མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཧྥ་རན་སིའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་མཆོག་ལ་མཇལ་བཅར་ཞུས།

བོད་ཀྱི་དུས་བབ།
༢༠༢༣/༠༤/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཧྥ་རན་སིའི་གྲོས་ཚོགས་གོང་མའི་སྐུ་ཚབ་ཚོགས་ཆུང་ཞིག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་༧གོང་ས་མཆོག་ལ་མཇལ་བཅར་ཞུས་ཡོད་པ་དང་སྐབས་དེར་མགོན་པོ་གང་ཉིད་ནས་ང་ཚོ་ཚང་མ་འགྲོ་བ་མི་གཅིག་པ་ཡིན་པའི་འདུ་ཤེས་འཛིན་དགོས་ཞེས་བཀའ་སློབ་བསྩལ་འདུག

ཧྤ་རན་སི་སྐུ་ཚབ་ཚོགས་ཆུང་ཞིག་གིས་༧གོང་ས་མཆོག་ལ་མཇལ་་བཅར་ཞུས། ༢༠༢༣།༤།༢༤། དགའ་ལྡན་ཕོ་བྲང་གི་སྐུ་པར།

ཟླ་འདིའི་ཕྱི་ཚེས་ ༢༠ ནས་ཉིན་གྲངས་ལྔའི་རིང་ཧྥ་རན་སིའི་གྲོས་ཚོགས་གོང་མའི་སྐུ་ཚབ་ཚོགས་ཆུང་ཞིག་བཞུགས་སྒར་དྷ་རམ་ས་ལ་ཁུལ་དུ་འཚམས་གཟིགས་སུ་ཕེབས་ཡོད་པ་ལྟར། དེ་རིང་ཕྱི་ཚེས་ ༢༤ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ཧྥ་རན་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཇེ་ཁེ་ལིན་ (Jacqueline Eustache-Brinio) མཆོག་དང་། ཧྥརན་སིའི་གྲོས་ཚོགས་གོང་མིའི་འཐུས་མི་ལྕམ་སྐུ་ཨེལ་སེ་ཇོ་སེ་ཧྤི་ (Else Joseph) ལགས་དང་། ཧྥ་རན་སིའི་གྲོས་ཚོགས་གོང་མིའི་འཐུས་མི་སྐུ་ཞབས་ཨུ་ལི་ཝིར་རི་ཌི་མན་ (Olivier Rietmann) ལགས། ལས་བྱེད་སྐུ་ཞབས་ཐེ་རེ་མུ་ནིར་ (Thierry Munier) ལགས་བཅས་ཚོགས་མི་བཞི་ལས་གྲུབ་པའི་སྐུ་ཚབ་ཚོགས་ཆུང་ཞིག་གིས། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཇལ་བཅར་ཞུས་འདུག

སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། ང་ཚོས་འཛམ་གླིང་ཞི་བདེ་ལེགས་གྲུབ་ཡོང་བར་བསམ་བློ་གཏོང་དགོས་ཀྱི་འདུག དཀའ་ངལ་གྱི་འབྱུང་ཁུངས་གཅིག་ནི་ངའི་རྒྱལ་ཁབ་དང་། ངའི་ཆོས་ལུགས་ཀྱི་དབྱེ་འབྱེད་ལས་འབྱུང་གི་ཡོད། ད་ལྟའི་དུས་ལ་ང་ཚོས་འགྲོ་བ་མི་གཅིག་པ་ཡིན་པར་བསམ་བློ་གཏོང་དགོས་ཀྱི་འདུག འཛམ་གླིང་གི་མི་གྲངས་ཐེར་འབུམ་བདུན་བརྒྱད་ཡོད་པ་ཚང་མ་གཅིག་པ་རེད། ངོས་རང་ཞོགས་པ་ཡར་ལངས་དུས་ནས་ང་ཚོ་ཚང་མ་འགྲོ་བ་མི་གཅིག་པར་བསམ་བློ་གཏོང་གི་ཡོད། ང་ཚོ་ཚང་མར་བདེ་སྐྱིད་ཀྱི་མི་ཚེ་དགོས་ཀྱི་ཡོད། ང་ཚོ་ལྷན་སྐྱེས་ཀྱི་བྱམས་བརྩེ་ཡོད་པ་ཞིག་རེད། ཡིན་ནའང་། ང་ཚོ་ཚོགས་པའི་ནང་དུ་ཞུགས་རྗེས་དབྱེ་འབྱེད་བྱེད་རྒྱུ་བྱུང་བ་རེད། རྒྱལ་ཁབ་དེ་དང་འདི། ཆོས་ལུགས་དེ་དང་འདི། འདི་ནི་དབྱེ་འབྱེད་ཀྱི་དཀའ་ངལ་འབྱུང་བའི་རྩ་བ་རེད། ཅེས་གསུངས་སོང་།

དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ། སྤྱི་འཐུས་ཚོགས་གཙོ་བསོད་ནམས་བསྟན་འཕེལ་མཆོག་དང་། ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གི་དབུས་སྤྱི་འཐུས་རྒྱུན་ལས་རྣམས་ཀྱིས་ཧྥ་རན་སིའི་སྐུ་ཚབ་ཚོགས་ཆུང་དང་མཇལ་འཕྲད་གནང་ཡོད་འདུག

ཧྤ་རན་སིའི་སྐུ་ཚབ་ཚོགས་ཆུང་གིས་བོད་མི་མང་སྤྱི་འཐུས་ལྷན་ཁང་དུ་འཚམས་གཟིགས་གནང་བ། ༢༠༢༣།༤།༢༡། བོད་མིའི་སྒྲིག་འཛུགས་ཀྱི་པར།

སྐབས་དེར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་ཧྥ་རན་སིའི་མི་མང་བར་དུས་ཡུན་རིང་པོར་དམིགས་བསལ་གྱི་འབྲེལ་བ་ཡོད་པས། བོད་དང་ཧྥ་རན་སིའི་བར་འབྲེལ་བ་དམ་ཟབ་བྱུང་ཡོད་པའི་སྐོར་དང་། ཐེངས་འདིར་ཧྤ་རན་སི་གྲོས་ཚོགས་གོང་མའི་འཐུས་མི་རྣམས་བོད་མི་མང་སྤྱི་འཐུས་དང་མཉམ་དུ་མཇལ་འཛོམས་བྱུང་བ་དེས་བོད་དང་ཧྤ་རན་སི་གྲོས་ཚོགས་གཉིས་ཀྱི་འབྲེལ་བའི་ཐོག་ནས་ལོ་རྒྱུས་རང་བཞིན་ལྡན་པ་ཞིག་ཆགས་ཀྱི་ཡོད་སྐོར་དང་། དེ་བཞིན་ཧྥ་རན་སི་གྲོས་ཚོགས་གོང་མའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ལྕམ་སྐུ་ཇེ་ཁེ་ལེན་ཨུ་ས་ཊ་ཆི་བྷི་རི་ནའོ་མཆོག་ཨ་རིའི་རྒྱལ་སྤྱིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་བརྒྱད་པའི་ཐོག་མཉམ་ཞུགས་གནང་ཡོད་པ་དང་། གྲོས་ཚོགས་འཐུས་མི་རྣམ་པས་བོད་དོན་ཐོག་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞེས་གསུངས་འདུག

བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས། ཐེངས་འདིར་ཧྥ་རན་སི་གྲོས་ཚོགས་གོང་མའི་སྐུ་ཚབ་ཚོགས་ཆུང་བོད་མིའི་སྒྲིག་འཛུགས་སུ་ཕེབས་པ་དེས་བོད་དོན་ལ་གདུང་སེམས་མཉམ་སྐྱེད་གནང་བ་མཚོན་གྱི་ཡོད་པ་དང་། བོད་རྒྱའི་དཀའ་རྙོག་སེལ་བར་བོད་མི་རྣམས་ལ་སེམས་ཤུགས་སྤར་ངེས་ཡིན་སྐོར་དང་། འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ཐོག་བོད་ཀྱི་ཁོར་ཡུག་གི་གལ་གནད་དང་། ཧྥ་རན་སི་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ཧྤ་རན་སི་གཞུང་ནས་བོད་ཀྱི་ཁོར་ཡུག་གི་གལ་གནད་ཐོག་ཞིབ་འཇུག་གི་སྙན་ཐོ་ཞིག་འདོན་དགོས་བའི་འབོད་སྐུལ་ཞུ་དགོས་སྐོར་དང། བོད་ཀྱི་བྱིས་པ་མང་པོ་རྒྱ་གཞུང་གི་གཏན་འཇགས་སློབ་གྲྭར་བཙན་བཅུག་བྱས་ནས་རྒྱ་བསྒྱུར་སློབ་གསོ་སྤེལ་བའི་ཛ་དྲག་གི་གནས་སྟངས་སྐོར་། དེ་བཞིན་བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་གནད་དོན་ཞིག་ཏུ་ངོས་འཛིན་བྱེད་དགོས་སྐོར་སོགས་གསུངས་འདུག

གསར་འགོད་པ་བྱམས་པ་ཚེ་རིང་གིས་བོད་མིའི་སྒྲིག་འཛུགས་ཀྱི་དྲ་བ་སོགས་ནས་བསྡུས།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གཞུང་གི་སྲིད་དོན་ཉེས་ཆད་ལ་སྐྱོན་བརྗོད་བྱས།

༢༠༢༤/༡༢/༢༥
Mobile App

ཆུ་རགས་གསར་རྒྱག་གི་ལས་གཞི་མཚམས་འཇོག་དགོས་པའི་དགོས་འདུན་ཆེད་བཏོན་གནང་འདུག

༢༠༢༤/༠༢/༢༨
༧གོང་ས་མཆོག་གིས་རཱ་མོན་མཱག་སའེ་སའེ་གཟེངས་རྟགས་ཐེབས་རྩའི་ཚོགས་མི་རྣམས་ལ་མཇལ་འཕྲད། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༣།༠༤།༢༦
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ལ་མཇལ་རྗེས་ང་ཚོའི་སེམས་ལ་ཞི་བདེའི་ཚོར་བ་ཆེན་པོ་བྱུང་སོང་།

༢༠༢༣/༠༤/༢༧
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་གོ་ལའི་ནང་པའི་ཚོགས་མགོན་དུ་བཀའ་སློབ་བསྩལ།

༢༠༢༣/༠༤/༢༡
ཧྥ་རན་སིའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོས་དབུས་སྐུ་ཚབ་ཚོགས་ཆུང་གིས་སྲིད་སྐྱོང་མཆོག་དང་མཇལ་འཕྲད་གནང་། ༢༠༢༣།༠༤།༢༠ བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཧྥ་རན་སིའི་སྐུ་ཚབ་ཚོགས་ཆུང་ཞིག་དྷ་སར་གཟིགས་སྐོར་དུ་ཕེབས་འདུག

༢༠༢༣/༠༤/༢༡
ལ་དྭགས་ཀྱི་རྩིས་ལོ་ ༢༠༢༣་་༢༤ ལོའི་སྔོན་རྩིས་གྲོས་ཚོགས་ཚོགས་དུས། ལ་དྭགས་བང་ཆེན་གྱི་དྲ་ལམ་ནས་བླངས།
Mobile App

རྒྱ་གར་གྱི་གསར་ཁང་རེ་ཟུང་ལ་དྭགས་སུ་བཀག་སྡོམ་གནང་རྒྱུ་སྤྱི་མོས་གཏན་འབེབས་བྱུང་།

༢༠༢༣/༠༤/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese