མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀ་ཁའི་ལས་དབང་དང་།  ང་ཚོའི་འགན་འཁྲི།

བོད་ཀྱི་དུས་བབ།
༢༠༢༣/༠༤/༠༥
Share on FacebookShare on TwitterShare on EmailShare on Whatsapp

——རང་གི་སྐད་ཡིག་རང་གིས་རྒྱུད་འཛིན་དགོས་པའི་བསམ་ཚུལ།

ཨ་འདུས་སྐལ་བཟང་རྒྱ་མཚོ།

༡} བརྡ་སྤྲོད་ནི་སྐད་ཡིག་གི་སྲོག་ཤིང་ཡིན།  

ཉིན་ཤས་གོང་དྲྭ་ལམ་དུ་ལ་དྭགས་པ་གཙོ་བྱས་པའི་རི་བོ་ཧི་མ་ལ་ཡི་འདབ་རོལ་ཏུ་འཚོ་བའི་རང་རིགས་དག་གིས་ “ བྷོ་ཊའི་སྐད་ཡིག་གི་ཉིན་མོ་ ’’ སྲུང་གཙི་ཞེས་པའི་བྱ་འགུལ་ཞིག་འགྲོ་བཞིན་འདུག ངས་དེ་མ་ཐག་ལས་འགུལ་དེ་ལ་རྒྱབ་སྐྱོར་གྱི་ཚུལ་དུ་ “ ནམ་ཟླ་དཔྱིད་ཀ་ཤར་སོང་། ། མེ་ཏོག་སེམས་ལ་བཞད་སོང་། ། བྷོ་ཊའི་སྐད་ཡིག་ཉིན་མོར། ། ཐོན་མིའི་བཀའ་དྲིན་མ་བརྗེད། ། ” ཅེས་པའི་ཚིགས་བཅད་ཅིག་བྲིས་ཏེ་རྒྱབ་སྐྱོར་བྱས་པ་ཡིན། དེ་ལྟར་བྱ་དོན་ཡང་། དུས་རྒྱུན་བསམ་པའི་ནང་དབྱངས་གསལ་སོ་བཞིའི་བདག་ཉིད་ཅན་གྱི་སྐད་ཡིག་འདི་རང་གི་བརྡ་སྤྲོད་ཀྱི་འགྲོས་དང་མཐུན་པར་བཀོལ་སྤྱོད་ཀྱི་གཞི་རྒྱ་ཇེ་ཆེར་འགྲོ་ཐུབ་སོང་ན། གཞི་རྩའི་མིང་ཙམ་ལ་རྩོད་པའི་དགོས་པ་ནི་ཤིན་ཏུ་ཆུང་བར་འདོད་པས་ཡིན་ནོ།།

ལ་ལས། “ བྷོ་ཊ་  ’’ ཞེས་པའི་ཚིག་འདི་ཉེ་ལམ་ཆབ་སྲིད་ཀྱི་དགོས་དབང་གིས་སྤྱད་པ་ཞིག་ལས། སྔ་མོ་ནས་ཡོད་པ་ཞིག་མ་ཡིན་སྙམ་པ་ཡང་རྒྱུས་མེད་པས་ལན་པ་ཡིན་ཏེ། རང་རེའི་ཡི་གེའི་བྱེད་པོ་སློབ་དཔོན་ཐོན་མིའི་མཚན་གྱི་ཆ་ཤས་སུ་སམ་བྷོ་ཊ་སྟེ། བོད་ཡང་དག་པའམ། ཡང་དག་པའི་བོད་ཅེས་བྲིས་པ་རང་རེའི་ཡིག་ཚང་དུ་གསལ་པར་མ་ཟད། མངོན་བརྗོད་ཀྱི་བསྟན་བཅོས་སུ་ཡང་། བྷོ་ཊ་གངས་ཅན་བསིལ་ལྗོངས་ཟེར། ། ཞེས་བྷོ་ཊ་དང་། བོད་གཉིས་གཅིག་པར་གསུངས་པ་དང་། ཚེ་ཏན་ཞབས་དྲུང་གིས།  བྷོ་ཊའི་ལྗོངས་ཀྱི་སྣང་བྱེད་ཡི་གེའི་བརྙན། ། ཞེས་སོགས་ལོ་རྒྱུས་དང་། རིག་གནས།  རྩོམ་རིག་སོགས་སུ་བྲིས་པ་ནི་བགྲང་གིས་མི་ལང་ཞིང་། དེ་ཉིད་ཐོག་མར་བོད་ནས་དར་བའི་བྱུང་རབས་ལ་ཡང་སུ་ཡིས་རྩོད་པར་ནུས། དེས་ན་དོན་ཆུང་གི་རྩོད་པ་དེ་དག་རེ་ཞིག་དོར་ཏེ། མིག་རྒྱང་རིང་པོ་དང་། བློ་རྒྱ་ཆེན་པོའི་ངང་ནས་ང་ཚོས་དང་དུ་ལེན་དགོས་པ་ནི། ད་ལྟའི་ཆར་བོད་ཀྱི་མི་རིགས་དང་། བོད་ཀྱི་སྐད་ཡིག་ནི། གནའ་བོའི་བོད་ཀྱི་གནས་བབ་ཙམ་ལས་བརྒལ་ཏེ། རྒྱལ་སྤྱིའི་རང་བཞིན་ཅན་དུ་གྱུར་དང་འགྱུར་བཞིན་པའི་གནས་ལུགས་ཤེས་རྟོགས་ཐུབ་དགོས་པ་ཡིན།

དེར་བརྟེན་ང་ཚོས་རྒྱ་གར་དང་། བལ་ཡུལ་གྱི་ཁྱབ་ཁོངས་སུ་ཡོད་པའི་བོད་རིགས་ཚོས་རང་གི་ཕ་མེས་ཀྱི་སྐད་ཡིག་ལ་ཆེ་མཐོང་དང་། ཤ་ཚས་བློས་བསྐུལ་ཏེ་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གོ་ས་ལེན་བཞིན་པ་དེར་ཆར་བ་ཆུ་གྲོགས་དང་། ཉི་མ་མེ་གྲོགས་ཀྱི་རྒྱབ་སྐྱོར་བྱེད་དགོས་པར་མ་ཟད། རིམ་གྱིས་ཨ་རི་སོགས་ནུབ་ཕྱོགས་ཀྱི་མི་སེར་ཡིན་པའི་བོད་རིགས་ཚོས་ཀྱང་རང་ཉིད་སྡོད་སའི་རྒྱལ་ཁམས་ཀྱི་རྩ་ཁྲིམས་གཞིར་བཟུང་གིས་རང་གི་ཕ་མེས་ཀྱི་ཁྱད་ནོར་དུ་གྱུར་པའི་སྐད་དང་ཡི་གེར་ཁྲིམས་ཐོག་ནས་སྲུང་སྐྱོབས་དང་། བརྩི་འཇོག་བྱ་རྒྱུའི་ལས་འགུལ་ངེས་པར་སྤེལ་དགོས་པར་འདོད།

དེ་ལྟ་ནའང་འདིར་ངེས་པར་ཤེས་དགོས་པ་ནི། སྔོན་གྱི་ལོ་པཎ་བཀའ་དྲིན་ཅན་ཚོས་བརྩམས་པའི་བརྡ་སྤྲོད་ཀྱི་འགྲོས་ཡང་དག་པ་དང་མཐུན་པར་སྐད་ཡིག་འདི་ཉིད་གནས་ཐབས་ལ་འབད་དགོས་ཀྱི། དེ་ཉིད་སྤངས་ཏེ་ལ་དྭགས་ཀྱི་ཡུལ་སྐད་དང་། ཨ་མདོའི་ཁ་སྐད་ལྟ་བུའི་ཡུལ་ལུང་ཉི་འཚེ་བ་ཞིག་གི་ངོ་བོར་བྲིས་ཚེ། སྐད་ཡིག་འདི་ཉིད་ཀྱི་རིན་ཐང་ཇེ་ཆུང་དུ་མི་གཏོང་བའི་ངེས་པ་ག་ལ་ཡོད། དེས་ན་རྒྱལ་བའི་བཀའ་དང་འཕགས་བོད་མཁས་པའི་བསྟན་བཅོས་སོགས་སྤྱི་སྐད་གསེར་འདྲ་བ་ལས་གྲུབ་པའི་རིག་གཞུང་གཏོས་ཆེན་པོ་དེ་ཉིད་བསླབ་པ་ལ་ཕན་ཐོགས་པ་དང་། ཧ་ཅང་གཏིང་ཟབ་པའི་ཕ་མེས་ཀྱི་རིག་གཞུང་དེ་དག་ཉམས་ཉེས་སུ་མི་འགྲོ་བའི་ཐབས་སུ་སྒོ་ཀུན་ནས་འབད་པར་རིགས་སོ། །

འོ་ན། ཁྱེད་ཀྱིས་བྷོ་ཊའི་སྐད་ཡིག་ཉིན་མོར་རྒྱབ་སྐྱོར་བྱས་པ་དང་། དགེ་ཆོས་ཀྱིས་ཡུལ་སྐད་ཉི་འཚེ་བའི་ངོ་བོར་བྲིས་པ་ལ་དགག་པ་མཛད་པ་གཉིས་མི་འགལ་ལམ་ཞེ་ན། ཤིན་ཏུ་ནས་ཀྱང་མི་འགལ་ཏེ། ལ་དྭགས་པ་རྣམས་ཀྱིས་བྷོ་ཊའི་སྐད་ཡིག་ཏུ་འབོད་པ་དེའི་བརྡ་སྤྲོད་མཐའ་དག་ནི། དེང་སང་འབྲུག་པ་ཚོས་ཕྱིའི་རྣམ་པ་གཅིག་ཀྱང་། ནང་གི་བརྡ་སྤྲོད་འབྲུག་པའི་ཁ་སྐད་རང་གིས་བྲིས་པའི་ “ རྫོང་ཁ་ ’’ དང་། བལ་ཡུལ་ནས་འདོན་བཞིན་པའི་ “ རྟ་མང་གི་ཚགས་ཤོག་ ’’ སོགས་དང་ཡེ་ནས་མི་འདྲ་བ་ནི་ལ་དྭགས་མཚན་ཉིད་སློབ་གྲྭའི་ཟླ་རེའི་རྩོམ་རིག་གི་གསར་ཤོག་ལ་གཟིགས་དང་ཤེས་སོ། །

༢} སྐད་ཡིག་རྒྱུད་འཛིན་གྱི་མིག་དཔེ།

དྲྭ་ལམ་གྱི་མྱུར་ཚད་བརྒྱུད་ནས་གནའ་དེང་རིག་རྩལ་གྱི་ནུས་པ་སྣ་ཚོགས་སྒོ་ཀུན་ནས་དར་བའི་དུས་སྐབས་འདིར། ང་ཚོ་བོད་པ་སྤྱི་དང་། ཡང་སྒོས་གངས་ཅན་ཁ་བའི་ལྗོངས་དང་འདབས་འབྲེལ་བའི་རི་བོ་ཧི་མ་ལ་ཡའི་བོད་རིགས་འབྲུག་པ་དང་། ལ་དྭགས། མོན་པ། སྤི་ཏི། ཁུ་ནུ། གློ་བོ། དོལ་པོ། ཝ་ལུང་། འུམ་ལ། སྙེ་ཤངས། ཤར་པ། རྟ་མང་སོགས་ང་ཚོ་ཐུན་མོང་གི་ཤེས་རབ་ཀྱི་གཞིས་ཁྱིམ་ལྟ་བུར་གྱུར་པའི་རླབས་ཆེན་གྱི་སྐད་ཡིག་འདི་ཉིད། སུམ་རྟགས་དག་གསུམ་ལས་གྲུབ་པའི་བརྡ་སྤྲོད་དང་མཐུན་པར་རྒྱུད་འཛིན་དང་། དར་སྤེལ་བྱ་རྒྱའི་འགན་འཁྲི་དམིགས་བསལ་ཞིག་ཡོད་པ་ཤེས་རན་ནོ། །

འདས་པའི་ལོ་རྒྱུས་ལ་ཕྱིར་མིག་བལྟས་ཚེ། རང་གིས་འཇོན་ན། སྐད་ཡིག་རྒྱུད་འཛིན་ནི་ཧ་ཅང་སླ་མོ་ཞིག་ཀྱང་ཡིན་ཏེ། ཁྱིམ་ཚང་གིས་བོད་སྐད་བཤད་རྒྱུ་ནས་མགོ་བརྩམས་ཏེ་འཚོ་བའི་ཁྲོད་འབྲི་ཀློག་དང་། བཤད་ཉན་རང་སྐད་ཐོག་བྱ་རྒྱུ་དེ་ཡིན། དཔེར་ན། ཕ་རན་སིའི་སྐད་ཡིག་འདི་ཉིད་འཛམ་གླིང་ཐོག་གི་སྤྱོད་སྒོ་ཇ་ཅང་ཆེ་གྲས་ཤིག་མ་ཡིན་ནའང་། གཙོ་བོ་ཁྱིམ་ཚང་སློབ་གསོ་དང་། དེའི་ཁོར་ཡུག་བརྒྱུད་མྱི་རང་ངོས་ནས་སོ་སོའི་ཕ་མེས་ཀྱི་སྐད་ཡིག་ལ་བརྩེ་ཞེན་དང་། གཙི་འཇོག་བྱས་པའི་ཉེར་ལེན་ལས་གཞན་གྱི་བཙན་གནོན་དང་། སྒེར་གཅོད་ཀྱི་ཉེན་ཁ་ལས་ཐར་ཐུབ་པ་བྱུང་ཡོད།

རང་གི་སྐད་ཡིག་དང་རིག་གནས་འཛིན་སྐྱོང་ཐད་འཛམ་གླིང་ན་མིང་དུ་གྲགས་པའི་ཇེའུ་མི་རིགས་ནི་བཤད་ཅི་ལ་དགོས། ད་ལྟ་ང་ཚོ་འཚོ་ཞིང་གནས་པའི་རྒྱ་གར་ལྟ་བུར་མཚོན་ནའང་ཨིན་ཇིའི་དབང་བསྒྱུར་འོག་མི་རབས་འགར་ལུས་ཀྱང་། རྒྱ་གར་གྱིས་རང་གི་སྐད་ཡིག་དོར་མེད་ལ། ངོ་བོ་གྲངས་མང་ལ་ནང་དོན་གཏིང་ཟབ་པའི་རང་གི་ཆོས་ལུགས་རིག་གནས་དེ་བས་ཀྱང་བརྗེད་མེད། འདི་ནི་ང་ཚོར་མཚོན་ན་སེམས་ཤུགས་ལེན་སའི་མིག་དཔེ་གསོན་པོ་ཞིག་ཡིན་ནོ། །

༣} མཇུག་གི་རེ་ཞུ།

དེས་ན། ཁྱེད་རང་ཕ་མ་ཞིག་ཡིན་ཚེ། རང་གི་ཕྲུ་གུ་མི་རིགས་གང་ཞིག་བཟོ་མིན་ཏེ་ཁྱོད་ཀྱི་ལག་ཏུ་ཡོད་པ་མ་བརྗེད་རོགས། གལ་སྲིད་ཁྱེད་རང་དགེ་རྒན་ཞིག་ཡིན་ཚེ། ཤོག་ལེབ་གཅིག་དང་། མྱུ་གུ་གཅིག་གིས་མི་རིགས་ཀྱི་འདུ་ཤེས་བསྐྲུན་ཐུབ་པ་མ་བརྗེད་རོགས། མདོར་ན། མི་རིགས་དང་སྐད་ཡིག་ལ་ཤ་ཚ་མེད་པའི་ཕ་མ་ཚོས། ཕྲུ་གུ་ག་ཚོད་སྐྱེས་ཀྱང་། དོན་དམ་པར་མི་རིགས་གཞན་ཞིག་ཇེ་མང་དུ་བཏང་བ་ཙམ་ཡིན་པ་ཡང་ཞར་ལ་མཁྱེན་པར་མཛོད་ཅིག །

དེས་ན་ངས་གོ་སྐབས་འདི་བརྒྱུད་ནས་བོད་རིགས་སྤྱི་དང་། ཡང་སྒོས་སྐད་ཡིག་འདིའི་ཐད་ནས་ང་ཚོ་དང་ལས་དབང་གཅིག་པའི་ཧི་མ་ལ་ཡི་བོད་རིགས་སྤུན་ཟླ་ཡོངས་ལ་ཞུ་རྒྱུར།  ཁྱེད་ཅག་རང་གི་རིག་གཞུང་ལ་དགའ་མོས་ཡོད་ཚེ། བུ་ཕྲུག་ཚོར་ངེས་པར་སློབ་དགོས་པ་ནི་རང་གི་སྐད་ཡིག་ཡིན། གལ་སྲིད་ཁྱེད་རང་ནང་པའི་རིག་གནས་དང་། ནང་པའི་རིག་གནས་ཀྱི་བང་མཛོད་དུ་གྱུར་པའི་བོད་ཀྱི་སྐད་ཡིག་གི་ལས་དབང་ལ་ཤ་ཞེན་ཕྲན་བུ་ཡོད་མཁན་ཞིག་ཡིན་ཚེ། ངེས་པར་རང་གི་ཕྲུ་གུ་ལ་རང་གི་སྐད་ཡིག་ཚད་ལྡན་ཞིག་བསླབ་རྒྱུ་ཐུགས་ལ་འཛིན་རོགས། བྱ་སྤྱོད་དེ་ནི་ཁྱེད་ཀྱི་བོད་བརྒྱུད་ནང་བསྟན་འདི་དང་། མི་ལོ་སྟོང་ཕྲག་རིང་གི་ཕུན་སུམ་ཚོགས་པའི་རིག་གནས་གཏིང་ཟབ་མོ་འདི་ཉིད་སྒོ་ཀུན་ནས་བསྐྱབ་རྒྱུའི་ཐབས་ལམ་ཡག་ཤོས་ཡིན་པ་ཅིས་ཀྱང་ཐུགས་ལ་འཛིན་རོགས་ཞུ་རྒྱུ་ཡིན་ནོ། །

མཆན། གོང་བཀོད་རྩོམ་ཡིག་དེ་རྩོམ་པ་པོའི་དགོངས་ཚུལ་ཡིན་པ་ལས་འདི་ག་གསར་ཁང་གི་དགོངས་ཚུལ་ཡིན་པས་མ་ཁྱབ།

འབྲེལ་ཡོད་གསར་འགྱུར།

TTT
Mobile App

རྒྱ་ནག་གཞུང་གིས་བོད་ནང་ལག་བསྟར་བྱེད་བཞིན་པའི་དྲག་གནོན་གྱི་སྲིད་ཇུས་ཁག་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད།

ཆུ་ཚོད་ ༣ སྔོན་ལ།
Daily Hunt གསར་ཁང་གི་པར།
Mobile App

རྒྱ་ནག་གིས་ཨི་རན་ལ་གསང་བའི་ངང་དམག་མཚོན་གྱི་རོགས་འདེགས་བྱས་འདུག

ཆུ་ཚོད་ ༣ སྔོན་ལ།
TTTT
Mobile App

སྲིད་སྐྱོང་མཆོག་གིས་བོད་དོན་རྒྱབ་སྐྱོར་བ་ཞིག་གི་ནང་མིར་ཐུགས་གསོ་གནང་།

ཆུ་ཚོད་ ༧ སྔོན་ལ།
This picture taken and released by Taiwan’s Central News Agency (CNA) on April 7, 2026, shows Kuomintang Chairperson Cheng Li-wen (R) arriving in Shanghai Hongqiao International Airport. Taiwan's main opposition leader landed in China on Tuesday for a rare visit aimed at building cross-strait "peace", as the government warns Beijing will seek to stop US arms sales to the democratic island. (Photo by Lu Chia-jung / Central News Agency (CNA) / AFP) / Taiwan OUT - Macau OUT - China OUT / HONG KONG OUT
RESTRICTED TO EDITORIAL USE - MANDATORY CREDIT "AFP PHOTO / Central News Agency (CNA) Photo" - NO MARKETING - NO ADVERTISING CAMPAIGNS - DISTRIBUTED AS A SERVICE TO CLIENTS
Mobile App

ཐའེ་ཝན་གྱི་ཕྱོགས་འགལ་ཚོགས་པའི་ཚོགས་གཙོ་རྒྱ་ནག་ཏུ་ཕྱིན་འདུག

༢༠༢༦/༠༤/༠༧
tttt
Mobile App

ཨོ་གླིང་བོད་ཀྱི་གཞོན་སྐྱེས་ཆིག་སྒྲིལ་ལུས་རྩལ་འགྲན་ཚོགས་ཐེངས་བཅུ་བཞི་པ་དེ་འཚོག་འཆར་འདུག

༢༠༢༦/༠༤/༠༧
TTT
Mobile App

རྒྱལ་ཚོགས་ཀྱི་མདུན་དུ་ཆུ་ཚོད་དགུ་བཅུའི་རིང་ཟས་བཅད་ངོ་རྒོལ་བྱེད་བཞིན་འདུག

༢༠༢༦/༠༤/༠༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese