མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨེན་ཌི་ཊི་ཝི་ཡིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགོངས་སེལ་ཞུ་དགོས་པའི་རེ་འདུན་བཏོན། 

བོད་ཀྱི་དུས་བབ།
༢༠༢༣/༠༤/༢༤
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་དང་ཕྱི་གླིང་གི་མཁས་དབང་མང་པོས་རྒྱ་གར་དང་རྒྱལ་སྤྱིའི་གསར་ལམ་ཁག་ཅིག་ནས་༧གོང་ས་མཆོག་ལ་གཞི་མེད་མཚན་སྨོད་ཞུ་བཞིན་པ་མཚམས་འཇོག་དང་དགོངས་སེལ་ཞུ་དགོས་པའི་འབོད་སྐུལ་ཞུས་འདུག

པར་འགྲེལ། གནས་ཚུལ་མཁོ་སྤྲོད་པས་འདི་གར་མཁོ་སྤྲོད་གནང་། 23/4/23

ཁ་སང་ཕྱི་ཚེས་ ༢༣ ཉིན་བོད་རིགས་དང་བླངས་ལས་འགུལ་བ་ཁག་ཅིག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་རྟེན་གཞི་བྱས་པའི་ཨེན་ཌི་ཊི་ཝི་ (NDTV) དབུས་ལས་ཁུངས་ཀྱི་མདུན་ཐང་དུ།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་རྒྱ་གར་གྱི་བྱིས་པ་ཆུང་ཆུང་ཞིག་ལ་འཐམ་འཁྱུད་བྱས་པའི་གནད་དོན་དང་འབྲེལ་ནས། གནས་ཚུལ་རྫུན་མ་སྤེལ་ཏེ་མཚན་སྨོད་ཞུས་པར་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་མ་ཟད། ཨེན་ཌི་ཊི་ཝི་གཙོས་རྒྱ་གར་གྱི་གསར་ཁང་ཁག་ཅིག་གིས་དབུས་ལས་ཁུངས་སུ་ཁ་པར་བཏང་བ་དང་སྦྲགས། གནས་ཚུལ་དེའི་ཐད་ཞིབ་འཇུག་མཐིལ་ཕྱིན་པ་བྱས་ཏེ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགོངས་སེལ་ཞུ་དགོས་པའི་རེ་འདུན་བཏོན་ཡོད་འདུག

དེའི་ཐད་འཚེ་མེད་ཞི་བའི་ལྟ་གྲུབ་སྦྱོང་བརྡར་བསྟི་གནས་ཁང་གི་ལས་འཆར་འགན་འཛིན་དང་ལས་འགུལ་བ་སྒྲོལ་མ་ལྷ་མོ་ལགས་ཀྱིས། ད་ལན་གྱི་ལས་འགུལ་དེ་ནི་ཚོགས་པ་སྒྲིག་འཛུགས་ཀྱིས་གོ་སྒྲིག་བྱས་པ་ཞིག་མ་ཡིན་པར། མི་སྒེར་ཁག་ཅིག་གིས་དང་བླངས་ཐོག་ནས་སྤེལ་བའི་འཚེ་མེད་ཞི་བའི་ལས་འགུལ་ཞིག་ཡིན་ཞིང་། ད་ལན་གྱི་ལས་འགུལ་སྐབས་ཨེན་ཌི་ཊི་ཝི་ཡི་མདུན་ཐང་དུ་ཁ་རས་ནག་པོ་གྱོན་ནས་སར་བསྡད་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགོངས་སེལ་ཞུ་དགོས་པའི་ལས་འགུལ་སྤེལ་ཡོད་ཅིང་། ཁ་རས་ནག་པོ་གྱོན་པ་ནི་ངག་མེད་སྐྱབས་བཅོལ་བ་ (silenced Refugees) སྟེ། རྒྱ་གར་གྱི་གསར་ཁང་ཁག་ཅིག་གིས་སྐྱབས་བཅོལ་བའི་རེ་འབོད་དང་། ལྟ་ཚུལ་སོགས་སྣང་མེད་དུ་བཞག་པར་མཚོན་གྱི་ཡོད་ཅིང་། ཨེན་ཌི་ཊི་ཝི་སོགས་གསར་ཁང་ཁག་གིས་བཅད་གཏུབ་བྱས་པའི་བརྙན་ཐུང་དེ་དྲ་ལམ་ཁག་ནས་བླང་དགོས་པའི་རེ་འདུན་བཏོན་ཡོད་སྐོར་དང་། དེ་བཞིན་དྲ་ལམ་ཁག་ཏུ་ཨེན་ཌི་ཊི་ཝི་ཡིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགོངས་སེལ་ཞུ་དགོས་(#NDTVapologisetoDalailama) ཞེས་བྲིས་ནས་པར་རིས་སོགས་འགྲེམ་སྤེལ་བྱས་ཡོད་པ་མ་ཟད། གསར་ཁང་དེའི་ཁ་པར་དང་གློག་བརྙན་སོགས་སུའང་ཡིག་ངག་གཉིས་ཀྱི་ཐོག་ནས་དགོངས་སེལ་ཞུ་དགོས་པའི་རེ་འདུན་བཏོན་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་མོམ་བྷེར་ཡོད་པའི་བོད་མི་ཁག་ཅིག་གིས་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་མ་ཀང་གྷ་ན་རཱ་ན་ཌི་ཡི་ཡིག་ཚང་གི་མདུན་ཐང་དུ་ཚང་འཛོམས་བགྱིས་ནས།  མོས་༧གོང་ས་རྒྱལ་བ་རིན་པ་ཆེ་མཆོག་ལ་མཚན་སྨོད་བྱེད་མཚམས་བཞག་སྟེ། དགོངས་སེལ་ཞུ་དགོས་པའི་ངོ་རྒོལ་སྐད་འབོད་བྱས་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་མོས་སྒེར་གྱི་ཨིན་སི་ཌ་གྷ་རམ་དུ། ནང་པ་མང་པོ་ཞིག་གིས་ངའི་ཡིག་ཚང་གི་ཕྱི་རོལ་དུ་ངོ་རྒོལ་བྱེད་ཀྱིན་འདུག ང་ལ་མི་གཞན་སུ་ལའང་གནོད་འཚེ་གཏོང་བའི་སེམས་འདུན་མེད་པར། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བྷའེ་ཌན་གྱི་སྐུ་པར་དེ་རྩེད་མཚར་དུ་བཞག་པ་ཞིག་ཡིན། ངས་སྐུ་ཚེ་གང་བོར་སྤྱི་ཚོགས་ཞབས་ཞུ་ཡི་སླད་དུ་ཕྱག་ལས་གནང་མཁན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་། ནང་པ་སངས་རྒྱས་པའི་ཆོས་འགྲེལ་ཁག་ལ་དད་པ་ཆེན་པོ་བྱེད་ཀྱི་ཡོད། ཅེས་བརྗོད་ནས་གསལ་བཤད་བྱས་ཡོད་འདུག དེ་བཞིན་རྒྱ་གར་གྱི་གློག་བརྙན་འཁྲབ་སྟོན་པ་ཤེ་རཱ་ཌ་ཨར་ཡ་དང་། དེ་བཞིན་ཡུ་ཊུ་ཕུའི་བརྙན་བཤད་པ་  (youtuber) ཨ་ཀ་ཤི་ཨ་ཤོག་གུབ་ཌ་ (Akassh Ashok Gupta) སོགས་ཀྱིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དགོངས་སེལ་ཞུས་ཡོད་འདུག

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་༧གོང་ས་མཆོག་ལ་མཚན་སྨོད་བྱས་པའི་གནད་དོན་ཐད་རྒྱ་གར་དབུས་གྲངས་ཉུང་མི་རིགས་ཀྱི་ལྷན་ཁང་གིས་ཕྱི་དྲིལ་བློན་ཆེན་ཨ་ནུ་སིང་ཐ་གུར་མཆོག་གི་མཚན་ཐོག་ཏུ་ཞུ་ཡིག་ཅིག་ཕུལ་བའི་ནང་། ཕྱི་ལོ་ ༢༠༢༣ ཟླ་ ༢ ཚེས་ ༡༨ ཉིན་བཞུགས་སྒར་དྷ་སའི་མཛད་སྒོ་ཞིག་གི་སྐབས་༧གོང་ས་མཆོག་གིས་བུ་ཕྲུག་ཞིག་ལ་འཐམ་འཁྱུད་བྱས་པའི་སྐོར་གསར་ལམ་ཁག་ནས་ལོག་འགྲེལ་བྱས་པའི་རྐྱེན་གྱིས། སྤྱི་ཚོགས་ཁྲོད་དུ་གནད་དོན་ཚབས་ཆེན་ཞིག་ཏུ་གྱུར་ཡོད་པ་མ་ཟད། གནད་དོན་དེས་ནང་པའི་སྤྱི་ཚོགས་ནང་དུ་རྨ་ཁ་ཆེན་པོ་ཞིག་བཟོས་ཡོད་ལ། ཟླ་འདིའི་ཕྱི་ཚེས་ ༡༤ དང་ཕྱི་ཚེས་ ༡༧ ཉིན་ལ་དྭགས་རང་སྐྱོང་ཁུལ་གྱི་མི་མང་དང་ས་གནས་གྲོས་ཚོགས་ཀྱིས་༧གོང་ས་མཆོག་ལ་མཚན་སྨོད་བྱས་པའི་གནད་དོན་སྐོར་ལ་ངོ་རྒོལ་བྱས་ཤིང་། ད་ལྟའི་ཆར་གནད་དོན་དེའི་རྐྱེན་གྱིས་ཨ་རུ་ན་ཅལ་དང་། ཨ་སམ། འབྲས་ལྗོངས། ཧི་མ་ཅལ། ནུབ་བྷང་གྷལ། ཀར་ན་ཊ་ཀ  ཅན་ཌི་གྷར། ཇཱ་མུ། གྷོ་བ། ལྡི་ལི་སོགས་ཀྱི་ནང་དུ་ངོ་རྒོལ་བྱེད་བཞིན་འདུག ཟླ་གཉིས་ཙམ་སྔོན་ལ་བྱུང་བའི་གནད་དོན་ཞིག་གསར་ལམ་ཁག་གིས་བེད་སྤྱོད་ལོག་པ་བཏང་ནས་༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་མཚན་སྨོད་ཞུས་པ་ཞིག་ཡིན་པ་གསལ་བོ་རེད། རྒྱ་གར་གྱིས་ཆོས་ལུགས་ཚང་མའི་བླ་མར་གུས་བཀུར་བྱེད་པའི་སྲོལ་རྒྱུན་བཟང་པོ་ཡོད་ཅིང་། ལྷན་ཁང་གིས་ཀྱང་གསར་ལམ་ཁག་གིས་གནད་དོན་དེའི་ཐོག་གཞི་མེད་སྙོན་འཛུགས་བྱེད་པར་སྐྱོན་བརྗོད་ཤུགས་ཆེན་བྱེད་ཀྱི་ཡོད་ལ། གསར་ལམ་ཁག་གིས་ཆོས་ལུགས་ཀྱི་དབུ་ཁྲིད་རྣམས་ལ་གཞི་མེད་སྙོན་འཛུགས་བྱས་པར་ཚུལ་དང་མཐུན་པའི་སྒོ་ནས་གནད་དོན་གསལ་ཁ་བཟོ་བར་འབོད་སྐུལ་བྱེད་ཀྱི་ཡོད། ཞེས་གསུངས་འདུག་ལ།  དེ་བཞིན་འཛམ་གླིང་གི་མཐོ་སློབ་འདྲ་མིན་གྱི་སློབ་དཔོན་ཁག་ཅིག་གིས་༧གོང་ས་མཆོག་ལ་མཚན་སྨོད་བྱས་པའི་གནད་དོན་ཐད་གསལ་བསྒྲགས་ཤིག་སྤེལ་ཡོད་པའི་ནང་། ང་ཚོས་བོད་གཞིས་བྱེས་གཉིས་ཀྱི་བོད་མི་ཡོངས་ལ་རྒྱབ་སྐྱོར་བྱས་ཏེ། ༧གོང་ས་མཆོག་ལ་གཞི་མེད་སྙོན་འཛུགས་བྱེད་བཞིན་པར་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། འཛམ་གླིང་གི་གསར་ལམ་ཁག་ཚང་མར་གནས་ཚུལ་དྲང་བདེན་དང་ཕྱོགས་སུ་མ་ལྷུང་ཆེད་གནད་དོན་དབྱེ་ཞིབ་ཡག་པོར་བྱེད་དགོས། ཞེས་འཁོད་ཡོད་འདུག

དྲ་ལམ་གྱི་པར།

ཁ་སང་ཕྱི་ཚེས་ ༢༣ ཉིན་མོན་རྟ་དབང་དང་། འབུམ་སྡེ་ལ། སྡེ་རིང་བཅས་སུ་དུས་གཅིག་ལ་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་སྤེལ་ཡོད་པ་དང་།  དེ་བཞིན་ལ་དྭགས་ཁུལ་དང་། ལྷོ་ཕྱོགས་དང་ལྡི་ལི། དྷ་རམ་ས་ལ། སྤི་ཏི། དབྱིན་ཡུལ་དང་སུད་སི། ཧྥ་རན་སི། ཨོ་གླིང་། ཨ་རི། ཁེ་ན་ཌ་སོགས་སུ་བོད་རིགས་དང་ནང་པ་སྟོང་ཕྲག་མང་པོས་ངོ་རྒོལ་སྐད་འབོད་བྱས་ཏེ། གསར་ཁང་དང་མི་སྒེར་ཁག་གིས་༧མགོན་པོ་གང་ཉིད་ལ་མཚན་སྨོད་ཞུ་མཚམས་བཞག་སྟེ། དངོས་ཡོད་ཀྱི་གནས་སྟངས་གསལ་སྟོན་བྱ་དགོས་པའི་རེ་འདུན་ཡང་བཏོན་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese