མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་འཚོགས།

བོད་ཀྱི་དུས་བབ།
༢༠༢༣/༠༤/༡༡
Share on FacebookShare on TwitterShare on EmailShare on Whatsapp

ཨོ་གླིང་རྒྱལ་ཡོངས་བོད་རིགས་ཚོགས་ཆེན་སྟེང་དུ་ཆབ་སྲིད་བཙོན་པ་བཙོན་གྲོལ་ཆེད་དུ་ལས་འགུལ་སྤེལ་བ་དང་གཟའ་མཇུག་སློབ་གྲྭ་ཡར་རྒྱས་གཏོང་བ་སོགས་ཀྱི་གྲོས་ཆོད་ཁག་ཅིག་སྤྱི་མོས་གཏན་འབེབ་བྱུང་ཡོད་འདུག

ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་འཚོགས། པར་འབྲེལ་ཡོད་ནས་མཁོ་སྤྲོད་བྱས།

ཕྱི་ཚེས་ ༩ ཉིན་ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཡོད་འདུག  ཚོགས་ཐོག་ཏུ་དམིགས་བསལ་སྐུ་མགྲོན་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་དང་། སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས། ཨོ་གླིང་རྒྱལ་ཡོངས་བོད་རིགས་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཚེ་རིང་ལགས། ཝིག་ཊོ་ར་ཡ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཐོབ་ཚང་དཔལ་ལྡན་དོན་འགྲུབ་ལགས། སྤྱི་ཟུར་རྒྱ་རིགས་ཐར་ལགས་བཅས་ཨོ་གླིང་ས་གནས་ཁག་བདུན་གྱི་མི་གྲངས་ ༢༠༠ ལྷག་ཚོགས་བཅར་གནང་འདུག

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༧ ནས་ཉིན་གྲངས་བཞིའི་རིང་ཨོ་གླིང་ཝིག་ཊོ་རི་ཡ་བོད་རིགས་སྤྱི་མཐུན་ཚོགས་པའི་གོ་སྒྲིག་འོག བུད་མེད་ཀྱི་ནུས་སྟོབས་གོང་འཕེལ་ལ་དམིགས་ནས་ཨོ་གླིང་བོད་ཀྱི་གཞོན་སྐྱེས་ལུས་རྩལ་འགྲན་ཚོགས་ཤིག་འཚོགས་ཡོད་ཅིང་། ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ནང་དུ་ཨོ་གླིང་གི་ས་གནས་ཁག་བདུན་གྱི་རྩལ་འགྲན་པ་ ༡༥༠ ལྷག་འགྲན་ཞུགས་བྱས་འདུག

ཝིག་ཊོ་རི་ཡ་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་གཙོ་ཐོབ་ཚང་དཔལ་ལྡན་དོན་འགྲུབ་ལགས་ཀྱིས།  ཕྱི་ལོ་ ༢༠༡༨ ནས་ད་ལྟ་བར་དུ་ཏོག་དབྱིབས་ནད་ཡམས་རྐྱེན་གྱིས་ཨོ་གླིང་རྒྱལ་ཡོངས་ཚོགས་ཆེན་འཚོགས་ཐུབ་མེད་པ་དང་། དེ་རིང་དངོས་སུ་ཚོགས་ཐུབ་པ་ནི་དགའ་སྤྲོ་སྐྱེས་དགོས་པའི་དོན་བཟང་ཞིག་ཡིན་ལ། རྒྱ་ནག་ལའང་བརྡ་ལན་གསལ་བོ་ཞིག་སྤྲད་ཡོད་ཅེས་འགྲེལ་བརྗོད་གནང་འདུག

ཚོགས་ཐོག་ཏུ་ཨོ་གླིང་རྒྱལ་ཡོངས་བོད་རིགས་ཚོགས་པའི་ཚོགས་གཙོ་སྐལ་བཟང་ཚེ་རིང་ལགས་ཀྱིས། ཨོ་གླིང་དུ་ཕེབས་ཡོད་པའི་བོད་པ་རྣམས་བོད་ནང་དུ་རྒྱ་ནག་གི་གདུག་རྩུབ་མནར་གཅོད་འོག་ཏུ་བཙོན་བཅུག་བྱས་པ་དང་། གཉེན་མི་སོགས་ལ་ཆབ་སྲིད་ཀྱི་དཀའ་ངལ་འཕྲད་པའི་འབྲེལ་ཡོད་རྐྱང་ཡིན་པས། ཕྱི་རྒྱལ་གྱི་བོད་པ་གཞན་དང་བསྡུར་ན་ལས་འགན་དམིགས་བསལ་རེ་ཡོད་པས། བོད་དོན་འཐབ་རྩོད་ཀྱི་ལས་དོན་ཐོག་འབད་འབུངས་བྱེད་དགོས་ཀྱི་ཡོད་པ་མ་ཟད། ཐེངས་འདིའི་ཚོགས་ཆེན་དུ་བོད་ཀྱི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་ཕྱོགས་དང་། ཆབ་སྲིད་ཀྱི་ལས་འགུལ་སྤེལ་སྟངས། བོད་རིགས་མཐུན་ཚོགས་པ་ཁག་ཡར་རྒྱས་གཏོང་ཕྱོགས་ཀྱི་གྲོས་གཞིའི་ཐོག་བགྲོ་གླེང་གནང་དགོས་པའི་སྐོར་བརྗོད་ཡོད་འདུག

ཕྱི་ཚེས་ ༧ ཉིན་ཨོ་གླིང་བོད་ཀྱི་གཞོན་སྐྱེས་ལུས་རྩལ་འགྲན་ཚོགས་བསྡུས། པར་འབྲེལ་ཡོད་ནས་མཁོ་སྤྲོད་གནང་།་

ཨོ་གླིང་རྒྱལ་ཡོངས་བོད་རིགས་ཚོགས་པའི་དྲུང་ཆེ་མགུར་འབུམ་རྒྱལ་ལགས་ཀྱིས། ཨོ་གླིང་རྒྱལ་ཡོངས་བོད་རིགས་འགན་འཛིན་ཚོགས་པའི་ཚོགས་ཐེངས་དྲུག་པའི་སྐབས་སུ་གསུམ་བཅུའི་དུས་དྲན་སྐབས་སུ་འཕྲེད་དར་འབོད་ཚིག་གཅིག་གྱུར་བཟོ་རྒྱུ་དང་། ས་གནས་ཁག་ཏུ་བོད་དོན་ཞུ་གཏུགས་བྱེད་ཕྱོགས། བོད་མིའི་དྭང་བླང་དཔྱ་ཁྲལ་སྤྲོད་ཕྱོགས་སོགས་གྲོས་གཞི་ཁག་ལྔའི་ཐོག་ཏུ་དོན་ཚན་མི་འདྲ་བ་ ༡༤ འཁྱེར་ཡོང་ཡོད་སྐོར་འགྲེལ་བརྗོད་གནང་ཡོད་འདུག

ཨོ་གླིང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་ཀྱིས། ཨོ་གླིང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དགུ་པའི་སྟེང་དུ་འགན་འཛིན་ལྷན་ཚོགས་ཀྱི་གྲོས་འཆར་བཏོན་ཐུབ་པ་ཡག་པོ་བྱུང་ཞིང་། གྲོས་འཆར་དག་ཀྱང་༧གོང་ས་མཆོག་གི་དགོངས་གཞི་དང་། བོད་མིའི་སྒྲིག་འཛུགས་ཀྱི་སྲིད་ཇུས་དང་མཐུན་པ་མ་ཟད། གཞི་རྒྱ་ཆེ་བའི་གནད་འགག་གི་གྲོས་འཆར་ཞིག་ཡིན་པས། བོད་མི་ནང་ཁུལ་དུ་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་གྱི་ལས་དོན་བྱེད་ཕྱོགས་འཛིན་རྒྱུ་གལ་ཆེ་ཡིན་སྐོར་གསུངས་ཡོད་འདུག

སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་ཀྱིས། ཨོ་གླིང་རྒྱལ་ཡོངས་སྤྱི་མཐུན་ཚོགས་པས་གྲོས་ཆོད་གཞིར་བཟུང་ལྟར་གྲུབ་འབྲས་ཅི་བྱུང་སོགས་ལ་ཁ་གསལ་བཏོན་ཡོད་ཅིང་། ང་ཚོས་བོད་ཀྱི་རྩ་དོན་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་རྒྱལ་སྤྱིའི་སྟེང་རྟག་ཏུ་ཞུ་གཏུགས་བྱེད་དགོས་པ་དང་། ཨོ་གླིང་གྲོས་ཚོགས་འཐུས་མི་བརྒྱུད་ནས་བོད་ནང་གི་དཀའ་ངལ་གྱི་གནས་སྟངས་གྲོས་ཚོགས་སུ་གླེང་སློང་བྱེད་པར་འབད་བརྩོན་བྱེད་མུས་ཡིན་ལ། ལྷག་པར་དུ་༧གོང་ས་མཆོག་གི་མ་འོངས་པའི་ཡང་སྲིད་ཐོག་རྒྱ་གཞུང་གིས་ཐེ་ཇུས་བྱེད་པའི་དབང་ཆ་ཅི་ཡང་མེད་པའི་སྐོར་སྙན་སེང་ཞུས་ཡོད་པ་དང་། རྒྱ་རིགས་མི་མང་དང་མཉམ་དུ་འབྲེལ་ལམ་ཟབ་ཏུ་གཏོང་བའི་ཐབས་ལམ་བྱེད་མུས་ཡིན་སྐོར་གསུངས་ཡོད་འདུག

ཐེངས་འདིའི་ཚོགས་བཅར་བ་རྣམས་ཚོགས་ཆུང་གསུམ་དུ་བགོས་ནས་གྲོས་གཞི་གསུམ་དེ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྒྱུད་འཛིན་བྱེད་ཕྱོགས་སྐོར་དང་། བོད་དོན་ལས་འགུལ་གྱི་ནུས་པ་གོང་མཐོར་གཏོང་ཕྱོགས་སྐོར། བོད་རིགས་མཐུན་ཚོགས་ཁག་སྲ་བརྟན་གོང་མཐོར་གཏོང་ཕྱོགས་བཅས་ཀྱི་ནང་གསེས་དོན་ཚན་ཁག་ལས། གཟའ་མཇུག་སློབ་གྲྭ་མུ་མཐུད་དུ་ཡར་རྒྱས་གཏོང་ཕྱོགས་དང་། དགུན་ཁའི་གུང་སེང་ལ་ཕྲུ་གུ་རྒྱ་གར་ལ་ཟབ་སྦྱོང་དུ་མུ་མཐུད་གཏོང་དགོས་པའི་སྐོར། བོད་ཡིག་ཨོ་གླིང་གི་གཞུང་འབྲེལ་སྐད་ཡིག་ནང་དུ་འཇོག་པར་འབད་བརྩོན་བྱེད་པ། བོད་པའི་དུས་ཆེན་སྐབས་སུ་བོད་ཆས་གྱོན་པ། ༧གོང་ས་མཆོག་ལ་མཚན་སྨད་ཞུ་མཁན་ལ་གཞུང་འཛིན་ཐོག་ནས་གདོང་ལེན་བྱེད་ཕྱོགས། ཆབ་སྲིད་བཙོན་པ་བཙོན་གྲོལ་ཆེད་དུ་ལས་འགུལ་སྤེལ་བ་སོགས་ཀྱི་དོན་ཚན་ཁག་སྤྱི་མོས་གཏན་འབེབ་བྱུང་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese