྡན་པའི་ཟས་རིགས་མང་པོ་ཞིག་མངག་ཉོ་ཐུབ་པ་མ་ཟད། ཁུལ་དེ་ནས་ཁྱེད་ཀྱིས་ཆེས་སྤྲོ་སྣང་འཛོམས་པའི་ཁོར་ཡུག་ཅིག་རྙེད་ཐུབ་ངེས་རེད།

ཡུལ་མི་རྣམས་ཀྱིས་མན་ཇུ་ནུ་ཀ་ཊི་ལ་ MT ཞེས་འབོད་ཀྱི་ཡོད་ཅིང་། ཁུལ་དེར་བོད་མི་རྣམས་གནས་སྡོད་བྱེད་ཀྱི་ཡོད། དེར་གཞུང་འབྲེལ་གྱི་ཐོག་ནས་ཨ་རུ་ན་གྷར་གཞིས་གྲོང་གསར་པ་ (New Aruna Nagar Colony) ཞེས་འབོད་ཀྱིན་ཡོད་པ་མ་ཟད། ཆང་གི་གཞིས་གྲོང་དང་བསམ་ཡས་གླིང་ཞེས་ཀྱང་འབོད་ཀྱིན་འདུག ད་དུང་ས་གནས་དེ་ངོ་མ་ཤེས་ཚེ།  དེ་ནི་ལྡི་ལི་གཙུག་ལག་སློབ་གཉེར་ཁང་གི་ནུབ་ཕྱོགས་ས་ཁོངས་ཀྱི་ཉེ་འགྲམ་དུ་ཆགས་ཡོད་པ་རེད།

མ་ཇུ་ནུ་ཀ་ཊི་ལ་ནི་ཡ་མུ་ན་གཙང་འགྲམ་དུ་ཆགས་ཡོད་ཅིང་། ས་ཁམས་ལོ་རྒྱུས་ལ་བལྟས་ཚེ། ད་ལྟའི་རྒྱ་གར་གྱི་རྒྱལ་ས་ལྡི་ལི་དེ་སུའུ་ཏན་རྒྱལ་པོའི་མངའ་དབང་འོག་ཡོད་པའི་སྐབས་ཤིག་ལ། མན་ཇུ་ནུ་ཀ་ཊི་ལ་ཁུལ་དུ་གནས་སྡོད་བྱས་ཡོད་པའི་ཏ་ཟིག་པའི་ལྐོག་གྱུར་རིང་ལུགས་པ་(Abdulla)ཨབ་ཌུ་ལཱའམ།  མིང་གཞན་ལ་མཱ་ཇུ་ནུ་(Majnu)ཞེས་ཐོགས་པའི་སྐྱེས་པ་ཞིག ཡ་མུ་ན་གཙང་པོའི་ཐོག་ནས་གུ་རུ་ནཱ་ནག་ཌེབ་Guru Nanak Dev (ཨབ་ཌུ་ལཱ་ཕྱི་ལོ་ ༡༥༠༥ ཟླ་ ༧ ཚེས་ ༢༠ ཉིན་སིག་ཆོས་ལུགས་ཀྱི་སྲོལ་འབྱེད་པ་གུ་རུ་ནཱ་ནག་ཌེབ་མཆོག་ལ་མཇལ་བར་གྲགས)མཇལ་ཡོད་ཅིང་། ཨབ་ཌུ་ལཱ་ཡིས་ལྷ་ལ་སྲི་ཞུ་བསྒྲུབ་སླད། ཁུལ་དེའི་མི་རྣམས་རིན་མེད་ཀྱི་ཐོག་ནས་ཡ་མུ་ན་གཙང་པོ་བརྒལ་དུ་འཇུག་རོགས་བྱེད་ཀྱི་ཡོད་པ་དེ་གཟིགས་སྐབས། གུ་རུ་ནཱ་ནག་ཌེབ་མཆོག་ཐུགས་དགྱེས་ཚོར་ཆེན་པོ་བྱུང་སྟེ། གནས་དེར་ཟླ་ངོ་གཅིག་ལྷག་བཞུགས་ཡོད་པ་མ་ཟད། གུ་རུ་ཁོང་གིས་གནས་དེར་མ་ཇུ་ནུ་ཀ་ཊི་ལ (Majnu-ka-tilla) འམ་མན་ཇུ་ནུ་ཡི་རི་བོ་ཞེས་བཏགས་པར་གྲགས། ཕྱིས་སུ་གུ་རུ་ནཱ་ནག་ཌེབ་མཆོག་གི་ཞབས་ཀྱིས་བཅགས་པའི་གནས་དེར་རྗེས་དྲན་ཆེད། སིག་གི་དམག་སྤྱི་ཆེན་མོ་བྷ་གལ་སིང་ (Baghel Singh Dhaliwal) གིས་ད་ལྟའི་མན་ཇུ་ནུ་ཀ་ཊི་ལར་སིག་གི་ལྷ་ཁང་(Majnu ka Tila Gurudwara)བཞེངས་ཡོད་ཅིང་། དེ་ནི་ལྡི་ལི་ཁུལ་གྱི་སིག་གི་ལྷ་ཁང་རྙིང་ཤོས་གྲས་ཤིག་ཡིན་པ་རེད།

བསམ་ཡས་གླིང་གི་ཉེ་འགྲམ་ལྡུམ་ར། Credit: iStock

ཕྱི་ལོ ༡༩༥༩ ནས་ ༡༩༦༠ བར་བོད་མི་མང་པོ་ཞིག་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་རྗེས་སུ་འབྲངས་ནས། དྷ་སར་ཕྱིན་རྗེས་སྤར་མོ་གང་ཙམ་ལས་མེད་པའི་བོད་མི་ཉུང་ཤས་ཤིག་ཡ་མུ་ན་གཙང་འགྲམ་གྱི་སྐྱབས་བཅོལ་སྡོད་སྒར་ཆུང་ཆུང་དེར་གཞིས་ཆགས་མགོ་བཙུགས།  ཕྱིས་སུ་རྒྱ་གར་དབུས་གཞུང་གིས་བོད་མི་སྐྱབས་བཅོལ་བ་རྣམས་ལ་ས་དུམ་ཞིག་གསོལ་རས་སུ་གནང་སྟེ་བསམ་ཡས་གླིང་ངམ་བོད་ཆུང་ཆུང་ཞེས་ཐོགས། དེང་གི་ཆར་མན་ཇུ་ཊི་ལ་ནི་རྒྱ་གར་རྒྱལ་ས་ལྡི་ལི་ཁུལ་གྱི་ཆེས་སྤྲོ་སྣང་ལྡན་པའི་ས་ཚིགས་ཤིག་ཏུ་ངོས་འཛིན་བྱེད་ཀྱིན་ཡོད་ལ། དེ་ནི་ལྡི་ལི་གཙུག་ལག་སློབ་གཉེར་ཁང་དང་ཨམ་བྷ་ཐི་ཀར་གཙུག་ལག་སློབ་གཉེར་ཁང་(Ambedkar University) གི་ཉེ་འགྲམ་དུ་ཆགས་ཡོད་པས། ཁུལ་དེའི་འཁྱམ་ཉུལ་བ་མང་ཤོས་ནི་སློབ་མ་ཏག་ཏག་ཡིན་པས་བྲེལ་ཟིང་དང་འདུ་འཛི་ཆེན་པོ་ཡོད་པ་གཅིག་པུ་མིན་པར།  མེ་ཊི་ནི་ཧི་མ་ཅལ་མངའ་སྡེར་འགྲོ་འོང་བྱ་སའི་སྤྱི་སྤྱོད་རླངས་འཁོར་བབ་ཚུགས་ཀྱང་ཡོད་པ་རེད།  གལ་ཏེ་ཁྱེད་རང་ཧི་མ་ཅལ་མངའ་སྡེར་བསྐྱོད་དགོས་ཚེ་མ་ཇི་ཊི་ལར་འགྲོ་དགོས་པ་རེད།

མི་མང་ཆེ་བར་མན་ཇུ་ཊི་ལར་སྐྱོད་པར་དགོས་དམིགས་ཆེན་པོ་གསུམ་ཡོད། གཅིག གསོན་ཉམས་ལྡན་པའི་བོད་ཀྱི་རིག་གཞུང་རྒྱུས་ལོན། གཉིས། གྱོན་པ་དང་། ལྷམ་སོགས་ཚུད་པའི་བོད་ཀྱི་ཅ་དངོས་ཙག་ཙིག་རིགས་ཉོ་བ།  གསུམ། བླ་ན་མེད་པའི་ཁ་ལག་གི་རིག་གནས་དེར་མྱོང་རོལ་བྱ་རྒྱུ་ཡོད་པ་རེད། ཁུལ་དེར་བོད་པ་དང་བལ་པོ་བའི་ཁ་ལག་མང་པོ་ཞིག་ཡོད་ཅིང་། ཉེ་ལམ་ཀོ་རི་ཡའི་ཟ་ཁང་ཁག་ཅིག་ཀྱང་བཙུགས་ཏེ་དར་རྒྱས་སུ་འགྲོ་མུས་ཡིན་འདུག རྒྱ་གར་རྒྱལ་སའི་ཟུར་དུ་ཆགས་པའི་གནས་དེར་ཟས་རིགས་མཐུན་རྐྱེན་ཧ་ཅང་འཛོམས་པོ་ཡིན་པས། མི་མང་པོ་ཞིག་ཐག་རིང་ནས་འདིར་ཁ་ལག་བཟའ་རུ་ཡོང་བ་མ་ཟད། སྲང་ལམ་གྱི་ལ་ཕིང་ཟ་མཁན་ཡང་མི་ཉུང་བ་ཞིག་ཡོད། གནས་འདིར་རི་བོང་བྱི་རིལ་དང་། ཕུས་བཀང་བའི་དགུན་དུས་ཀྱི་སྟོད་ལྭ་ནས་རླངས་བཙོས་ཐུག་པ་སོགས་རག་ཐུབ་ལ། ལོ་སར་སྐབས་ཁུལ་འདིའི་དགོན་པར་ཡོང་ནས་ལོ་སར་དུས་སྟོན་ལ་མྱོང་རོལ་བྱོས།

མ་ཡིག་གི་འབྲེལ་ཐགhttps://timesofindia.indiatimes.com/travel/destinations/taste-of-tibetan-culture-and-history-in-majnu-ka-tilla/articleshow/97469895.cms

འབྲེལ་ཡོད་གསར་འགྱུར།

Mobile App

གྲྭ་མཛེས་དགའ་རྒྱ་མཚོ་ལགས་ཀློད་འདུག་ཀྱང་ལྟ་རྟོག་ནན་པོ་བྱེད་ཀྱི་འདུག

ཆུ་ཚོད་ ༡༢ སྔོན་ལ།
སྐབས་བཅུ་བདུན་སྤྱི་འཐུས་གྲོས་ཚོགས་ཚོགས་དུས་བཅུ་གཅིག་པའི་ལས་ཉིན་དྲུག་པ། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

བོད་ཀྱི་རྒྱལ་དར་དང་རྒྱལ་རྟགས་རྒྱལ་གླུ་བཅས་ཀྱི་ཚན་མཐུན་གཅིག་འགྱུར་གྱི་སྙན་ཐོར་བགྲོ་གླེང་གནང་སོང་།

༢༠༢༦/༠༣/༢༡
Tibet, China - Sep 7, 2012. Chinese soldiers walking at the Jokhang temple in Lhasa, Tibet. The Jokhang Temple has two Buddha statues sacred to Tibetan Buddhists. — Photo by phuongphoto
Mobile App

པེ་ཅིན་གཞུང་གིས་བོད་མི་དང་གྲངས་ཉུང་མི་རིགས་གཞན་དག་རྒྱ་སྒྱུར་བྱ་བ་ཁྲིམས་མཐུན་བཟོ་བཞིན་འདུག

༢༠༢༦/༠༣/༢༡
Loomer meets Dalai Lama, lauds him for standing firm against threats to freedom
༸གོང་ས་མཆོག གསར་འགྱུར།

ཨ་རིའི་ཆབ་སྲིད་ལས་འགུལ་བ་ལུ་མར་ལགས་ཀྱིས་༸གོང་ས་མཆོག་ལ་མཇལ་བཅར་ཞུས།

༢༠༢༦/༠༣/༢༡
Penny Wong, Richard Marles, Judith Collins KC, Winston Peters
Mobile App

བོད་ནང་གི་ཆོས་དང་རིག་གཞུང་སོགས་ཉམས་རྒུད་དུ་འགྲོ་བཞིན་པར་བློ་འཚབ་བསྟན།

༢༠༢༦/༠༣/༢༠
TTTTT
Mobile App

དྷི་ཚ་དགོན་པའི་གྲྭ་བ་བསམ་གཏན་ལགས་ཉེས་རྡུང་བཏང་ནས་བཀྲོངས་འདུག

༢༠༢༦/༠༣/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese