མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཉིན་གཅིག་ལ་བོད་རིགས་ལས་བྱེད་བཞིས་རྩ་དགོངས་ཞུས།

བོད་ཀྱི་དུས་བབ།
༢༠༢༣/༠༤/༡༠
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་དུ་རྒྱ་རིགས་ལས་བྱེད་ཇེ་མང་དང་བོད་རིགས་ལས་བྱེད་ཇེ་ཉུང་དུ་འགྲོ་བཞིན་ཡོད་པ་ལྟར་ཟླ་འདིའི་ཕྱི་ཚེས་ ༣ ཉིན་བོད་ཆུ་ཤུར་རྫོང་ཉེན་རྟོག་ཁང་སོགས་སུ་ལས་ཀ་བྱེད་བཞིན་པའི་བོད་རིགས་ལས་བྱེད་བཞི་ཡིས་རྩ་དགོངས་ཞུས་ཡོད་འདུག

ཆུ་ཤུར་རྫོང་ཁོངས་ཀྱི་བོད་རིགས་ལས་བྱེད་བཞིས་ཉིན་གཅིག་ལ་རྩ་དགོངས་ཞུས། པར་འབྲེལ་ཡོད་ནས་འདི་གར་མཁོ་སྤྲོད་བྱས།

འདི་གར་བོད་ནས་ཁུངས་ལྡན་གནས་ཚུལ་མཁོ་སྤྲོད་བྱས་པ་ལྟར་ན།  ཟླ་འདིའི་ཕྱི་ཚེས་ ༣ ཉིན་བོད་རང་སྐྱོང་ལྗོངས་ཟེར་བའི་ཁོངས་སུ་ཡོད་པའི་ཆུ་ཤུར་རྫོང་ཉེན་རྟོག་ཁང་གི་བོད་རིགས་ལས་བྱེད་ཉི་མ་དང་ཀརྨ་མཚོ་མོ་གཉིས་ཀྱིས་རྩ་དགོངས་ཞུས་ཡོད་པ་དང་། དེ་བཞིན་ཆུ་ཤུར་རྫོང་ཡུལ་ཤོག་ ༣ པའི་མགོ་འཁྲིད་དཔལ་གྲགས་དང་། ཁོའི་ལས་རོགས་ཡི་དམ་རྡོ་རྗེ་གཉིས་ཀྱིས་ཀྱང་ཉིན་དེར་ལས་གནས་ནས་རྩ་དགོངས་ཞུས་ཡོད་འདུག

འདི་གའི་གནས་ཚུལ་མཁོ་སྤྲོད་པས། རྒྱ་ནག་གཞུང་གིས་བོད་རིགས་གཞོན་སྐྱེས་རྣམས་མཐའ་མཚམས་དམག་སྡེ་དང་ཉེན་རྟོག་ཁང་། ཆབ་སྲིད་སློབ་གསོ། ཁྲིམས་སྒྲིག་དྲིལ་བསྒྲགས་སོགས་ཀྱི་ལས་རིགས་ནང་དམིགས་བསལ་དང་དྭང་བླངས་ཞབས་ཕྱི་བ་སོགས་ཀྱི་མིང་བཏགས་ཏེ། གོང་རིམ་གྱི་བཀའ་བཀོད་འོག་མི་མང་གི་འགྲོ་འདུག་ལ་སོ་ལྟ་ཞིབ་འཇུག་དང་། འཛིན་བཟུང་འདྲི་རྩད་སོགས་བྱས་ཏེ་མདུན་མཆོང་གི་ལས་འགན་སྒྲུབ་དགོས་ཀྱི་ཡོད་པ་དང་། ས་གནས་མང་ཚོགས་ཀྱིས་ལས་བྱེད་དེ་རིགས་ལ་ལྟ་སྟངས་ཡག་པོ་མེད་པ་མ་ཟད།  འཁོན་ལན་སློག་པ་སོགས་ཀྱི་དཀའ་རྙོག་ཡོང་བཞིན་པའི་རྐྱེན་གྱིས་བོད་མི་བཞི་དེས་ལས་འགན་ལྗིད་པོ་དང་གནོན་ཤུགས་དེ་དག་མ་བཟོད་པར་རྩ་དགོངས་ཞུས་ཡོད་པའི་ཚོད་དཔག་བྱེད་བཞིན་ཡོད་སྐོར་བརྗོད་བྱུང་།

ཡང་གནས་ཚུལ་མཁོ་སྤྲོད་པས། ཉེ་བའི་ལོ་ཤས་ནས་བོད་ཁུལ་དུ་རྒྱ་རིགས་ན་གཞོན་ལས་བྱེད་ཧ་ཅང་མང་པོ་བསླེབས་ཀྱི་ཡོད་པ་དང་། སྔར་ཡོད་ཀྱི་ས་གནས་བོད་རིགས་ལས་བྱེད་མང་པོ་རྩུབ་ས་དང་ཉེན་ཁ་ཆེ་བའི་ལས་དོན་རིགས་ལ་རྒྱབ་འདེད་གཏོང་གི་ཡོད་པར་བརྟེན། དེང་སང་ས་གནས་དེའི་བོད་རིགས་ལས་བྱེད་ནང་སྲིད་གཞུང་གི་བྱ་བ་གཡུགས་ཏེ་སྒེར་གྱི་ཚོང་ལས་གཉེར་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་སྐོར་དང་། གལ་ཏེ་གོང་རིམ་གྱི་བཀའ་བཀོད་དང་བཙན་སྐུལ་ཇི་བཞིན་དུ་མ་སྒྲུབ་པ་ཡིན་ན། ཏང་དང་རྒྱལ་ཁབ་ལ་བློ་སེམས་མ་དཀར་བ་དང་རྒྱལ་ཁབ་ཀྱི་ཁྲིམས་སྒྲིག་དང་འགལ་བའི་ནག་ཉེས་བཙུགས་ཏེ། ཉེས་ཆད་ནན་མོ་གཅོད་ཀྱི་ཡོད་སྐོར་བརྗོད་བྱུང་།

བོད་མི་ཉི་མ་ཡིས་ཆུ་ཤུར་རྫོང་ཉེན་རྟོག་ཁང་དུ་ལས་ཀ་བྱས་ཏེ་ལོ་ ༩ ཙམ་དང་། ཀརྨ་མཚོ་མོས་ལོ་ ༤ ལྷག་རིང་ལས་ཀ་བྱས་ཡོད་འདུག

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese