མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ནང་དུ་གསར་འགོད་པ་སོགས་ཕྱི་མི་བསྐྱོད་པར་དམིགས་བསལ་གྱིས་དམ་དྲག་བྱེད་ཀྱི་ཡོད་པའི་སྙན་ཐོ་བཏོན།

བོད་ཀྱི་དུས་བབ།
༢༠༢༣/༠༣/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ཕྱི་ལོ་ ༢༠༢༢ ལོའི་ལོ་འཁོར་སྙན་ཐོ་ཞིག་བཏོན་པའི་ནང་རྒྱལ་སྤྱིའི་གསར་འགོད་པ་སོགས་ཕྱི་མི་བོད་ནང་དུ་འགྲོ་བར་དམིགས་བསལ་གྱི་ཆོག་མཆན་ལེན་པའམ་ཡང་ན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་བྱས་པའི་གསར་འགོད་པའི་ཕྱོགས་སྐྱོད་ནང་མཉམ་ཞུགས་བྱེད་དགོས་ཀྱི་ཡོད་པས་བོད་ནང་དུ་དམིགས་བསལ་གྱིས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་སྐོར་བཀོད་འདུག

ཧོང་ཀོང་ནང་ཡོད་པའི་རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ཀྱི་ཕྱི་ལོ་ ༢༠༢༢ ལོའི་གསར་འགོད་རང་དབང་གི་སྙན་ཐོ།

ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཧོང་ཀོང་ནང་ཡོད་པའི་རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ (Foreign Correspondent Club of China) ཀྱིས་ཕྱི་ལོ་ ༢༠༢༢ ལོའི་རྒྱ་ནག་ནང་གི་གསར་འགོད་རང་དབང་གི་ལོ་འཁོར་སྙན་ཐོ་བཏོན་ཡོད་པའི་ནང་། རྒྱ་ནག་དང་ཧོང་ཀོང་ནང་གསར་འགོད་ལས་དོན་གཉེར་བཞིན་པའི་གསར་ཁང་དང་གསར་འགོད་པ་ ༡༠༠ ལྷག་ལ་དཔྱད་ཞིབ་བྱས་པ་བརྒྱུད། རྒྱ་ནག་དང་བོད་ནང་དུ་རྒྱལ་སྤྱིའི་ཚད་གཞི་ལྡན་པའི་གསར་འགོད་རང་དབང་ལག་བསྟར་བྱེད་ཀྱི་མེད་པ་དང་། རྒྱ་ནག་གཞུང་གིས་གསར་འགོད་པ་མང་པོ་བཙན་འབུད་གཏོང་བ་དང་། ད་ལྟ་ལས་དོན་གཉེར་བཞིན་པའི་གསར་འགོད་པ་རྣམས་ལ་ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་ལག་བསྟར་འོག་དམ་དྲག་ཆེན་པོ་བྱས་རྐྱེན་ལས་དོན་མཚམས་འཇོག་བྱས་པ་སོགས་རྒྱ་ནག་ནང་དུ་ཕྱི་མི་བསྐྱོད་པར་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་པ་གསལ་སྟོན་བྱས་འདུག

དེའི་ཐད་ཨ་རིར་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས། རྒྱ་ནག་གཞུང་གིས་བོད་ནང་གི་དངོས་ཡོད་གནས་སྟངས་སྦས་ཐབས་སུ་ཕྱིའི་གསར་འགོད་པ་སུ་ལའང་ཁུལ་དེར་བསྐྱོད་རྒྱུར་ཆོག་མཆན་སྤྲོད་ཀྱི་མེད་པ་མ་ཟད། འདས་ལོར་རྒྱ་ནག་གི་དཔོན་རིགས་ཚོས་རྒྱལ་སྤྱིའི་གསར་འགོད་པ་རྣམས་བོད་ནང་དུ་བསྐྱོད་པར་ཆོག་མཆན་སྤྲད་མེད་པར་བརྟེན། ཕྱིའི་གསར་འགོད་པ་རྣམས་ཀྱིས་བོད་ནང་གི་དངོས་ཡོད་གནས་སྟངས་ཁྱབ་སྤེལ་གནང་རྒྱུར་མུ་མཐུད་དུ་འབད་བརྩོན་གནང་དགོས་པའི་འབོད་སྐུལ་ཞུས་འདུག དེ་བཞིན་རྒྱ་ནག་གཞུང་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚབ་དང་ལྷན་དུ་ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་དགོས། དེ་ལྟར་བྱས་ཚེ་རྒྱ་ནག་གཞུང་གིས་བོད་ཀྱི་གནད་དོན་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ཁྲོད་དུ་སྦེད་དགོས་དོན་མེད་པ་རེད། ཅེས་ནན་བརྗོད་གནང་འདུག

དེ་རིང་རྒྱ་ནག་གཞུང་ཕྱོགས་ནས་སྙན་ཐོ་དེའི་སྐོར་ལ་རྒོལ་གཏམ་བསྒྲགས་པའི་ནང་། ཚོགས་པ་དེའི་དྲ་རྒྱའི་སྟེང་ཕྱི་ལོ་ ༢༠༢༢ ལོའི་གསར་འགོད་རང་དབང་དང་འབྲེལ་བའི་སྙན་ཐོ་ཟེར་བ་ཞིག་བཏོན་ཡོད་ཀྱང་། དོན་དངོས་སུ་རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ (Foreign Correspondents’ Club of China) ནི་ཁྲིམས་འགལ་གྱི་ཚོགས་པ་ཞིག་ཡིན་ལུགས་ཀྱིས་ནམ་ཡང་ངོས་ལེན་མེད་སྐོར་དང་། དེ་བཞིན་ཚོགས་པ་དེའི་ཚོགས་མི་རྣམས་ཡུ་རོབ་ཀྱི་རྒྱལ་ཁབ་འགའ་དང་ཨ་རི་ནས་ཡིན་པའི་གསར་འགོད་པ་ཉུང་ཤས་ཤིག་ལས་གྲུབ་པ་ཞིག་ཡིན་པས། དེས་རྒྱ་ནག་ནང་གི་གསར་འགོད་རང་དབང་ཇེ་སྡུག་ཏུ་འགྲོ་བཞིན་ཡོད་པའི་སྐྱོན་འཛུགས་ཀྱི་བསྒྲགས་གཏམ་དང་སྙན་ཐོ་བཏོན་པ་དེ་ཐོག་མ་མིན་ལ། ཚོགས་པ་དེས་རྒྱ་ནག་ལ་མིང་ཆད་བཟོ་བ་དང་དམའ་འབེབ་གཏོང་ཆེད་འཁྱོག་བཤད་བྱེད་ཀྱི་ཡོད་ཚུལ་བཤད་འདུག

The work of foreign media in China is often blocked, including reports from a WHO expert group that went to Wuhan to investigate the origin of the virus

ཡང་ཧོང་ཀོང་ནང་གི་རྒྱལ་སྤྱིའི་གསར་འགོད་མཐུན་ཚོགས་ཀྱི་སྙན་ཐོ་དེའི་ནང་། ད་ལྟའི་ཆར་རྒྱ་ནག་ནང་ཏོག་དབྱིབས་གཙང་སེལ་གྱི་སྲིད་ཇུས་ལག་བསྟར་དང་འབྲེལ་ནས་དམ་དྲག་ལྷོད་དུ་ཕྱིན་ཡོད་ཀྱང་། རྒྱ་ནག་གཞུང་གིས་ཕྱིའི་གསར་འགོད་པ་དང་དེ་དག་གི་རྒྱ་རིགས་ལས་རོགས་སོགས་ལ་དྲ་ཐོག་གི་བྱ་ར་དང་འཇིགས་སྐུལ་བྱས་ཏེ་གསར་འགོད་རང་དབང་ལ་འགོག་རྐྱེན་བཟོ་བཞིན་པའི་དཀའ་ངལ་མུ་མཐུད་དུ་འཕྲད་བཞིན་འདུག དེ་ཡང་མཐུན་ཚོགས་ཀྱི་དཔྱད་ཞིབ་ནང་མཉམ་ཞུགས་བྱས་པའི་ཕྱིའི་གསར་འགོད་པ་གསུམ་ནས་འདས་ལོར་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བསྐྱོད་ཆོག་པའི་ཆོག་མཆན་ཞུས་ཡོད་ཀྱང་། རྒྱ་ནག་གཞུང་གིས་གསར་འགོད་པ་དེ་དག་ལ་ཆོག་མཆན་སྤྲད་མི་འདུག བོད་ཀྱི་ས་ཁུལ་གཅིག་པོར་ཕྱིའི་གསར་འགོད་པ་ཚུད་པའི་ཕྱི་མི་རྣམས་འགྲོ་འོང་བྱེད་པར་དམིགས་བསལ་གྱི་ཆོག་མཆན་ཞུ་དགོས་ཀྱི་ཡོད་པ་རེད། ཅེས་དང་། རྒྱལ་སྤྱིའི་གསར་འགོད་པ་རྣམས་བོད་ནང་དུ་འགྲོ་འོང་བྱེད་པར་དམིགས་བསལ་ཆོག་མཆན་ཞུ་དགོས་པ་དང། ཡང་ན་རྒྱ་ནག་གི་ཕྱི་སྲིད་ལས་ཁུངས་ཀྱིས་གོ་སྒྲིག་བྱས་པའི་གསར་འགོད་ཕྱོགས་སྐྱོད་ནང་མཉམ་ཞུགས་བྱ་དགོས་ཀྱི་ཡོད། ཅེས་བཀོད་འདུག

ད་དུང་སྙན་ཐོ་དེའི་ནང་། འདས་ལོར་རྒྱ་ནག་ཉེན་རྟོག་པས་བོད་ཀྱི་ཟི་ཁྲོན་ཞིང་ཆེན་དུ་ཕྱི་རྒྱལ་གྱི་གསར་འགོད་པ་ཞིག་བསྐྱོད་པར་དམ་དྲག་ཤུགས་ཆེན་བྱས་ཡོད་པའི་སྐོར་ལ་གསར་འགོད་པ་དེས། རྒྱ་ནག་གི་ཉེན་རྟོག་པ་དང་ས་གནས་དཔོན་རིགས་ཀྱིས་ང་རང་བོད་ཀྱི་ཟི་ཁྲོན་ཞིང་ཆེན་དུ་བསྐྱོད་པར་བཀག་སྡོམ་དང་དོ་དམ་བྱས་སོང་། ང་རང་ལ་འདས་པའི་ཉིན་གསུམ་རིང་གི་ཏོག་དབྱིབས་ནད་རྟགས་ཐོན་མེད་པའི་གྲུབ་འབྲས་གསུམ་ཡོད་ཀྱང་། ས་གནས་དཔོན་རིགས་ཀྱིས་ཏོག་དབྱིབས་གཙང་སེལ་སླད་ཕྱི་མི་ཡོང་ཆོག་གི་མེད་ཚུལ་བརྗོད་དེ་བཙན་གྱིས་མཁའ་ལམ་བརྒྱུད་ཁྲིན་ཏུའུ་ (Chengdu) གྲོང་ཁྱེར་དུ་གཏོང་ཐབས་བྱས་སོང་། ཕྱིས་སུ་གནམ་གྲུ་འཕུར་སྐྱོད་བྱེད་མ་ཐུབ་ནའང་ཆུ་ཚོད་ ༡༡ ཙམ་གྱི་རིང་རླངས་འཁོར་ནང་བཞག་སྟེ་ཐད་ཀར་ཁྲིན་ཏུའུ་གྲོང་ཁྱེར་དུ་བཏང་སོང་། ཞེས་བརྗོད་འདུག

རྒྱ་ནག་གཞུང་གིས་བོད་ནང་དུ་ཕྱིའི་གསར་འགོད་པ་དང་ཕྱི་འབྲེལ་མི་སྣ། ཡུལ་སྐོར་སྤྲོ་འཆམ་པ་སོགས་རང་དབང་ངང་བསྐྱོད་རྒྱུར་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་པ་མ་ཟད། རྒྱལ་སྤྱིའི་སྐྱོན་བརྗོད་ལ་གཡོལ་ཆེད་དང་རྒྱལ་སྤྱིའི་ཐོག་འཁྱོག་བརྗོད་དྲིལ་བསྒྲགས་རིགས་ཡོང་སླད་རྒྱ་ནག་གཞུང་ཕྱོགས་ནས་གྲ་སྒྲིག་དང་ལམ་འཁྲིད་ཆ་ཚང་བྱས་པའི་ཐོག་ནས་ཕྱི་འབྲེལ་མི་སྣ་སོགས་བོད་ནང་ལྟ་སྐོར་ལ་འཁྲིད་ཀྱི་ཡོད་པ་རེད། ཡིན་ནའང་། བོད་ནང་དུ་རང་དབང་ནང་འགྲོ་སྐྱོད་མི་ཆོག་པའི་དམ་དྲག་མུ་མཐུད་ལག་བསྟར་བྱེད་བཞིན་པའི་རྐྱེན་གྱིས། ཕྱི་ལོ་ ༢༠༡༨ ལོར་ཨ་རིའི་གཞུང་གིས་བོད་ནང་འགྲོ་འོང་འདྲ་མཉམ་གྱི་ཁྲིམས་གཞི་གཏན་འབེབ་བྱས་པའི་ནང་། ཨ་རིའི་ནང་རྒྱ་ནག་གི་མི་སེར་ལ་འགྲོ་འོང་སོགས་ཀྱི་ཐོབ་ཐང་ཡོད་པ་ལྟར། བོད་ནང་དུ་ཨ་རིའི་གསར་འགོད་པ་དང་ཕྱི་འབྲེལ་མི་སྣ། དེ་བཞིན་ཨ་རིའི་མི་སེར་དཀྱུས་མ་རྣམས་ལ་འགྲོ་འོང་གི་ཐོབ་ཐང་སྤྲོད་དགོས་སྐོར་གསལ་ཡོད་པ་རེད། ཡིན་ནའང་། རྒྱ་ནག་གཞུང་གིས་ཁྲིམས་གཞི་དེར་བརྩི་བཀུར་མ་བྱས་པའི་རྐྱེན་གྱིས་ཕྱི་ལོ་ ༢༠༢༠ ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རིའི་ནང་རྒྱ་ནག་གི་དཔོན་རིགས་རྣམས་ལ་ཆོངས་མཆན་ཐད་བཀག་སྡོམ་བྱེད་མགོ་བཙུགས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

རྔ་བ་ཀིརྟི་དགོན་གྱི་དགེ་བཤེས་བསོད་ནམས་རྒྱ་མཚོ་ལགས། འགྲེལ་ཡོད་ཀྱིས་འདི་གར་བོད་ནས་མཁོ་སྤྲོད་བྱས།
Mobile App

ཆབ་སྲིད་བཙོན་ཟུར་གཅེན་གཅུང་གཉིས་ཀྱི་གཟུགས་གཞིའི་གནས་སྟངས་ཧ་ཅང་སྐྱོ་བོ་ཆགས་འདུག  

༢༠༢༣/༠༥/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese