མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་ལ་མཚན་ཤས་བཟོ་མཁན་ཚོར་ཆབ་སྲིད་ཀྱི་དམིགས་འབེན་ཡོད་སྐོར་གསུངས།

བོད་ཀྱི་དུས་བབ།
༢༠༢༣/༠༤/༡༤
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་༧གོང་ས་མཆོག་ལ་མཚན་ཤས་བཟོ་མཁན་ཚོ་རྒྱ་ནག་གི་རྒྱབ་སྐྱོར་བ་ཡིན་པ་དང་ཁོ་ཚོར་ཆབ་སྲིད་ཀྱི་དམིགས་འབེན་ཡོད་སྐོར་འགྲེལ་བརྗོད་གནང་འདུག

CTA Sikyong Penpa Tsering at The Foreign Correspondents’ Club of South Asia, New Delhi, 2023 April 13.

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་གྱི་ཕྱི་དྲོ་རྒྱ་གར་རྒྱལ་ས་ལྡི་ལི་རུ་(The Foreign Correspondents’ Club of South Asia) གོ་སྒྲིག་འོག བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་བོད་དང་རྒྱ་དཀར་ནག་ཞེས་པའི་བརྗོད་གཞི་ཐོག་གསུང་བཤད་གནང་ཡོད་ཅིང་། སྐབས་དེར་ཉེ་ཆར་༧གོང་ས་མཆོག་གི་བརྙན་ཐུང་ཞིག་འབྲེལ་ནས་སྤྱི་ཚོགས་དང་དྲ་ལམ་ཁག་ཏུ་གླེང་སློང་ཤུགས་ཆེན་བྱེད་བཞིན་པའི་སྐོར་ལ་ལན་འདེབས་བྱས་ཡོད་པའི་ནང་དུ། ངས་ཀྱང་དོན་རྐྱེན་འདིའི་ནང་གི་གནོད་སྐྱོན་ཐེབས་ཡུལ་སུ་ཡིན་པར་འདྲི་འདོད་བྱུང་། ཁ་ཤས་ཀྱིས་བུ་ཆུང་དང་ནང་མི་ལ་གནོད་སྐྱོན་ཐེབས་འདུག་ཟེར་མོད། སྐབས་དེའི་མཛད་སྒོའི་རྗེས་སུ་བུ་ཆུང་དང་ཨ་མ་གཉིས་ཀྱིས་སྐད་ཆ་ཡག་པོ་བཤད་ཀྱི་འདུག་པ་མ་ཟད། སྐབས་དེའི་སློབ་ཕྲུག་ ༡༢༠ ལ་དོགས་འདྲི་དང་གནས་ཚུལ་ཅི་ཡང་བྱུང་མེད་པ་བོད་སྐད་གསར་ལམ་གྱི་བཅའ་འདྲི་བརྒྱུད་ནས་མཐོང་ཐུབ།

དངོས་ཡོད་གནས་སྟངས་ཐོག་ནས་༧གོང་ས་མཆོག་ནི་དགུང་ལོ་ ༨༧ ནས་༨༨ ལ་ཕེབས་ཀྱི་ཡོད། ཁྱེད་ཚོས་དགུང་ལོ་༨༨ ཕེབས་ལ་ཉེ་བ་ཞིག་ལ་མཚན་སྨད་འདྲ་མིན་ཞུ་ཐུབ་བམ།  ༧གོང་ས་མཆོག་ནི་རྣམ་ཀུན་བདེན་པ་བཞི་ལ་ཉམས་ལེན་བྱེད་མཁན་གྱི་ནང་པའི་དགེ་སློང་ཞིག་རེད། ལོ་མང་པོའི་ཉམས་ལེན་གྱིས་མིག་དང་རྣ་བའི་དབང་བོ་སོགས་ཀྱི་ཚོར་འདུའི་ཞེན་ཆགས་ལས་བརྒལ་ཞིང་། འཇིག་རྟེན་འཁོར་བ་ལས་གྲོལ་ཏེ་གཏིང་ཟབ་མོ་ཉམས་ལེན་བྱེད་བཞིན་ཡོད། ཁ་ཤས་ཀྱིས་སྐུ་གཟུགས་ལ་མཇལ་ནས་ཤུགས་རྐྱེན་ཐེབས་པར་འདོད་ཡོད་ཀྱང་། ཚོར་འདུ་འདི་དག་བརྒལ་ཡོད་པ་རེད། ༧གོང་ས་མཆོག་སྐུ་སྒེར་ངོས་ལ་འདི་འདྲ་བའི་གནད་དོན་ནམ་ཡང་འབྱུང་མི་སྲིད་པ་ཞིག་རེད། མི་མང་གིས་དོན་རྐྱེན་གཅིག་གི་ཐོག་ནས་ཐག་གཅོད་བྱེད་ཐུབ་བམ། དེ་ཡང་གནད་དོན་ཆ་ཚང་བ་མ་རྟོགས་པར་ཐག་གཅོད་བྱེད་ཀྱི་ཡོད། ༧གོང་ས་མཆོག་གི་མི་ཚེ་གང་བོ་བྱམས་བརྩེ་དང་། འཚེ་བ་མེད་པ། འགྲོ་བ་མི་གཅིག་པ་ཡིན་པའི་ཉམས་ལེན་བྱེད་མཁན་ཞིག་རེད།

ཉེ་ཆར་༧གོང་ས་མཆོག་དང་ཕྲུ་གུ་གཉིས་འཐམ་འཁྱུད་བྱས་པའི་གནས་ཚུལ་མི་མང་གིས་མཐོང་ཐུབ། དེ་ནི་ས་གནས་གཞན་དང་། ཁང་པ། ཡུལ་བྱེ་བྲག་པ་ཞིག་ལས་བྱུང་བ་ཞིག་མ་རེད། རྩོད་གཞི་ཅན་དང་གོ་ནོར་ཐེབས་ས་ཅི་ཡང་མ་རེད། ངས་ཁོང་ཚོའི་ལྟ་ཚུལ་ལ་སྐྱོན་བརྗོད་བྱེད་ཀྱི་མེད། དེ་ནི་བརྙན་ཐུང་གཏུབ་ནས་སྒྲིག་བཟོ་བྱས་པ་ཞིག་རེད།  ༧གོང་ས་མཆོག་ནི་སྙིང་རྗེའི་བདག་པོ་སྤྱན་རས་གཟིགས་ཀྱི་སྤྲུལ་བ་རེད། གནད་དོན་འདིས་ང་ཚོར་ན་ཟུག་གཏོང་བཞིན་འདུག ཚང་མས་དགོངས་པ་བཞེས་རོགས།

ངས་གནད་དོན་ཚབས་ཆེན་འདིའི་ཐོག་ཏུ་ཆུ་ཚོད་ཏོག་ཙམ་ནས་གཏོང་རྒྱུ་ཡིན། ག་དུས་ཡིན་ཡང་༧གོང་ས་མཆོག་གིས་ཆབ་སྲིད་དབུ་ཁྲིད་རྣམས་དང་མཇལ་འཕྲད་གནང་བཞིན་ཡོད། ངས་༧གོང་ས་མཆོག་གིས་སྲིད་འཛིན་ཁག་ཅིག་གི་དབུ་ལ་ཐུག་ནས་མཇལ་འཕྲད་བྱས་པ་གོ་མྱོང་། དེ་ནི་ནང་པའི་ཚད་མཐོ་བའི་བརྩི་བཀུར་བྱེད་སྟངས་ཤིག་རེད། བླ་ཆེན་རྣམས་ཕན་ཚུན་མཇལ་འཕྲད་སྐབས་དབུ་ཐུག་བྱེད་པ་རེད། ༧གོང་ས་མཆོག་ལ་མཚོན་ན་དེ་དག་རྒྱུན་ལྡན་ཞིག་ཡིན་པས་སྙན་གྲགས་ཡོད་པ་རེད། ལག་འཇུ་བྱེད་པ་དང་། སྣ་ཐུག་བྱེད་པར་དགའ་བོ་ཡོད།  ༧གོང་ས་མཆོག་ནེའུ་ཛི་ལན་ཌིར་ཕེབས་སྐབས་སྐུ་མགྲོན་རྣམས་ལ་སྣ་ཐུག་བྱས་པ་རེད། ང་ཡང་དྷ་རམ་ས་ལར་ལོ་༢༥ རིང་བསྡད་པའི་ཉམས་མྱོང་ཡོད་པས་དེ་འདྲ་བྱུང་བཞིན་ཡོད་པ་ཤེས་ཀྱི་ཡོད། ༧གོང་ས་མཆོག་གིས་མཚམས་མཚམས་སུ་འཐམ་འཁྱུད་བྱེད་པ་དང་། སྣ་ལ་འཇུ་བ། དབུ་ཐུག་བྱེད་པ་སོགས་གནང་གི་ཡོད། འདི་དག་ནི་༧གོང་ས་མཆོག་གི་ལྷད་མེད་པའི་བྱམས་བརྩེའི་བརྩི་བཀུར་སྟོན་སྟངས་ཀྱི་རྣམ་པ་ཞིག་རེད།

ད་ཆ་དོན་རྐྱེན་འདིའི་རྐྱེན་བྱས་ཏེ་ཕོག་ཐུག་ཤོར་ཡུལ་སུ་ཆགས་འདུག་གམ། ཨ་མ་དང་ཕྲུ་གུ་གཉིས་ནི་རེད་མི་འདུག ཁོང་ཚོས་མ་འདོད་པའི་རྣམ་འགྱུར་གང་ཡང་བསྟན་མེད། འདིར་ཕོག་ཐུག་ཤོར་ཡུལ་ངོ་མ་ནི་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་ཆགས་ཡོད། འདི་ག་རེ་བྱས་ནས་བྱུང་བ་རེད་དམ། འདིར་ང་ལ་མཐའ་སྡོམ་གཉིས་ཡོད། དང་པོ་དེ་ང་ཚོས་ཉམས་ཞིབ་བྱས་པ་ལྟར་ན། བརྙན་ཐུང་ཐོག་མར་བསྐྱར་དུ་འགྲེམས་སྤེལ་བྱེད་མཁན་རྒྱ་ནག་གཞུང་ལ་རྒྱབ་སྐྱོར་བྱེད་མཁན་གྲས་ཡིན་པ་ཤེས་རྟོགས་བྱུང་། ཁྱེད་རྣམ་པ་གསར་འགོད་པ་ཡིན་སྟབས་བརྙན་ཐུང་འདི་ཇི་ལྟར་བསྐྱར་དུ་འགྲེམས་སྤེལ་བྱས་པ་དང་། དེ་ཉིད་སུས་བེད་སྤྱོད་གཏོང་རྩིས་བྱེད་ཀྱི་ཡོད་པ་ཞིབ་འཇུག་གནང་རོགས།  སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་མཛད་པ་འཕྲིན་ལས་དང་མཚན་སྙན་ལ་སྐུར་འདེབས་བྱས་པ་ལ་བརྟེན་ནས་སུ་ལ་ཁེ་ཕན་ཡོད་པ་གསལ་བཤད་བྱེད་མི་དགོས། མཚན་སྨད་ཞུ་རྒྱུའི་ལས་འགུལ་དེའི་ཁྱབ་ཚད་དང་ནུས་པ་ལ་བལྟས་ན། གནད་དོན་འདིའི་ཆབ་སྲིད་ཀྱི་ཕྱོགས་དེར་སྣང་ཆུང་གཏོང་རྒྱུ་མེད། གཉིས་པ་མང་ཚོགས་ངོས་ནས་དོན་རྐྱེན་དེར་ཡི་མ་རངས་པ་བྱུང་མཁན་ཡོད་རིགས་ལ་ཞུ་རྒྱུར། ཁྱེད་རྣམ་པས་དོན་དམ་གྱི་གནས་ཚུལ་ཆ་ཚང་རྟོགས་པར་མཛད་སྒོའི་བརྙན་ཆ་ཚང་གཟིགས་རོགས་ཞེས་ཞུ་རྒྱུ་ཡིན། དེ་ལྟར་གནང་ན་ཁྱེད་ཀྱིས་ད་གཟོད་ཆགས་སེམས་དང་བྱམས་བརྩེ་གང་ཡིན་དབྱེ་བ་འབྱེད་ཐུབ་ངེས་རེད། ཅེས་གསུངས་འདུག

དེ་རིང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཡོངས་ཁྱབ་གསལ་བསྒྲགས་སྤེལ་བའི་ནང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཆོས་ལུགས་དང་མི་རིགས་དབྱེར་མེད་ཀྱི་ཕྱི་ནང་གི་སྐྱེ་འགྲོ་ཀུན་གྱི་རེ་འདོད་བཞིན་མཇལ་འཕྲད་དང་འཛམ་གླིང་ཞི་བདེ་དང་འགྲོ་བ་མི་ཐེར་འབུམ་བརྒྱད་ལ་བདེ་སྐྱིད་བསྐྲུན་ཐབས་སོགས་རླབས་ཆེ་བའི་མཛད་འཕྲིན་བསྐྱངས་དང་སྐྱོང་བཞིན་ཡོད་པ་གླེང་སློང་བྱས་པ་དང་བསྟུན། རྒྱལ་སྤྱིའི་བརྒྱུད་ལམ་ཆེ་ཁག་དང་། སྤྱི་ཚོགས་ནང་སྐྱེ་བོ་ཚང་མས་འགན་ཁུར་གྱིས་༧གོང་ས་མཆོག་གི་རྣམ་ཀུན་དགོངས་པ་བཞེས་ཕྱོགས་དང་མཛད་སྤྱོད་ལ་རྒྱུས་ལོན་ཐོག་སྒྲོ་སྐུར་མེད་པའི་དངོས་ཡོད་གནས་ཚུལ་ལ་ངེས་པ་རྙེད་ཐུབ་ཐབས་བཟོ་དགོས་པ་གལ་ཆེན་ཆགས་ཡོད། བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། ལྷག་དོན་༧གོང་ས་མཆོག་ལ་མཚན་སྨོད་ཞུ་མཁན་རྒྱ་ནག་དམར་གཞུང་གིས་དུས་དང་རྣམ་པ་ཀུན་ཏུ་ཕྱི་ནང་གི་བརྒྱུད་ལམ་དང་། གང་ཟག་སྒེར་སོགས་རྣམ་པ་འདྲ་མིན་བེད་སྤྱད་ཀྱིས་རང་རེའི་སྤྱི་ཚོགས་གཏོར་བཤིག་དང་ཉམས་དམས་སུ་གཏོང་རྒྱུའི་སྲིད་བྱུས་ངན་པ་སྤེལ་བཞིན་ཡོད་པས། རྣམ་དཔྱོད་ལྡན་པའི་འཛམ་གླིང་མི་མང་མགོ་སྐོར་གཏོང་ཐབས་བྲལ་ཡང་། སྐབས་རེར་ཉུང་ཤས་ལོག་ལམ་དུ་འཁྲིད་ཀྱི་ཡོད་པའི་སྐབས་བློ་གཟུ་བོར་གནས་པའི་ཕྱི་ནང་མི་རིགས་དང་། ཚོགས་སྡེ་ཁག་བཅས་ནས་གསལ་བཤད་བྱེད་བཞིན་ཡོད་པར་བསྔགས་བརྗོད་ཞུ་རྒྱུ་དང་། དེ་འདྲའི་གནས་ཚུལ་ཡོང་བའི་དུས་སུ་ཚང་མས་གཞན་ཟེར་གཡམ་རྒྱུགས་སུ་མི་འགྲོ་བར་ཕྱི་ནང་གསང་གསུམ་ལ་དོ་སྣང་དང་། བབ་བརླིང་བརྟན་གསུམ་གྱི་སྒོ་ནས་གདོང་ལེན་བྱ་རྒྱུ་གལ་ཆེར་མཐོང་།  ཐེངས་འདིའི་༧གོང་ས་མཆོག་གི་མཛད་འཕྲིན་ལ་གོ་བ་ལོག་སྒྲུབ་དང་། དེ་བཞིན་འགྲེལ་བཤད་རང་སྣང་གང་དྲན་ཞིབ་འཇུག་མེད་པའི་བྱུང་རྒྱལ་ལྟ་བུ་བརྒྱུད་ལམ་དུ་སྤེལ་བར་བློ་ཕམ་ཆེན་པོ་བྱུང་།

ཁ་སང་ཕྱི་ཚེས་ ༡༣ ཉིན་དཔལ་རྒྱལ་བ་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་མཆོག་གིས་དེ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་།  བདག་ཅག་གི་༧སྐྱབས་མགོན་དོན་གྱི་བདག་པོ་ནི་སྐུ་ཚེ་གང་པོར་བདག་བས་གཞན་གཅེས་ཀྱི་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་ལ་ཐུགས་དམ་གྱི་གཙོ་བོར་མཛད་པས། ཐུགས་ལ་དགོངས་རྒྱུ་དང་། གཞན་ལ་གསུང་རྒྱུ་གང་ཡིན་ཀྱང་འཚེ་བ་མེད་པ། གཞན་ལ་ཕན་པ། ལྷག་བསམ་དཀར་བ། གཡོ་སྒྱུ་ངོ་ལྐོག་མེད་པ་དེ་དག་ལས་གཞན་མེད། ཞལ་མཇལ་གསུང་ཐོས་བྱུང་བ་ཙམ་གྱིས་ཀྱང་བྱམས་བརྩེའི་བདག་ཉིད་ཡིན་པའི་ངེས་པ་སྙིང་ནས་འདྲེན། རྒྱུན་དུ་ཕྱི་ནང་གི་མི་ཅི་འདྲ་ཞིག་དང་མཇལ་འཕྲད་གནང་ཡང་། དེ་ལ་འཛེམས་ཟོན་དང་། བག་ཚ་བ་ཅུང་ཟད་ཙམ་མེད་པར་ཡུན་རིང་འདྲིས་པའི་མཛའ་བཤེས་ལྟར་བཀའ་མོལ་ལྷུག་པོར་གནང་བ། བྱམས་སྐྱོང་གནང་བ། སྐབས་འགར་རྩེད་མོའི་ཚུལ་དུ་གཞན་གྱི་ཨོག་ཚོམ་ནས་འཐེན་པ། ག་ག་ཚིལ་གནང་བ། ཞལ་འགྲམ་དང་ཤངས་ཐུག་རེས་མཛད་པ་སོགས་ནི་ནམ་རྒྱུན་གྱི་མཛད་སྟངས་ཤིག་དང་། གཞན་ལ་བཅོས་མིན་གྱི་དགའ་བ་དང་བརྩེ་བ་མཚོན་པའི་གནང་སྟངས་ཤིག་ལས་མ་འདས།  མགོན་པོ་གང་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོར་འཛམ་གླིང་སྤྱི་དང་བྱེ་བྲག་ལ་ཞི་བདེ་དང་འཆམ་མཐུན་ཡོང་བའི་དོན་དུ་བློས་གཏོང་ཅི་ཙམ་ཞིག་མཛད་ཡོད་པ་ནི་སྐྱེ་བོ་ཕལ་པའི་བློ་ངོར་ཤོངས་མི་ཐུབ་པ་ཙམ་རེད།  དེ་ནི་ང་ཚོ་བོད་མི་གཅིག་པུའི་ཞེན་ཁོག་ཙམ་མིན་པར་ཤར་ནུབ་ཀྱི་སྐྱེ་བོ་ས་ཡ་མང་པོས་དགའ་བསུ་དང་། གཟེངས་རྟགས་ཅི་ཙམ་ཕུལ་བ་སོགས་ཀྱིས་མཚོན་ནུས། ད་ལྟ་དགུང་གྲངས་དགུ་བཅུར་ཕེབས་ལ་ཉེ་བ་ཡིན་ཡང་། ད་དུང་ཐུགས་བསྐྱེད་ཞུམ་པ་མེད་པར། ཕྱག་གཡས་གཡོན་ནས་སྐྱོར་བཞིན་ཉིན་ལྟར་མཇལ་ཁ་དང་། བཀའ་ཆོས་རྒྱུན་མ་ཆད་པ་གནང་སྟེ་སེམས་ཅན་མང་པོའི་དོན་མཛད་བཞིན་བཞུགས་པ་ནི་བསམ་ཤེས་ན་འཛམ་བུ་གླིང་པ་སྤྱིའི་བསོད་ནམས་ཞིག་ཏུ་འཁུམ། ད་དུང་ཡང་བསྟན་འགྲོ་སྤྱི་བྱེའི་དོན་དུ་སྐུ་ཚེ་ཞབས་པད་ཡུན་ནས་ཡུན་དུ་བརྟན་པའི་གསོལ་བ་ཕུར་ཚུགས་སུ་འདེབས། ཞེས་གསུངས་འདུག

ཁ་སང་ཕྱི་ཚེས་ ༡༣ ཉིན་དཔལ་ས་སྐྱ་གོང་མ་ཁྲི་ཆེན་མཆོག་གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཉེ་ལམ་གསར་འགྱུར་བརྒྱུད་ལམ་ཁག་གི་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་དག་པའི་གཤིས་རྒྱུད་དང་འབྲེལ་ནས་རྩོད་རྙོག་ཤུགས་ཆེན་བྱུང་བར་བློ་ཕམ་ཆེན་པོ་ཡོད་པ་དང་། ལོ་ངོ་བཅུ་ཕྲག་མང་པོའི་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་འགྲོ་བ་མིའི་རིགས་ཀྱི་དོན་དུ་སྐུ་ལས་བསྐྱོན་པ་དང་། ཁོང་གིས་བྱམས་བརྩེ་དང་སྙིང་རྗེའི་ཐོག་ནས་བོད་མི་རྣམས་ལ་ལམ་སྟོན་དང་སྲུང་སྐྱོབ་གནང་བ་ཙམ་མིན་པར། འཛམ་གླིང་སྟེང་གི་མི་མང་པོ་ཞིག་ལ་སེམས་སྐུལ་ཐེབས་ཀྱི་ཡོད་པ་རེད། ༧གོང་ས་མཆོག་གིས་བྱང་ཆུབ་སེམས་ཀྱི་སྒོ་ནས་སྙིང་རྗེ་ཆེན་པོས་ཕྱག་ལས་མང་པོ་གནང་ཡོད་པ་དང་། སྐབས་འགར་༧མགོན་པོ་མཆོག་གི་བོད་ཀྱི་རིག་གཞུང་དང་འབྲེལ་ནས་རྣམ་འགྱུར་བཏོན་པ་དང་། བོད་མི་མིན་པའི་མི་རིགས་གཞན་གྱིས་ཁྱད་མཚར་པོ་མཐོང་སྟེ་བརྩི་མཐོང་སྤྲད་ཁག་པོ་ཆགས་ཀྱི་ཡོད་པ་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནི་ངའི་མཐར་ཐུག་གི་སློབ་དཔོན་ཡིན་པ་དང་། ང་རང་དུས་རྟག་ཏུ་༧མགོན་པོ་མཆོག་གི་དྲིན་འོག་ཏུ་གནས་ཡོད། དེ་ཡང་༧གོང་ས་མཆོག་གིས་རྩ་ཆེ་བའི་གསུང་ཆོས་མང་པོ་སྩལ་བ་ཙམ་མིན་པར། དཀའ་ངལ་གང་འདྲ་ཞིག་འཕྲད་རུང་ཁོང་གིས་སྙིང་སྟོབས་དང་གཡོ་བ་མེད་པའི་ཐོག་ནས་དཀའ་ངལ་དེ་དག་གདོང་ལེན་བྱས་པས་ཡིན། མི་ཚང་མས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མུ་མཐུད་ནས་དད་གུས་དང་མོས་མཐུན་ལྷད་མེད་བྱ་རྒྱུ་དང་། འབྱུང་འགྱུར་གྱི་ལོ་མང་པོའི་རིང་ཁོང་གིས་མུ་མཐུད་དུ་ང་ཚོར་བྱིན་རླབས་གནང་བའི་སྨོན་ལམ་འདེབས་ཀྱི་ཡིན། ཞེས་གསུངས་ཡོད་འདུག

ཡང་ཕྱི་ཚེས་ ༡༣ ཉིན་དཔལ་༧ཇོ་ནང་རྒྱལ་ཚབ་རིན་པོ་ཆེ་མཆོག་གིས་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། ཉེ་ཆར་དད་ལྡན་སློབ་མ་ཞིག་ལ་རྣམ་རྟོག་དང་འཛིན་པ་མེད་པར་ཐུགས་བརྩེ་བ་ཆེན་པོས་མ་ཡིས་བུ་གཅིག་བཞིན་ཞལ་རྩེད་དང་བཅས་བརྩེ་གཟིགས་གནང་བ་དེ་ལ། ལས་སྣང་མ་དག་པ་འགའ་ཞིག་གིས་སོ་སོའི་རང་རྒྱུད་ཀྱི་ཚོར་སྣང་དང་མི་རིགས་ཀྱི་ལུགས་སྲོལ་གཞི་རྩར་བཟུང་ནས་གཞན་ལ་ཚད་འཇལ་བྱས་པའམ་ཡང་ན་ཀུན་སློང་ངན་པས་དང་སྐབས་འཚོལ་སོགས་ཀྱིས་སྤྱི་ཚོགས་དྲྭ་ལམ་འགའ་ཞིག་ཏུ་ལོག་འགྲེལ་བྱེད་བཞིན་འདུག་མོད། དོན་དངོས་ཐོག་དེ་ནི་སེམས་དཔའ་མཆོག་དགུང་གྲངས་བཅུ་དྲུག་ཙམ་ནས་བཟུང་ད་བར་གཞན་དོན་ལག་ལེན་དངོས་ཀྱིས་སྒྲུབ་པར་རྩེ་གཅིག་ཏུ་གཞོལ་ནས་གཞན་དོན་ཁུར་ཁྱེར་གྱི་སྙིང་རྗེ་བཅོས་མིན་དང་། བྱང་ཆུབ་སེམས་མཆོག་ཐུགས་རྒྱུད་ལ་འཁྲུངས་བས་དགྲ་གཉེན་བར་མ་གསུམ་མཉམ་པ་ཉིད་དུ་བརྩེ་གཟིགས་ཀྱི་རང་མདངས་ཕྱི་རུ་མངོན་པའི་རྟགས་མཚན་གྱི་ཁྱད་ཆོས་ཤིག་ཡིན་པ་ལས་གཞན་ཆགས་སྲེད་སོགས་ཀྱི་དྲི་ཙམ་ཡང་མེད་པ་ནི་བརྙན་དེར་ཧྲིལ་བོར་མཇལ་བ་ཙམ་གྱིས་ཤེས་ཐུབ་མོད་ད་དུང་དེ་ལ་ལོག་འགྲེལ་བྱས་པ་འདིས་པདྨ་འདམ་གྱིས་མ་གོས་པ་ལྟར་༧སྐྱབས་མགོན་མཆོག་གི་མཛད་འཕྲིན་དང་ཡོན་ཏན་སོགས་ལ་ཅི་ཡང་མི་གནོད་མོད་རང་ཉིད་ཀྱི་གནས་སྐབས་ཀྱི་དགེ་རྩ་གཅོད་པ་དང་ངན་འགྲོ་སྐྱེ་བའི་རྒྱུ་གསོག་པ་དང༌། སྐྱེ་བུ་དམ་པ་སྐྱོན་མེད་ཡང་དག་ཞིག་ལ་སྐུར་འདེབས་ཀྱི་སྐྱོན་བརྗོད་ཁོ་ན་ལས་མ་འདས་པས་སྤྱི་སྒེར་གྱི་དྲྭ་རྒྱ་སོགས་ལས་ངེས་པར་དུ་ཕྱིར་འཐེན་བྱེད་དགོས་པའི་འབོད་སྐུལ་སྙིང་ནས་ཞུའོ། ཞེས་གསུངས་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གཞུང་གི་སྲིད་དོན་ཉེས་ཆད་ལ་སྐྱོན་བརྗོད་བྱས།

༢༠༢༤/༡༢/༢༥
Sikyong Penpa Tsering during the meeting with executive members of Tibetan Association of NY & NJ.
Mobile App

སྲིད་སྐྱོང་མཆོག་ཨ་རིའི་ནེའུ་མེག་སི་ཁོ་རུ་ཕེབས་ཐོན་གྱིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༤/༡༢/༡༨
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཀི་རན་རི་ཇི་ཇུ་ལགས།
Mobile App

སྲིད་སྐྱོང་མཆོག་གིས་སྐུ་ཞབས་རི་ཇི་ཇུ་ལགས་ལ་འཚམས་འདྲི་གནང་།

༢༠༢༤/༠༦/༡༣
Mobile App

ཉིན་གྲངས་གཉིས་རིང་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་འཚོག་མགོ་བཙུགས།

༢༠༢༤/༠༣/༡༢
Mobile App

ཆུ་རགས་གསར་རྒྱག་གི་ལས་གཞི་མཚམས་འཇོག་དགོས་པའི་དགོས་འདུན་ཆེད་བཏོན་གནང་འདུག

༢༠༢༤/༠༢/༢༨
རིག་གཞུང་སྲུང་སྐྱོབ་ལས་གཞིའི་འབྲེལ་ཡོད་ལས་བྱེད་རྣམས། དུས་བབ་ཀྱི་པར། ༢༠༢༣།༡༡།༠༣
Mobile App

བོད་ཀྱི་རིག་གཞུང་སོར་ཆུད་དང་ནུས་པ་གོང་སྤེལ་གཏོང་ཕྱོགས་ཀྱི་ལས་གཞི་དབུ་འབྱེད་གནང་སོང་།

༢༠༢༣/༡༡/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese