མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མ་ཎི་རྡོ་བརྐོས་ཚོགས་པ་བཙུགས་རྐྱེན་བོད་མི་གཉིས་འཛིན་བཟུང་བྱས།

བོད་ཀྱི་དུས་བབ།
༢༠༢༣/༠༣/༠༧
Share on FacebookShare on TwitterShare on EmailShare on Whatsapp

ཏོག་དབྱིབས་ནད་ཡམས་ཀྱིས་འདས་གྲོངས་སུ་ཕྱིན་པ་རྣམས་ཀྱི་ཆེད་དུ་མ་ཎི་རྡོ་བརྐོས་ཚོགས་པ་བཙུགས་རྐྱེན་བོད་མི་གཉིས་འཛིན་བཟུང་བྱས་ཏེ་གར་ཡོད་ཆ་མེད་དུ་གྱུར།

འདམ་གཞུང་རྫོང་ཁོངས་ཀྱི་མ་ཎི་རྡོ་བརྐོས། པར་བོད་ནས་འདི་གར་བཏང་།

ཟླ་འདིའི་ཕྱི་ཚེས་ ༤ ཉིན་འདི་ག་བོད་ཀྱི་དུས་བབ་གསར་ཁང་ལ་བོད་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། བོད་རང་སྐྱོང་ལྗོངས་ཟེར་བའི་འདམ་གཞུང་རྫོང་ཁོངས་ནས་ཡིན་པའི་བོད་མི་ཡི་དམ་དང་ཁོང་གི་གྲོགས་པོ་ཞིག་འཛིན་བཟུང་བྱས་ཏེ་ཟླ་གཉིས་ཙམ་འགྲོ་བཞིན་ཡོད་ཀྱང་། ད་ལྟའང་གང་དུ་བཀག་ཉར་བྱེད་བཞིན་ཡོད་མེད་ཤེས་རྟོགས་མ་ཐུབ་པར་ལྷག་འདུག

ཕྱི་ལོ་༢༠༢༢་ལོར་ཏོག་དབྱིབས་ནད་ཡམས་རྐྱེན་ཀྱིས་ས་གནས་བོད་མི་མང་པོ་ཞིག་འདས་གྲོངས་སུ་གྱུར་ཡོད་པར་བརྟེན། ས་གནས་བོད་མི་ཡི་དམ་ཞེས་པ་ཞིག་གིས་རྡོ་བརྐོས་ཚོགས་པ་ཞིག་གསར་འཛུགས་བྱས་ཏེ། ད་ལྟ་བར་དུ་མ་ཎི་དང་ཡིག་བརྒྱ་སྒྲོན་མ་སོགས་གང་ཙམ་གྲུབ་ཡོད་པ་དང་། ས་གནས་བོད་མི་དང་ས་གནས་གཞན་མང་པོ་ནས་ཁོང་ལ་བསྟོད་བསྔགས་དང་།མཉམ་རུབ་བྱེད་མཁན་མང་དུ་སོང་ནས་ད་ལྟ་ཚོགས་པ་དེའི་ནང་དུ་བོད་མི་༤༠༠ལྷག་ཡོད་འདུག

འདམ་གཞུང་རྫོང་ཁོངས་ཀྱི་མ་ཎི་རྡོ་བརྐོས། པར་བོད་ནས་འདི་གར་བཏང་།

འདི་ལོའི་ཕྱི་ཟླ་དང་པོའི་ནང་འདམ་གཞུང་རྫོང་དང་གསེར་ལམ་ས་གནས་ཉེན་རྟོག་པ་ཡོང་སྟེ། གོང་རིམ་ལ་ཡར་ཞུ་མ་བྱས་པར་གང་འདོད་ཚོགས་པ་གསར་འཛུགས་བྱས་ནས་རང་འདོད་ངང་དངུལ་བསྡུ་ལེན་སོགས་བྱས་ནས་ཁྲིམས་སྒྲིག་དང་འགལ་ཡོད་པའི་ཉེས་མིང་འོག   ཚོགས་པ་འཛུགས་མཁན་ཡི་དམ་ལགས་དང་ཁོང་གི་གྲོགས་པོ་ཞིག་འཛིན་གཟུང་བྱས་ཡོད་འདུག ཡིན་ནའང་། ཁོང་གི་གྲོགས་པོ་དེའི་མིང་དང་ལོ་རྒྱུས་སོགས་ཉིན་ཤས་རིང་རྩད་གཅོད་བཏང་ཡང་རག་མ་སོང་།

ཡི་དམ་ལགས་རང་ལོ་༥༠་ཡས་མས་ཤིག་ཡིན་པ་དང་ནམ་རྒྱུན་ཆོས་ཕྱོགས་ཀྱི་བྱེད་སྒོ་རིགས་ལ་ཧ་ཅང་དགའ་བོ་ཡོད་མཁན་ཞིག་ཡིན་སྟབས། ཕྱི་ལོ་༢༠༡༡ལོར་ཁོང་གི་ཨ་མ་འདས་གྲོངས་སུ་ཕྱིན་ཡོད་སྟབས། རྒྱུ་དངོས་ཡོད་ཚད་ལྷ་སའི་རྨེ་རུ་དགོན་གསར་དུ་ཕུལ་ཏེ། ཁོ་རང་སྤུན་མཆེད་མཉམ་དུ་བསྡད་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese