མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩོམ་པ་པོ་ཟངས་དཀར་འཇམ་དབྱངས་ལགས་ལ་ལོ་བཞིའི་ཁྲིམས་ཐག་བཅད།

བོད་ཀྱི་དུས་བབ།
༢༠༢༣/༠༣/༡༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་རྔ་བ་ཁུལ་ཁྱུང་ཆུ་རྫོང་ཁོངས་ནས་ཡིན་པའི་རྩོམ་པ་པོ་དང་སྐད་སྒྱུར་བ་ཟངས་དཀར་འཇམ་དབྱངས་ལགས་སུ་རྒྱལ་ཁབ་ཁ་བྲལ་གཏོང་བའི་བྱ་སྤྱོད་སྤེལ་ཡོད་ལུགས་ཀྱི་ཉེས་མིང་གཡོགས་ཏེ་ལོ་བཞི་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

བོད་ནང་གི་རྩོམ་པ་པོ་ཟངས་དཀར་འཇམ་དབྱངས་ལགས། པར་འབྲེལ་ཡོད་ཀྱིས་འདི་གར་མཁོ་སྤྲོད་གནང་།་

རྩོམ་པ་པོ་ཁོང་གི་འབྲེལ་ཡོད་ཅིག་ནས་འདི་གར་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཕྱི་ལོ ༢༠༢༠ ཟླ ༦ ཚེས ༤ ཉིན་གྱི་དགོང་མོར། རྒྱ་ནག་གཞུང་གིས་གློ་བུར་དུ་རྩོམ་པ་པོ་ཟངས་དཀར་མྱི་ལྡང་ངམ་ཟངས་དཀར་འཇམ་དབྱངས་ལགས་འཛིན་བཟུང་བཙན་འཁྲིད་བྱས་ཡོད་པ་དང་། དེ་ནས་བཟུང་ཁོང་གང་དུ་ཡོད་མེད་དང་གནས་སྟངས་ག་རེ་ཆགས་ཡོད་སོགས་ཅི་ཡང་གོ་ཐོས་མེད་པར་གྱུར་ཡོད་ཀྱང་། ཉེ་སྔོན་ཁོང་ལ་སྐད་འཕྲིན་སོགས་སུ་དཀྲོག་གཏམ་སྤེལ་བ་དང་རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག་ལོ་བཞི་ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཟིན་ཡོད་པའི་གནས་ཚུལ་ཤེས་རྟོགས་བྱུང་འདུག

རྒྱ་གཞུང་ཉེན་རྟོག་ཁང་ནས་རྩོམ་པ་པོ་ཁོང་འཛིན་བཟུང་བྱས་པའི་གནས་ཚུལ་སུ་གང་ལའང་བཤད་མི་ཆོག་པ་དང་། གལ་ཏེ་སྐད་ཆ་ཕྱི་ལ་ཁྱབ་ན་འབྲེལ་ཡོད་ཚོར་ཉེས་ཆད་གཅད་རྒྱུ་ཡིན་པའི་ཉེས་བརྡ་བཏང་སྟེ་གསང་བའི་ཐོག་ནས་ཁྲིམས་ཐག་བཅད་ཡོད་ལུགས་འགྲེལ་བརྗོད་གནང་བྱུང་ལ། ད་ལྟ་རྩོམ་པ་པོ་ཁོང་སི་ཁྲོན་མེན་ཡཱང་བཙོན་ཁང་དུ་བཅུག་ཡོད་འདུག་ལ། ཁྲིམས་ཁང་གང་ནས་ག་དུས་ཁྲིམས་ཐག་བཅད་པ། ད་ལྟའི་སྐུ་གཟུགས་གནས་སྟངས་ག་འདྲ་ཡོད་སོགས་གང་ཡང་གསལ་ཁ་མི་འདུག

གནས་ཚུལ་མཁོ་སྤྲོད་པས། རྒྱ་ནག་གཞུང་གིས་ཁོང་འཛིན་བཟུང་བྱ་དགོས་དོན་གཙོ་བོའི་ཐད་གསལ་ཁ་མེད་ཀྱང་། ཕྱི་ལོ་ ༢༠༢༠ ཟླ་ ༣ པའིི་ནང་རྒྱ་ནག་གཞུང་གིས་ཁྱུང་ཆུ་རྫོང་ཁོངས་ཀྱི་སློབ་གྲྭ་ཁག་གི་ནང་བོད་ཡིག་སློབ་མཚམས་བཞག་སྟེ། རྒྱ་སྒྱུར་སློབ་གསོ་སྤེལ་རྒྱུ་ཡིན་པའི་བཙན་བཀའ་བཏང་སྟེ་རིམ་གྱིས་ལག་བསྟར་བྱེད་མགོ་བཙུགས་པར་བརྟེན། ཕྱི་ལོ་ ༢༠༢༠ ཟླ་ ༥ ཚེས་ ༢༥ ཉིན་རྩོམ་པ་པོ་ཟངས་དཀར་འཇམ་དབྱངས་ལགས་ཀྱིས། བོད་སྐད་བོད་ཡིག་སྦྱང་བརྩོན་བྱ་རྒྱུ་ནི་བོད་མི་རྣམས་ཀྱི་འགན་འཁྲི་ཡིན་པའི་ཁར། རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་དང་མཐུན་གྱི་ཡོད་སྐོར་གྱི་རྩོམ་ཡིག་ཅིག་བྲིས་ཏེ་དྲ་ལམ་དུ་སྤེལ་ཡོད་པའི་རྐྱེན་གྱིས་ཉེས་འཛུགས་བྱས་པ་ཞིག་ཡིན་པའི་ཚོད་དཔག་བྱེད་ཀྱིན་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

ཕྱི་ལོ ༡༩༩༨ ལོར་ཁོང་རྒྱ་གར་དུ་ཡོང་ནས་དབྱིན་ཡིག་སྦྱང་ཞོར་དུ། བག་གསར་བོད་ཡིག་ཚགས་པར་གྱི་རྩོམ་སྒྲིག་པའི་འགན་འཁུར་ཡོད་པ་དང་། ཕྱི་ལོ   ༢༠༠༢ ཡས་མས་སུ་ཕ་ཡུལ་དུ་ལོག་སྟེ་ཨ་རིའི་རོགས་ཚོགས་ཁག་ཅིག་ཅིག་ཚུད་པའི་ཕྱི་རྒྱལ་གྱི་ཡུལ་སྐོར་བ་ཚོར་སྐད་སྒྱུར་གྱི་ལས་ཀ་བྱས། ཕྱི་ལོ་ ༢༠༡༩ ལོའི་ཟླ་མཇུག་ཏུ་ཨ་རིར་ཐོངས་མཆན་རག་ཡོད་ཀྱང་ཏོག་དབྱིབས་ནད་ཡམས་ཀྱིས་འགྲོ་ཐུབ་མེད་འདུག  ཁོང་གིས་དེ་སྔོན་བོད་ནང་འཕག་འཚག་རྒོད་པའི་ལྕེ་ཞེས་པ་ཞིག་བརྩམས་ཡོད་འདུག་ལ། དེ་བཞིན་སྦྲང་ཆར་སོགས་ཀྱི་ཐོག་རྩོམ་ཡིག་མང་པོ་སྤེལ་མྱོང་ཡོད་འདུག

ད་ལྟ་རང་ལོ ༤༧ ཡིན་པའི་རྩོམ་པ་པོ་ཟངས་དཀར་འཇམ་དབྱངས་ལགས་ནི་རྔ་བ་ཁུལ་ཁྱུང་མཆུ་རྫོང་གི་ཟངས་དཀར་སྟོད་མར་ཕ་བསོད་ནམས་མགོན་པོ་དང་མ་ཀརྨ་སྒྲོན་གཉིས་ཀྱི་བུར་སྐྱེས་ཤིང་། ཁོང་དང་ཁོང་གི་བཟའ་ཟླ་ལྷ་མོ་མཚོ་གཉིས་ལ་ཕྲུ་གུ་གཉིས་ཡོད་འདུག

རྩོམ་པ་པོ་ཁོང་གིས་བྲིས་པའི་སྐད་ཡིག་སྐོར་གྱི་རྩོམ་ཞིག ངའི་ཕ་སྐད་ཕ་ཡིག

 གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

ཀན་སུའུ་ཞིང་ཆེན་ཐེ་བོ་རྫོང་གི་གཡིས་པ་ཡུལ་ཚོ། པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་།
Mobile App

གྲྭ་དཀོན་མཆོག་གྲགས་པ་ལགས་འཛིན་བཟུང་བྱས་འདུག (ནོར་བཅོས)

༢༠༢༣/༡༡/༠༧
རྒྱ་ནག་རྒྱལ་ཡོངས་བུད་མེད་རྐང་སྤོལ་རུ་ཁག་ནང་ཚུད་པའི་བོད་པའི་བུ་མོ་སྒྲོལ་མ་སྐྱིད་ལགས།
Mobile App

བོད་ཀྱི་བུ་མོ་ཞིག་རྒྱ་ནག་རྒྱལ་ཡོངས་བུད་མེད་རྐང་སྤོལ་རུ་ཁག་ཏུ་ཚུད།

༢༠༢༣/༡༠/༡༢
Amnesty International report 2022-2023
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལ་སྔར་ལས་བཙན་གནོན་དམ་དྲག་བྱས་ཡོད་པའི་སྙན་ཐོ་བཏོན།

༢༠༢༣/༠༣/༣༡
ཁྱིམ་ཐོ། དྲ་ལམ་གྱི་པར།
Mobile App

བོད་དུ་ཕྱིར་ལོག་བྱེད་མཁན་ཚོར་ཁྱིམ་ཐོ་མ་སྤྲད་པར་དཀའ་ངལ་འཕྲད་ཀྱི་འདུག

༢༠༢༣/༠༣/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese