མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྩིས་ལོའི་ནང་སྔོན་རྩིས་འཆར་འབུལ་ཧིན་སྒོར་ས་ཡ་ ༣༠༣༤།༠༡ བཀའ་འཁྲོལ་ཞུས་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༣/༡༥
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་སྐབས་བཅུ་བདུན་པའི་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་ལྔ་པ་དབུ་འཛུགས་ཞུས་པའི་ཐོག་གཞུང་འབྲེལ་མྱ་ངན་རྗེས་དྲན་གྱི་གྲོས་ཆོད་གཅིག་དང་བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གྲོས་ཆོད་བདུན་བཅས་བཏོན་གནང་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་ཐད་གཏོང་དྲ་ངོས་ནས་འདྲ་བཤུས་བྱས།

དེ་རིང་ཕྱི་ཚེས་ ༡༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༡།༣༠ སྟེང་བོད་མིའི་སྒྲིག་འཛུགས་ཀྱི་ལྟེ་གནས་གངས་སྐྱིད་སྤྱི་འཐུས་ཚོགས་ཁང་དུ་བོད་མི་མང་སྤྱི་འཐུས་སྐབས་ ༡༧ པའི་གྲོས་ཚོགས་ཚོགས་དུས་ ༥ པ་དབུ་འཛུགས་གནང་ཡོད་པ་དང་། དབུ་འཛུགས་ཚོགས་ཐོག་ཏུ་བོད་མི་མང་སྤྱི་འཐུས་ཟུར་པ་བདུད་འདུལ་སྤྲུལ་སྐུ་བློ་བཟང་ཐུབ་བསྟན་མཆོག་ཕྱི་ལོ་ ༢༠༢༢ ཟླ་ ༡༠ ཚེས་ ༡༤ ཉིན་དགུང་གྲངས་ ༨༥ ཐོག་ཧུབ་ལི་རུ་དགོངས་པ་རྫོགས་ཡོད་པར་གཞུང་འབྲེལ་མྱ་ངན་གུས་འདུད་ཀྱི་རྗེས་དྲན་གྲོས་ཆོད་གཅིག་དང་། བོད་ནང་གི་ཛ་དྲག་གནས་སྟངས་ཐོག་གྲོས་ཆོད་དོན་ཚན་བདུན་བཅས་བཏོན་གནང་སོང་བ་མ་ཟད། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སྔོན་རྩིས་འགོད་འབུལ་སྐོར་གྱི་གསུང་བཤད་གནང་ཞིང་། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གི་ཚོགས་གཙོ་སྤྱི་འཐུས་དབུ་དཀར་ཚང་གཡུ་སྒྲོན་ལགས་ཀྱིས་ཚོགས་ཆུང་གི་སྙན་ཐོ་སྒྲོག་སྦྱངས་བཅས་གནང་བའི་ཐོག སང་ཉིན་ནས་སྤྱི་ཡོངས་བགྲོ་གླེང་བྱ་གཏན་ཁེལ་བ་དང་།  སྤྱི་འཐུས་དབང་འདུས་རྡོ་རྗེ་ལགས་ཀྱིས་ཉིན་གྲངས་བཞིའི་རིང་དགོངས་པ་ཞུས་པ་མ་གཏོགས་གཞན་སྤྱི་འཐུས་ཚང་མ་ལྷན་འཛོམས་ཀྱི་ཐོག་ནས་འབྱུང་འགྱུར་ཉིན་གྲངས་ ༡༠ རིང་རྩིས་ལོ་ ༢༠༢༣ དང་༢༠༢༤ ཡི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུངས་མ་ལག་དང་བཅས་པའི་སྔོན་རྩིས་ཐོག་བགྲོ་གླེང་དང་གཏན་འབེབ་བྱ་རྒྱུ་ཡིན་པ་རེད།

དཔལ་འབྱོར་བཀའ་བློན་དང་སྲིད་སྐྱོང་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས་བོད་མིའི་སྒྲིག་འཛུགས་ཀྱི་རྩིས་ལོ་  ༢༠༢༣ དང་ ༢༠༢༤ ཡི་སྔོན་རྩིས་འཆར་འབུལ་ཧིན་སྒོར་ས་ཡ་ ༣༠༣༤།༠༡ བཀའ་འཁྲོལ་ཞུས་ཡོད་སྐོར་གསུངས་སོང་ལ། སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་གིས་རྩིས་ལོ་འདིའི་ནང་སྔ་ལོ་ལས་སྔོན་རྩིས་མ་དངུལ་ཧིན་སྒོར་ས་ཡ་ ༤༩༡།༨༠ དང་བརྒྱ་ཆ་ ༡༩།༣༥ འཕར་ཡོད་ཀྱང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྔོན་རྩིས་ཚོད་དཔག་འཆར་རྩིས་ཚོགས་ཆུང་ནས་སྤར་གཅོག་གང་ཡང་གནང་མི་འདུག

བོད་མིའི་སྒྲིག་འཛུགས་ཀྱི་ཐད་གཏོང་དྲ་ངོས་ནས་འདྲ་བཤུས་བྱས།

རྩིས་ལོ་ ༢༠༢༣ དང་ ༢༠༢༤ ལོའི་སྔོན་རྩིས་འཆར་འབུལ་ནང་། བཀའ་དྲུང་ཡིག་ཚང་གི་ཆབ་སྲིད་ཀྱི་འགྲོ་གྲོན་ཚུད་པའི་ཆབ་སྲིད་དང་འབྲེལ་བའི་འགྲོ་གྲོན་ཁྱོན་ས་ཡ་ ༦༠༣།༧༢ (༡༩།༩༠%) དང་། འཛིན་སྐྱོང་དང་འབྲེལ་བའི་འགྲོ་གྲོན་ས་ཡ་ ༣༧༨།༥༩ (༡༢།༤༨%)། སྤྱི་ཚོགས་དང་འབྲེལ་བའི་འགྲོ་གྲོན་ས་ཡ་ ༢༠༥༡།༧༠ (༦༧།༦༢%) བཅས་ཀྱི་སྡེ་ཁག་གསུམ་དུ་བཀར་ཏེ་རྩིས་བསྐོར་ཞུས་ཡོད་འདུག དེ་བཞིན་ད་ལན་འཛིན་སྐྱོང་བཀའ་ཤག་ནས་རྩིས་ལོ་ ༢༠༢༣ དང་ ༢༠༢༤ དང་། རྩིས་ལོ་ ༢༠༢༤ དང་ ༢༠༢༥། རྩིས་ལོ་ ༢༠༢༥ དང་ ༢༠༢༦། རྩིས་ལོ་ ༢༠༢༦ དང་ ༢༠༢༧ བཅས་སོ་སོར་ཆ་བགོས་འཆར་འགོད་ཟིན་ཡོད་པ་མ་ཟད། རྩིས་ལོ་རྗེས་མར་ཕྱི་རྒྱལ་རོགས་ཚོགས་ཁག་གི་ཚོགས་འདུ་ཞིག་ཀྱང་བསྐོང་ཚོགས་གནང་འཆར་ཡོད་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས་གྲོས་ཚོགས་དབུ་འཛུགས་ཀྱི་གསུང་བཤད་སྤེལ་དོན། དེ་རིང་སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ པ་ཚོགས་པའི་དུས་ཚོད་ཆགས་བསྡད་ཡོད། དེ་རིང་ཤིན་ཏུ་དུས་ཚོད་བཟང་པོ་ཞིག་དང་༧གོང་ས་མཆོག་གི་༧སྐུའི་བླ་གཟའ་ཆགས་བསྡད་ཡོད། དེ་རིང་སྔ་དྲོ་བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག་བོད་ཀྱི་ལྷ་མི་ཡོངས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་བའི་སྐལ་བཟང་གོ་སྐབས་བྱུང་ཡོད་པ་དང་། བོད་མི་ཚང་མས་༧གོང་ས་མཆོག་གི་གསེར་ཞལ་མཇལ་རྒྱུ་བྱུང་བ་དང་། ༧གོང་ས་མཆོག་གི་བཀའ་སློབ་ཕེབས་པ་གཞིར་བཟུང་བོད་མི་རིགས་དང་། བོད་ཀྱི་ཆོས་དང་རིག་གཞུང་། དེ་བཞིན་རྒྱ་བལ་འབྲུག་གསུམ་ནང་གི་སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དང་། བོད་མིའི་ཆབ་སྲིད་ཀྱི་དཀའ་ངལ་སེལ་སླད། ༧གོང་ས་མཆོག་གི་སྐུ་ཚེ་ཡུན་རིང་འཚོ་བཞུགས་གནང་བའི་ཞལ་བཞེས་གནང་བའི་སྐལ་བཟང་གོ་སྐབས་ཤར་བ། བོད་ཕྱི་ནང་གཉིས་ཙམ་མ་ཟད། བོད་དང་འབྲེལ་བའི་ཕྱིའི་རྒྱལ་ཁབ་མང་པོ་ཞིག་ལ་ཆབ་སྲིད་དང་། ཆོས་དང་རིག་གཞུང་གི་ཐོག་ནས་ཕན་པ་རྒྱ་ཆེན་པོ་སྒྲུབ་ཐུབ་པ་དང་། ༧གོང་ས་མཆོག་གིས་ཐུགས་རེ་གནས་བ་དེ་བོད་དང་ཆོས་དང་རིག་གཞུང་གཅིག་པའི་མི་རིགས་ཚང་མའི་དགོངས་པ་སྒྲིབ་སྦྱོང་བྱེད་ཐུབ་གལ་ཆེན་པོ་ཞེ་དྲགས་ཆགས་བསྡད་ཡོད། ༧གོང་ས་མཆོག་མིའི་ཚུལ་དུ་ཕེབས་ནས་ཕྱི་ལོ་བརྩིས་ན་དགུང་ལོ་ ༨༨ ་དང་། བོད་ལོའི་དགུང་ལོ་ ༨༩ ཕེབས་ཡོད། སྐྱེས་བུ་ཐ་མལ་བ་ཡིན་ན་རང་བཞིན་མིའི་བྱ་བ་བྱེད་མ་ཐུབ་པ་ཞིག་ཡོང་གི་ཡོད་ཀྱང་། ༧གོང་ས་མཆོག་ནི་དམིགས་བསལ་ཆོས་དང་རིག་གཞུང་གི་ཐོག་ནས་འཕགས་མཆོག་སྤྱན་རས་གཟིགས་ཀྱི་རྣམ་སྤྲུལ་དང་། སྐུ་ཤ་རློན་པ་ལས་སྤྲུལ་བ་ཞིག་ཡིན་པས། ད་ལྟ་ཡིན་ནའང་ཐུགས་འཆར་རྒྱ་ཆེན་པོ་ཞིག་དང་། མཛད་འཕྲིན་རྒྱ་ཆེ་རུ་འགྲོ་བ། དེ་བཞིན་༧གོང་ས་མཆོག་གི་མཛད་པ་ཐུགས་སྨོན་གནང་མཁན་བོད་པ་གཅིག་པོ་ཙམ་མིན་པར། རྒྱལ་སྤྱིའི་མི་འབོར་ཁྱོན་ཐེར་འབུམ་བརྒྱད་ཙམ་གྱིས་དོ་སྣང་བྱེད་སའི་གཞི་ཆགས་ཡོད། ༧གོང་ས་མཆོག་གི་ཐུགས་ཀྱི་དགོངས་གཞི་གང་ཡོད་པ་དེ་འགྲུབ་ཐུབ་པ་དང་། ཡུན་རིང་འཚོ་བཞུགས་ཐུབ་པར་བོད་ཆོལ་ཁ་གསུམ་དམ་ཚིག་རྡོག་རྩ་གཅིག་སྒྲིལ་བྱེད་དགོས། རྒྱལ་བ་དགྱེས་པའི་མཆོད་སྤྲིན་གལ་ཆེ་བ་གཅིག་དེ་རེད་བསམ་གྱི་འདུག བོད་མིའི་སྒྲིག་འཛུགས་ཀྱི་འགན་ཁུར་ནས་ཚང་མས་འཕྱར་གྲུ་མཉམ་འདེགས་བྱེད་དགོས་པ་གལ་ཆེན་པོ་ཆགས་ཡོད། དེ་རིང་འདིར་ཡོད་པ་ཚང་མ་གནད་ཡོད་རྐྱང་རྐྱང་ཡིན་དུས། དེའི་ཐོག་ལ་མུ་མཐུད་དུ་འགན་འཁུར་བཞེས་དགོས་པ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

བོད་མིའི་སྒྲིག་འཛུགས་ཀྱི་ཐད་གཏོང་དྲ་ངོས་ནས་འདྲ་བཤུས་བྱས།

ཡང་ཁོང་གིས། ང་ཚོ་ནི་བཙན་བྱོལ་གྱི་གནས་སྟངས་ཞིག་ཆགས་བསྡད་ཡོད། མིའི་ལུང་པར་སྡོད་བཞིན་པའི་མི་རིགས་ཞིག་ཆགས་ཡོད། ང་ཚོའི་ཕ་ཡུལ་ལ་ཕར་རྒྱབ་ཏུ་ལྷག་བསྡད་ཡོད། ང་ཚོ་བོད་ཀྱི་མི་འབོར་མང་ཤོས་བོད་ནང་དུ་བསྡད་ཡོད་ཅིང་། བོད་ནང་གི་བོད་མི་ཚོས་༧གོང་ས་མཆོག་དང་། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་རེ་བ་ཆེན་པོ་གནང་བཞིན་ཡོད། ༧གོང་ས་མཆོག་གི་ཐུགས་རེ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས། དེ་བཞིན་བཙན་བྱོལ་དུ་ཡོད་པའི་བོད་མི་སུ་ཡིན་ཡང་བོད་ནང་གི་བོད་མིའི་སྙིང་སྟོབས་དང་། ལྷག་བསམ། ཆོད་སེམས་ནི་རི་ལྟ་བུ་ཞིག་ལ་ངོས་འཛིན་ཞུ་བཞིན་ཡོད་པ་རེད། བོད་གཞིས་བྱེས་གཉིས་ཀྱི་མཛའ་བརྩེ་འགྲུབ་ཐུབ་པར་ང་ཚོ་ཚང་མས་དགོངས་པ་བཞེས་དགོས་པ་གཅིག་དང་། ལྷག་པར་དུ་རྒྱ་ནག་གཞུང་གིས་སྲིད་ཇུས་བཟུང་བའི་ཐོག་ནས་བོད་ནང་དུ་ཛ་དྲག་གི་གནས་སྟངས་མུ་མཐུད་དུ་ལྷག་བསྡད་ཡོད། བོད་པའི་ཆོས་དང་། རིག་གཞུང་། གོམས་གཤིས་སོགས་སྣོད་བཅུད་ཚང་མར་ཛ་དྲག་དང་དངངས་འཚབ་ཆེ་རུ་འགྲོ་བའི་གནས་སྟངས་སུ་ཆགས་བསྡད་ཡོད། རྒྱ་ནག་གཞུང་གིས་ཡར་རྒྱས་གཏོང་བཞིན་ཡོད་ཅེས་ལས་འཆར་མང་པོ་བྱེད་བཞིན་ཡོད་པ་རེད། ཆབ་སྲིད་སྲིད་ཇུས་རིམ་པ་མང་པོ་སྤེལ་བཞིན་ཡོད་པ་རེད། མདོར་བསྡུས་ན་རྒྱ་གཞུང་གི་སྲིད་ཇུས་དེའི་ཐོག་ནས་བོད་མི་རིགས་ཀྱི་སྐད་ཡིག་རིག་གཞུང་རྩ་མེད་བཟོ་བཞིན་པ་གསལ་བོ་རེད། དེང་སང་རྒྱལ་སྤྱིའི་ཐོག་ནས་ཆབ་སྲིད་གནས་སྟངས་ལ་འགྱུར་བ་ཆེན་པོ་འགྲོ་བཞིན་ཡོད་པས། རྒྱ་ནག་ནང་དུའང་ཆབ་སྲིད་ཀྱི་འགྱུར་བ་འགྲོ་བཞིན་ཡོད། ད་ལྟའི་ཆར་ཞི་ཅིན་ཕིན་གྱིས་ལས་ཡུན་ཐེངས་གསུམ་པ་མགོ་བཙུགས་ཟིན་པ་རེད། རྒྱ་ནག་གི་མགོ་ཁྲིད་ཚོར་སྙིང་སྟོབས་དང་། ཆོད་སེམས་གསར་བ་ཞིག་ཡོད་པའི་ཐོག་ནས་བོད་ནང་གི་གནས་སྟངས་ཐད་༧གོང་ས་མཆོག་དགོངས་པ་བཞིན་བོད་རྒྱའི་དཀའ་རྙོག་སེལ་ཐུབ་པ་ཡིན་ན་བོད་རྒྱ་མི་རིགས་གཉིས་ཀྱི་དཀའ་ངལ་སེལ་བར་གལ་ཆེན་པོ་རེད། ཅེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་མཛད་སྒོའི་ཐོག་ཆིབས་བསྒྱུར་བསྐྱངས་ཏེ་བླང་དོར་བཀའ་སློབ་བསྩལ། པར་བོད་ཀྱི་དུས་བབ། ༢༠༢༣།༡༠།༢༦
Mobile App

དབུ་དགེ་དམ་པའི་དམིགས་ཡུལ་ནང་བཞིན་སློབ་གཉེར་བ་རྣམས་ཀྱིས་སློབ་སྦྱོང་བྱས་པའི་དོན་དག་འགྲུབ་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས།

༢༠༢༣/༡༠/༢༦
བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་བཅར་འདྲིར་ལན་འདེབས་གནང་བཞིན་པ། ༢༠༢༣།༩།༢༧ དུས་བབ་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་གཞི་རིམ་མི་མང་ལས་འགུལ་བར་ཐུག་འཕྲད་གནང་།

༢༠༢༣/༠༩/༢༧
Deputy Speaker Dolma Tsering Teykhang Attends IPAC Prague Summit 2023
Mobile App

སྤྱི་འཐུས་ཚོགས་གཞོན་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ལྷན་ཚོགས་སུ་བོད་དོན་གསུང་བཤད་གནང་།  

༢༠༢༣/༠༩/༠༨
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ནས་ཁེ་ན་ཌའི་
Mobile App

ཁེ་ན་ཌའི་ཁྲིམས་དོན་བློན་ཆེན་དང་ཁྲིམས་དོན་སྤྱི་ཁྱབ་གསར་པར་འཚམས་འདྲི་ཞུས།

༢༠༢༣/༠༧/༢༩
Mobile App

གྲོས་ཚོགས་ཚོགས་དུས་ལྔ་པ་མཇུག་སྒྲིལ་སོང་།

༢༠༢༣/༠༣/༢༥
སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག སྤྱི་འཐུས་ལྷན་ཚོགས་ཀྱི་ཐད་གཏོང་ནས་བླངས།
Mobile App

ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ལ་རྒྱབ་སྐྱོར་ཐོབ་མ་སོང་།

༢༠༢༣/༠༣/༢༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese