མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ལ་རྒྱབ་སྐྱོར་ཐོབ་མ་སོང་།

བོད་ཀྱི་དུས་བབ།
༢༠༢༣/༠༣/༢༣
Share on FacebookShare on TwitterShare on EmailShare on Whatsapp

ཁྲིམས་ཞིབ་པའི་འོས་ཆོས་དང་འབྲེལ་བའི་བཀའ་ཤག་གི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ལག་བསྟར་གཏན་འབེབས་གནང་ཐུབ་མ་སོང་།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག སྤྱི་འཐུས་ལྷན་ཚོགས་ཀྱི་ཐད་གཏོང་ནས་བླངས།

 དེ་རིང་གྲོས་ཚོགས་ཚོགས་དུས་ལྔ་པའི་ལས་ཉིན་བརྒྱད་པའི་ཉིན། བོད་མིའི་སྒྲིག་འཛུགས་བཀའ་ཤག་གི་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་སུ་བསྣམས་ཕེབས་པའི་ཁྲིམས་འཆར་ཡིག་ཆ་ཨང་༡༩་པ་དེར་རྩ་འབོར་གྱི་གསུམ་ཆ་གཉིས་ཡན་གྱི་རྒྱབ་སྐྱོར་མ་ཐོབ་པར་ཟགས་སོང་། དེ་བཞིན་བོད་མི་མང་སྤྱི་འཐུས་ཀྱི་རྒྱུན་ལས་ནས་བསྣམས་ཕེབས་པའི་སྲིད་སྐྱོང་དང་བཀའ་བློན་རྣམ་པའི་ལས་ཁུར་དམ་འཇོག་གི་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་ཡིག་ཆ་ཨང་༢༠་པ་དེར་བཟོ་བཅོས་ཀྱི་ཁྲིམས་འཆར་ཁུར་ཡོང་སྟེ་བཟོ་བཅོས་ཁྲིམས་འཆར་ཐོག་མང་མོས་གནང་སོང་ཡང་གཏན་འབེབ་ཐུབ་མ་སོང་།  

ཁྲིམས་འཆར་ཟགས་རྗེས། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། བཀའ་ཤག་གིས་བཏོན་པའི་གཞུང་འབྲེལ་བསྐྱར་བཅོས་ཡིག་ཆ་ཨང་ ༡༩ པར་དགོངས་པ་རྒྱ་ཆེར་གཏོང་མ་ཐུབ་པར་བློ་ཕམ་ཡོད་ཅིང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་བོད་ཀྱི་སྤྱི་ཚོགས་ཁྲོད་ཀྱི་གནད་དོན་དག་མཁྱེན་རྟོགས་ཡོད་པའི་འོས་འགན་ཐོག་ཁྲིམས་བཟོ་དགོས་པ་གལ་ཆེ་བ་མ་ཟད། འདས་ཟིན་པའི་ལས་དོན་ཕྱིར་ལྡོག་བྱེད་མི་ཐུབ་པའི་དཀའ་ངལ་མུ་མཐུད་དུ་དྲངས་སྟེ། མ་འོངས་པའི་ལམ་ཁ་མདུན་སྐྱོད་བྱེད་མི་ཐུབ་པའི་ཁོར་ཡུག་ཅིག་ནང་དུ་ལྷུང་བའི་སེམས་ཚོར་སྤྲད་སོང་། སྤྱི་འཐུས་ཡོོངས་ཀྱིས་བསམ་བློའི་ཁ་ཕྱོགས་ལམ་བུ་གཅིག་ཏུ་བསྐྱོད་ཚེ། བོད་མིའི་སྒྲིག་འཛུགས་སྲ་བརྟན་བྱེད་ཕྱོགས་ཀྱི་ནུས་ཤུགས་མཉམ་སྤུངས་བྱེད་ཐུབ་པ་དང་། སྤྱི་ཚོགས་ནང་དུ་ཡང་སྲིད་འབྱུང་བཞིན་པའི་བསམ་ཕྱོགས་མི་གཅིག་པའི་རིགས་ལ་ཕན་ཐོགས་ཆེན་པོ་ཡོད་ཀྱང། གནད་དོན་ལ་གོ་བ་ལེན་སྟངས་དང་རྒྱུ་མཚན་འདྲེན་སྟངས་སྣ་ཚོགས་ཀྱི་དབང་དུ་ཤོར་སོང་། དེ་བཞིན་བཀའ་ཤག་གི་ངོས་ནས་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོ་ཀ་བ་གསུམ་ཁྲིམས་མཐུན་གྱི་ལས་དོན་བྱེད་ཕྱོགས་བཟུང་ནས་ཤར་བསྐྱོད་བྱེད་བཞིན་ཡོད་ལ།  མ་འོངས་བའི་ཁྲིམས་ཞིབ་པ་གནད་དོན་གལ་ཆེན་དུ་བཟུང་ནས་ཁྲིམས་འཆར་དུ་འཁོད་པའི་ཐབས་ལམ་ཡོད་པ་ལས། མི་སོ་སོའི་ཁེ་ཕན་སྒྲུབ་ཆེད་དུ་གྲོས་ཚོགས་ཀྱི་སྒྲིག་གཞི་ལ་གཏན་ནས་མི་འཚམ་པ་ཞིག་རེད། བཀའ་ཤག་གིས་གནད་དོན་གང་ཞིག་གི་ཐོག་ཏུ་བསམ་ཞིབ་བྱས་ཏེ། འགྲེལ་བརྗོད་བྱས་ཀྱང་དོན་ཕན་བྱུང་བའི་ངོས་ལེན་ཅི་ཡང་བྱུང་གི་མེད་རྐྱེན། མ་འོངས་བར་མང་གཙོ་ཀ་བ་གསུམ་ལས་ཁྲིམས་ཞིབ་པ་དགོས་ཀྱི་མེད་པའི་དོགས་སློང་རང་བཞིན་གྱི་ཡོང་གི་ཡོད་སྐོར་གསུངས་སོང་།

བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་གིས། སྤྱི་འཐུས་རྣམ་པས་གྲོས་ཚོགས་སུ་བཅའ་ཁྲིམས་བསྐྱར་བཅོས་ཡིག་ཆ་ཨང་ ༡༩ དང་ཨང་ ༢༠ གཉིས་ལ་བགྲོ་གླེང་མང་པོ་བྱས་ཡོད་པ་དང་།  ཁྲིམས་བཟོ་ལས་དོན་གྱི་སྐབས་སུ་བབ་བརླིང་བརྟན་གསུམ་གྱི་བསམ་བློ་བཏང་ཚེ་ཕྱོགས་ཡོངས་སུ་ཕན་ཐོགས་ཡོད་ཀྱང་། བགྲོ་གླེང་ལ་ཆ་ཤས་ལེན་ཕྱོགས་ཀྱི་ཐོག་ནས་བསམ་ཚུལ་མང་པོ་སླེབས་པས། ཉིན་བཅུའི་གྲོས་ཚོགས་དུས་ཡུན་ལས་འདང་ངེས་ཞིག་མ་རེད། དེ་བཞིན་བཀའ་ཤག་དང་སྤྱི་འཐུས་ཀྱི་བཅའ་ཁྲིམས་བསྐྱར་བཟོ་ཁྲིམས་འཆར་བསྣམས་ཡོད་པ་དེར། ཚོགས་གཙོ་གཞོན་གཉིས་ཀྱིས་བསམ་འཆར་སོགས་གང་ཡང་བཏོན་མེད་པ་མ་ཟད། གྲོས་ཚོགས་ཀྱི་ནང་དུ་བགྲོ་གླེང་བྱས་ཏེ་གཏན་འབེབས་བྱས་པའི་ཡིག་ཆ་རྣམས་ཁྲིམས་མཐུན་ཡིན་པར་ར་སྤྲོད་བྱེད་ཀྱི་ཡོད་ཀྱང་། བགྲོ་གླེང་གི་ཆ་ཤས་ལེན་པའི་སྐབས་སུ་འདས་ཟིན་པའི་གནད་དོན་ཞིག་གླེང་སློང་བྱས་པར་ཕན་འབྲས་ཅི་ཡང་མེད་པས། སྐབས་བབ་ཀྱི་ལས་དོན་བྱེད་ཕྱོགས་ཀྱི་ནང་དོན་ངེས་པར་དུ་གཞི་རྩ་འཛིན་དགོས་སྐོར་གསུངས་སོང་།

སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག སྤྱི་འཐུས་ལྷན་ཚོགས་ཀྱི་ཐད་གཏོང་ནས་བླངས།

གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་ཡིག་ཆ་ཨང་ ༡༩ པའི་ནང་།   རང་ལོ་ཞེ་ལྔ་ཧྲིལ་པོ་ལོན་པ་ཡན།   རྒྱལ་ཁབ་གཞན་གྱི་ཁྲིམས་ཁང་ཞིག་ཏུ་ལོ་ལྔའི་རིང་ཁྲིམས་དཔོན་གྱི་ལས་ཁུར་བྱས་མྱོང་བའམ། ཡང་ན་བཙན་བྱོལ་བོད་མིའི་ཁྲིམས་ཞིབ་ཁང་འོག་མ་ཞིག་ཏུ་ཁྲིམས་ཞིབ་པའི་ལས་འཁུར་ལོ་བཅུ་རིང་བྱས་མྱོང་བའམ། རྒྱལ་ཁབ་གཞན་གྱི་ཁྲིམས་ཁང་དུ་ཉུང་མཐར་ལོ་བཅོ་ལྔའི་རིང་ཁྲིམས་རྩོད་པའི་ལས་ཀ་བྱས་མྱོང་བའམ། ཁྲིམས་ལུགས་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པའི་ལག་ཁྱེར་ཡོད་ཁར་བཙན་བྱོལ་བོད་མིའི་ཁྲིམས་དང་ལམ་ལུགས་ཀྱི་ཁྲིམས་རྩོད་པའི་ལས་ཁུར་ལོ་ངོ་ཉི་ཤུའི་རིང་བླངས་མྱོང་བའམ། ལས་བྱེད་པ་དྲུང་འཕར་ཡན་དང་། མཛད་གཙོ་ལས་ཟུར་གྱི་ཁོངས་ནས་བོད་མིའི་སྒྲིག་འཛུགས་ནང་ལས་ཁུར་ལོ་ངོ་ཉེར་ལྔ་ལྷག་རིང་བླངས་མྱོང་ཡོད་པ་ཞིག་དགོས་པ་ཡིན། ཞེས་འཁོད་ཡོད་འདུག 

 དེ་བཞིན་གཞུང་འབྲེལ་བཅའ་ཁྲིམས་བསྐྱར་བཅོས་ཁྲིམས་འཆར་ཡིག་ཆ་ཨང་ ༢༠ པའི་ནང་།   སྲིད་སྐྱོང་དང་། བཀའ་བློན་རྣམ་པའི་ལས་འཁུར་དམ་འཇོག འདེམས་ཐོན་སྲིད་སྐྱོང་དང༌། བཀའ་བློན་རྣམ་པ་བཅས་ལས་འཁུར་དུ་མ་ཞུགས་གོང་ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བའི་མདུན་དུ་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དང་གསང་རྒྱའི་དམ་བཅའམ། ཁས་ལེན་ཞུ་དགོས། ཁྲིམས་ཞིབ་པ་ཆེ་བ་མེད་ཚེ་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་སྐུ་པར་དང་མ་ཎི་བཀའ་འབུམ་མདུན་ཁྲིམས་ལུགས་སུ་གཏན་འབེབས་བྱས་པའི་ཚིག་གཞི་ལྟར་ལས་འཁུར་དང་གསང་རྒྱའི་དམ་བཅའམ། ཁས་ལེན་ཞུ་དགོས། ཞེས་གསལ་ཡོད་འདུག

དེ་བཞིན་བཀའ་ཤག་གི་མཉམ་ལས་དང་བཟོ་ཚོང་སྡེ་ཚན་གང་ཞིག་ལོ་རང་བཀག་རྩིས་གསལ་གཙང་ཁེ་གསལ་གྱི་ཡོད་རུང་། ལོ་སྔོན་མ་རྣམས་སུ་སྡེ་ཚན་མ་ལག་དང་བཅས་པའི་ཕྱོགས་བསྡོམས་རྩིས་གསལ་དུ་སྡེབ་གསོག་གྱོང་གུན་ཡོད་རིགས་ཁ་གསབ་མ་ཟིན་པར་ལོ་འཁོར་གཙང་ཁེའི་བརྒྱ་ཆ་༡༥ འབུལ་མི་དགོས་པ་དེ་ཕྱིར་བསྡུ་ཡི་བསྐྱར་བཅོས་ཁྲིམས་འཆར་གཏན་འབེབས་ཐུབ་མ་སོང། 

གསར་འགོད་པ། བྱམས་པ་ཚེ་རིང་། དཔལ་ལྡན། 

འབྲེལ་ཡོད་གསར་འགྱུར།

Sikyong Penpa Tsering during the meeting with executive members of Tibetan Association of NY & NJ.
Mobile App

སྲིད་སྐྱོང་མཆོག་ཨ་རིའི་ནེའུ་མེག་སི་ཁོ་རུ་ཕེབས་ཐོན་གྱིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༤/༡༢/༡༨
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཀི་རན་རི་ཇི་ཇུ་ལགས།
Mobile App

སྲིད་སྐྱོང་མཆོག་གིས་སྐུ་ཞབས་རི་ཇི་ཇུ་ལགས་ལ་འཚམས་འདྲི་གནང་།

༢༠༢༤/༠༦/༡༣
Mobile App

ཉིན་གྲངས་གཉིས་རིང་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་འཚོག་མགོ་བཙུགས།

༢༠༢༤/༠༣/༡༢
༧སྐྱབས་རྗེ་རྡོ་བུམ་བློ་བཟང་བསྟན་འཛིན་རིན་པོ་ཆེ་མཆོག
Mobile App

བོད་མིའི་སྒྲིག་འཛུགས་ནས་༧སྐྱབས་རྗེ་རྡོ་བུམ་བློ་བཟང་བསྟན་འཛིན་མཆོག་དགོངས་པ་རྫོགས་པར་ཐུགས་གསོ་གནང་།

༢༠༢༤/༠༢/༠༣
རིག་གཞུང་སྲུང་སྐྱོབ་ལས་གཞིའི་འབྲེལ་ཡོད་ལས་བྱེད་རྣམས། དུས་བབ་ཀྱི་པར། ༢༠༢༣།༡༡།༠༣
Mobile App

བོད་ཀྱི་རིག་གཞུང་སོར་ཆུད་དང་ནུས་པ་གོང་སྤེལ་གཏོང་ཕྱོགས་ཀྱི་ལས་གཞི་དབུ་འབྱེད་གནང་སོང་།

༢༠༢༣/༡༡/༠༣
དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་མཛད་སྒོའི་ཐོག་ཆིབས་བསྒྱུར་བསྐྱངས་ཏེ་བླང་དོར་བཀའ་སློབ་བསྩལ། པར་བོད་ཀྱི་དུས་བབ། ༢༠༢༣།༡༠།༢༦
Mobile App

དབུ་དགེ་དམ་པའི་དམིགས་ཡུལ་ནང་བཞིན་སློབ་གཉེར་བ་རྣམས་ཀྱིས་སློབ་སྦྱོང་བྱས་པའི་དོན་དག་འགྲུབ་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས།

༢༠༢༣/༡༠/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese