མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འགྲོ་ཕན་སྨན་རྩིས་ཁང་བསྐྱར་འཛུགས་གནང་སྟེ་ལོ་ངོ་ ༦༢ འཁོར་བའི་དུས་དྲན་སྲུང་གཙི་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༣/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༡༦ ལོར་ལྷ་ལྡན་འགྲོ་ཕན་སྨན་རྩིས་ཁང་ཕྱག་བཏབ་ནས་མི་ལོ་ ༡༠༧ དང་། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༦༡ ལོར་བཞུགས་སྒར་དྷ་རམ་ས་ལར་འགྲོ་ཕན་སྨན་རྩིས་ཁང་བསྐྱར་འཛུགས་བསྐྱངས་ཏེ་ལོ་ངོ་ ༦༢ འཁོར་བའི་དུས་དྲན་སྲུང་གཙི་གནང་། 

འགྲོ་ཕན་སྨན་རྩིས་ཁང་བསྐྱར་འཛུགས་གནང་སྟེ་ལོ་ངོ་ ༦༢ འཁོར་བའི་དུས་དྲན་སྲུང་གཙི། ཕྱི་ལོ་ ༢༠༢༣ ཟླ་ ༣ ཚེས་ ༢༣ ཉིན། པར་དབང་། བོད་ཀྱི་དུས་བབ།

དེ་རིང་༧རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༡༦ ལོར་ལྷ་ལྡན་འགྲོ་ཕན་སྨན་རྩིས་ཁང་ཕྱག་བཏབ་ནས་མི་ལོ་ ༡༠༧ དང་། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་ཕྱི་ལོ་ ༡༩༦༡ ལོར་བཞུགས་སྒར་དྷ་རམ་ས་ལར་འགྲོ་ཕན་སྨན་རྩིས་ཁང་བསྐྱར་འཛུགས་བསྐྱངས་ཏེ་ལོ་ངོ་ ༦༢ འཁོར་བའི་དུས་དྲན་སྲུང་གཙི་གནང་བ་དང་། མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་ཟླ་བ་ཚུལ་ཁྲིམས་ལགས་དང་། དམིགས་བསལ་སྐུ་མགྲོན་ཀངྒ་ར་ཨ་ཡུ་ཤི་ལས་ཁུངས་ཀྱི་ངེས་སྟོན་པ་གཞོན་པ་ (Dr. Anil Kumar Garg Ji)ལགས། དེ་བཞིན་འགྲོ་ཕན་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་ཚེ་རིང་ལགས་གཙོས་པའི་སྨན་པ་རྣམ་པ་དང་སློབ་གྲྭའི་དགེ་སློབ་ལས་བྱེད་བཅས་འཛོམས་འདུག་ལ། སྐབས་དེར་མཐོ་སློབ་ཀྱི་སློབ་སྤྱི་སྨན་པ་ངག་དབང་བཟོད་པ་ལགས་དང་མི་ཤུགས་ཚན་པའི་འགན་འཛིན་གཉིས་ནས་ཞབས་ལོ་ ༣༠ དང་ ༢༠ འཁོར་བའི་ལས་བྱེད་ཁག་ཅིག་ལ་གཟེངས་བསྟོད་ཕྱག་འཁྱེར་དང་སྐབས་ཉི་ཤུ་པའི་སློབ་ཐོན་སྨན་པ་ ༢༣ ལ་བསླབ་པ་མཐར་སོན་གྱི་ཕྱག་འཁྱེར་བཅས་སྩལ་སོང་།

ཐོག་མར་འགྲོ་ཕན་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན་ཐུབ་བསྟན་ཚེ་རིང་ལགས་ཀྱིས། སྨན་རྩིས་ཁང་གི་ལོ་རྒྱུས་ངོ་སྤྲོད་དང་འབྲེལ། ད་ལྟའི་ཆར་སྨན་རྩིས་ཁང་ལ་ཁྱོན་ལས་བྱེད་ ༦༤༡ ཡོད་པའི་ནང་ནས་སྨན་པ་ ༡༤༨ དང་སྐར་རྩིས་པ་ ༣༡། རྒྱ་བལ་གཉིས་སུ་ཡན་ལག་སྨན་ཁང་ཁྱོན་ ༦༣ ཡོད་པ་རྣམས་ཀྱིས་ལོ་ལྟར་སྨན་སྦྱིན་ཆེད་ཧིན་སྒོར་ས་ཡ་ ༥༠ མིན་ཙམ་གཏོང་གི་ཡོད་པ་དང་། འདས་ལོའི་ཕྱི་ཟླ་ ༡ ཚེས་ ༣༡ བར་དུ་ཧིན་སྒོར་ ༢,༨༠,༠༥,༥༩༠།༠༠ འབབ་ཀྱི་སྨན་སྦྱིན་བཏང་བ་མ་ཟད། ནད་པ་ཁྱོན་ ༥,༤༠,༥༧༠ ལ་བརྟག་དཔྱད་གཟིགས་སྐྱོང་གནང་ཡོད་སྐོར་དང་། བསླབ་པ་མཐར་སོན་དང་རྒྱུད་གསུམ་ངག་རྒྱུགས་འབུལ་མཁན་གྱི་ཕྱག་འཁྱེར་བཞེས་མཁན་སྐབས་ཉི་ཤུ་བའི་སྨན་པ་རྣམས་དང་། ཞབས་ལོ་ཉི་ཤུ་དང་སུམ་ཅུ་ལོན་པའི་གཟེངས་རྟགས་ཕྱག་འཁྱེར་བཞེས་མཁན་ལས་བྱེད་རྣམས་ལ་འཚམས་འདྲི་ཞུ་རྒྱུ་དང་། ལོ་འདིར་ཆོད་གན་ལས་བྱེད་ཀྱི་དུས་ཡུན་ཕར་འགྱངས་མི་ཐུབ་པ་དང་། སྨན་སློབ་སྐབས་ཉི་ཤུ་དང་རྩིས་སློབ་སྐབས་བཅུ་གཅིག་པ་ནས་བཟུང་ལས་ཀའི་ས་མིག་ཐོན་ན་འདེམས་རྒྱུགས་ལམ་ནས་མ་གཏོགས་ལས་བྱེད་དུ་འཇུག་བཞེས་མི་ཐུབ་པའི་གསལ་བསྒྲགས་སྤེལ་དགོས་བྱུང་བ་ནི། སྐབས་བབས་མི་རྒྱུ་གཉིས་ཀྱི་གནས་སྟངས་དབང་གིས་ཡིན་སྐོར་སོགས་བརྗོད་སོང་།

འགྲོ་ཕན་སྨན་རྩིས་ཁང་གི་སྤྱི་ཁྱབ་འགན་འཛིན།

ད་དུང་ཁོང་གིས། སྐབས་ཉི་ཤུའི་སྨན་པའི་ཁྲོད་ནས་སྒེར་གྱི་སྨན་ཁང་བཟུང་མཁན་ཡོད་ཚེ་འགྲོ་ཕན་སྨན་རྩིས་ཁང་ནས་སྨན་དང་རིན་ཆེན་རིལ་བུ། ཐོན་དངོས་བཅས་ཀྱི་ཐོག་ལ་ (Classified rate) ནས་བརྒྱ་ཆ་ཉི་ཤུ་ཙམ་གྱི་ཆག་ཡང་ཐོག་ཉོ་ཚོང་བྱ་རྒྱུ་དང་། འགྲོ་ལུགས་ལྟར་དགོས་ངེས་ཀྱི་གན་རྒྱ་འཇོག་རྒྱུ། དམའ་མཐའི་ཚད་གཞི་བཟོ་རྒྱུ་རིགས་བྱེད་པའི་ཐོག་ནས་ཉོ་ཚོང་བྱ་རྒྱུ་ཡིན་སྐོར་དང་། ད་ལྟའི་ཆར་སྨན་རྩིས་ཁང་གི་སྨན་པ་བཞི་ཀཱ་ཛཱག་ཀི་སི་ཐན་དུ་བསྐྱོད་པའི་གོ་སྐབས་ཐོབ་ཀྱི་ཡོད་པ་དང་། ཕྱི་ནང་སྡེ་ཚོགས་གཞན་ནས་སྨན་པའི་དགོས་མཁོ་ཞུ་མཁན་བྱུང་ཚེ་གོ་སྐབས་སྤྲོད་རྒྱུ་ཡིན་སྐོར་དང་། ད་བར་ཁོང་ནས་དུས་ཡུན་ལོ་གཅིག་རིང་འཛིན་སྐྱོང་གི་བྱེད་སྒོ་ཁག་ལ་འགྱུར་བཅོས་ཆེ་འབྲིང་ཆུང་གསུམ་གཏོང་སྐབས། ཚང་མས་གཙི་སྲུང་མཉམ་རུབ་གང་ལེགས་གནང་བ་དང་།  ལོ་འདིར་བསྒྲུབ་དགོས་པའི་ལས་དོན་གལ་ཆེན་གཉིས་ནི། སྨན་རྩིས་ཁང་གི་ལས་བྱེད་ལས་ཟུར་རྣམས་ནས་རྗེས་ལོར་༧རྒྱལ་དབང་ཐམས་ཅན་མཁྱེན་པར་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་དང་། དགའ་ལྡན་ཕོ་བྲང་ནས་ལམ་སྟོན་དང་ས་ཆ་གསོལ་བསྩལ་བྱུང་ཚེ་གནས་མཆོག་རྡོ་རྗེ་གདན་དུ་ཏཱ་ལའི་བླ་མ་གནའ་བོའི་བོད་དང་རྒྱ་གར་རིག་གཞུང་གི་བསྟི་གནས་ཁོངས་སུ་སྨན་རྩིས་ཁང་གི་ཡན་ལག་གམ་བསྟི་གནས་ཤིག་འཛུགས་སྐྲུན་བྱ་རྒྱུ་དེ་ཡིན་སྐོར་སོགས་བརྗོད་སོང་།

དེ་ནས་དམིགས་བསལ་སྐུ་མགྲོན་ཀངྒ་ར་ཨ་ཡུ་ཤི་ལས་ཁུངས་ཀྱི་ངེས་སྟོན་པ་གཞོན་པ་སྨན་པ་ཨ་ནིལ་ཀུ་མར་ (Dr. Anil Kumar Garg Ji) ལགས་ཀྱིས། སྨན་རྩིས་ཁང་བསྐྱར་འཛུགས་བྱུང་ནས་ལོ་ངོ་ ༦༢ འཁོར་བའི་དུས་དྲན་ལ་སྨན་རྩིས་ཁང་གི་ལས་སློབ་ཡོངས་ལ་འཚམས་འདྲི་ཞུ་བ་དང་། རྒྱ་གར་གཞུང་གིས་གསོ་བ་རིག་པ་ལ་ཆེ་མཐོང་སྤྲོད་ཀྱི་ཡོད་པ་དང་། ད་ལྟའི་ཆར་འཛམ་གླིང་གི་རྒྱལ་ཁབ་མང་པོ་ཞིག་གིས་སྨན་རྩིས་ཁང་ལ་ཆེ་མཐོང་སྤྲོད་ཀྱིན་ཡོད་པ་དང་། ཉི་ཧོང་སོགས་ཕྱིའི་རྒྱལ་ཁབ་ཀྱི་མི་མང་པོས་གསོ་བ་རིག་པ་སྦྱོང་འདོད་བྱེད་ཀྱི་ཡོད་སྐོར། ད་བར་སྨན་རྩིས་ཁང་གི་སྨན་བཅོས་ཐབས་ལམ་བརྒྱུད་མི་མང་པོའི་འཕྲོད་བསྟེན་ཐོག་ཕན་ཐོགས་ཆེན་པོ་བྱུང་ཡོད་པ་དང་། སྨན་རྩིས་ཁང་གི་ཕྱག་ལས་གནང་ཕྱོགས་ལ་ཡིད་སྨོན་སྐྱེ་ཡི་ཡོད་སྐོར་སོགས་བརྗོད་སོང་།

འཕྲོད་བསྟེན་དྲུང་ཆེ་ཟླ་བ་ཚུལ་ཁྲིམས།

སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་དྲུང་ཆེ་ཟླ་བ་ཚུལ་ཁྲིམས་ལགས་ཀྱིས། འགྲོ་ཕན་སྨན་རྩིས་ཁང་ནི་བཙན་བྱོལ་སྤྱི་ཚོགས་ནང་ཕན་ཐོགས་བསྒྲུབ་ཐུབ་མཁན་གྱི་ཚོགས་པ་གལ་ཆེན་པོ་ཞིག་ཆགས་ཀྱི་ཡོད་པ་དང་། དེར་བརྟེན་ཚོགས་པ་འདིའི་ནང་གི་རྩིས་ཉར་སྟངས་དང་། འཛིན་སྐྱོང་གི་ལས་དོན་སོགས་ཚགས་ཚུད་བྱུང་མེད་ཚེ། ཚོགས་པ་ཉམས་རྒུད་འགྲོ་ཉེན་ཆེ་བས། ལས་དོན་ཚགས་ཚུད་དགོས་པ་དང་། ཚོགས་པ་འདིའི་ནང་ལས་དོན་ཆེ་འབྲིང་ཆུང་གསུམ་གང་འདྲ་ཞིག་གནང་གི་ཡོད་རུང་། ཁྲིམས་དང་སྒྲིག་གཞི་ཚད་ལྡན་འཁྱེར་དགོས་གལ་ཆེན་པོ་ཡིན་སྐོར་དང་། འགྲོ་ཕན་སྨན་རྩིས་ཁང་གི་མ་འོངས་ལས་དོན་བྱེད་ཕྱོགས་ཐོག་མི་མང་གི་བདེ་དོན་དང་ཚོང་གཉིས་ཀྱི་ཐོག་ལ་ལྟ་དགོས་གལ་ཆེན་པོ་ཡིན་པ་དང་། ཏོག་དབྱིབས་གཉན་རིམས་སྐབས་མི་མང་པོའི་ཚེ་སྲོག་ལ་དཀའ་ངལ་འཕྲད་དུས་དང་འདས་པའི་ལོ་གསུམ་གྱི་ནང་ན་རྩིས་ཁང་གིས་མི་མང་ཉམ་ཐག་དང་ཏོག་ནད་ཅན་སོགས་ལ་རོགས་རམ་ཧ་ཅང་གི་ལེགས་པོ་གནང་བར་བཀའ་དྲིན་ཆེན་པོ་ཡིན་སྐོར་དང་།  ནད་པ་རྣམས་ལ་སྨན་བཅོས་དང་བརྟག་དཔྱད་བྱེད་སྐབས། བཀའ་མོལ་གནང་སྟངས་ཀྱི་ཐོག་ལ་ཡིད་གཟབ་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་སོགས་འགྲེལ་བརྗོད་གནང་སོང་།

འབྲེལ་ཡོད་གསར་འགྱུར།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་འཛུགས་སྐྲུན་ཆེེད་མཁས་པ་ཉི་མ་རྡོ་རྗེ་ལགས་སུ་འཚམས་འདྲི་གནང་བ། པར་དུས་བབ་ཀྱིས་བསྒྲིགས།
Mobile App

འཛུགས་སྐྲུན་ཆེད་མཁས་པ་ཉི་མ་རྡོ་རྗེ་ལགས་སུ་འཚམས་འདྲི་གནང་།

༢༠༢༤/༠༧/༠༤
ཇི་ནེ་ཝ་བོད་དོན་གླེང་སྟེགས་ཐེངས་ ༥ པའི་ཐོག་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་གསུང་བཤད་གནང་། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཇི་ནེ་ཝ་བོད་དོན་གླེང་སྟེགས་ཐོག་དབང་བསྒྱུར་འོག་གི་ཛ་དྲག་གནས་སྟངས་གླེང་སློང་གནང་བཞིན་འདུག

༢༠༢༣/༡༠/༢༧
གངས་སྐྱིད་གསོལ་ཚིགས་ཁང་གི་ཚོགས་ཁང་དུ་བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་ཁག་གི་ཚོགས་ཆེན་ཐེངས་གཉིས་པ་བསྡུས། ༢༠༢༣།༠༨།༣༡ དུས་བབ་ཀྱི་པར།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་རོགས་ཚོགས་ཚོགས་ཆེན་ཐེངས་གཉིས་པ་འཚོག་བཞིན་འདུག

༢༠༢༣/༠༨/༣༡
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ནས་ཁེ་ན་ཌའི་
Mobile App

ཁེ་ན་ཌའི་ཁྲིམས་དོན་བློན་ཆེན་དང་ཁྲིམས་དོན་སྤྱི་ཁྱབ་གསར་པར་འཚམས་འདྲི་ཞུས།

༢༠༢༣/༠༧/༢༩
དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་འགྲོ་ཕན་སྨན་རྩིས་ཁང་གི་སྨན་སློབ་ལས་བྱེད་ཁག་ཅིག་ལ་བཀའ་སློབ་བསྩལ།

༢༠༢༣/༠༣/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese