མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་གིས་ཡུ་རོབ་རྒྱལ་ཁབ་བཞིའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།

བོད་ཀྱི་དུས་བབ།
༢༠༢༣/༠༤/༢༥
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་ནས་རྒྱ་ནག་གཞུང་གིས་དམིགས་ཡུལ་ཡོད་པའི་ཐོག་ནས་བོད་ཀྱི་སྐད་ཡིག་དང་། ཆོས་ལུགས། རིག་གཞུང་། ཁོར་ཡུག་བཅས་རྩ་གཏོར་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པས་བོད་དང་བོད་མིའི་ངོ་བོ་མཚོན་བྱེད་ཡོད་ཚད་ག་ལེར་ཉམས་རྒུད་དུ་འགྲོ་བཞིན་ཡོད་སྐོར་གསུངས་འདུག

སྲིད་སྐྱོང་མཆོག་ནས་རྒྱ་ནག་གིས་མི་ངོ་༧༢ རིང་བོད་་དུ་མི་སེར་སྤེལ་བའི་དབང་བསྒྱུར་བྱས་པའི་བརྗོད་གཞིའི་ཐོག་དྲ་ལམ་གསུང་བཤད་གནང་བ། ༢༠༢༣།༠༤།༢༤

ཟླ་འདིའི་ཕྱི་ཚེས་ ༢༡ ནས་ཉིན་གྲངས་ ༡༩ རིང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དབྱིན་ཡུལ་དང་། ནོར་ཝེ། ཌེན་མག འཇར་མན་བཅས་ནང་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༢༤ ཉིན་དབྱིན་ཡུལ་གྱི་རྒྱལ་ས་ལོན་ཌོན་དུ་རྟེན་གཞི་བྱས་ཡོད་པའི་དམངས་གཙོའི་གླེང་སྟེགས་(The Democracy Forum)་ཚོགས་པའི་གོ་སྒྲིག་འོག རྒྱ་གཞུང་གིས་ལོ་ངོ་ ༧༢ རིང་བོད་དུ་མི་སེར་སྤེལ་བའི་དབང་བསྒྱུར་བྱས་པ་ཞེས་པའི་དྲ་ལམ་ཚོགས་འདུ་ཞིག་འཚོགས་འདུག ཚོགས་ཐོག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དབྱིན་ཡུལ་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ཁི་རི་སི་ལོ་( Chris Law) ལགས། སི་ཁོ་ཌི་ཤི་ཧི་མ་ལ་ཡ་ཞིབ་འཇུག་ལྟེ་གནས་ཁང་གི་འགན་འཛིན་མར་ཌིན་མིལ་སི་(Martin Mills) ལགས། ཝི་སི་ཌི་མན་སི་ཌིར་གཙུག་ལག་སློབ་གླིང་གི་སློབ་དཔོན་ཌི་བྷེ་ཤི་ཨ་ནན་ཌི་(Dibyesh Anand)ལགས། དམངས་གཙོའི་གླེང་སྟེགས་ཚོགས་པའི་ཚོགས་གཙོ་ལོར་ཌི་ཆིར་ལི་སི་བྷི་ར་སི་(lord Charles Bruce)་ལགས། དམངས་གཙོ་གླེང་སྟེགས་ཚོགས་པའི་ཚོགས་གཞོན་བྷེ་རི་གྷར་ཌི་ནར་(Barry Gardiner)་ལགས། ཐེངས་འདིའི་གཙོ་སྐྱོང་གནང་མཁན་རྩོམ་པ་པོ་དང་བྷི་བྷི་སིའི་གསར་འགོད་པ་ཟུར་པ་ཧུམ་ཧྤེ་རི་(Humphrey Hawksley)ལགས་བཅས་མཉམ་ཞུགས་གནང་ཡོད་འདུག

སྐབས་དེར་སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་གིས་ལོ་ངོ་ ༧༢ རིང་བོད་དུ་མི་སེར་སྤེལ་བའི་དབང་བསྒྱུར་བྱས་པའི་འབྲས་བུ་ནི་རང་དབང་ཁང་པའི་སྙན་ཐོའི་ནང་དུ། བོད་ནི་འཛམ་གླིང་སྟེང་གི་ཆེས་རང་དབང་མེད་པའི་རྒྱལ་ཁབ་ཅིག་ཏུ་བཏོན་ཡོད་པ་ལྟར། རྒྱ་གཞུང་གིས་དམིགས་ཡུལ་ཡོད་པའི་ཐོག་བོད་ཀྱི་སྐད་ཡིག་དང་། ཆོས་ལུགས། རིག་གཞུང་། ཁོར་ཡུག་བཅས་རྩ་གཏོར་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པས། བོད་དང་བོད་མིའི་ངོ་བོ་མཚོན་བྱེད་ཡོད་ཚད་ག་ལེར་ཉམས་རྒུད་འགྲོ་བཞིན་ཡོད་ཅེས་གསུངས་འདུག

སྲིད་སྐྱོང་མཆོག་གིས་དབྱིན་ཡུལ་གྲོས་ཚོགས་འོག་མའི་འཐུས་མི་དང་།་གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ལྕམ་ཨ་ལི་སི་ཡ་ཀན་སི་ལགས་དང་ལྷན་མཇལ་འཕྲད་གནང་། སྲིད་སྐྱོང་གི་ངོ་དེབ་ཀྱི་པར། ༢༠༢༣།༤།༢༥

ཐེངས་འདིའི་སྲིད་སྐྱོང་མཆོག་གི་གཞུང་འབྲེལ་ཕྱོགས་ཕེབས་སྐབས་སུ་སི་ཀོ་ཌ་ལན་ཌི་གཞུང་གི་མཐོ་རིམ་མི་སྣ་དང་། གྲོས་ཚོགས་འཐུས་མི། བོད་དོན་རྒྱབ་སྐྱོར་བ། གྲོས་ཚོགས་ཀྱི་ཕྱི་འབྲེལ་དང་། འགྲོ་བ་མིའི་ཐོབ་ཐང་། ཆོས་དད་རང་དབང་བཅས་ཀྱི་ལས་དོན་ཚོགས་ཆུང་གི་ཚོགས་མི་སོགས་དང་མཇལ་འཕྲད་གནང་རྒྱུ་མ་ཟད། དེ་རིང་ཕྱི་ཚེས་ ༢༥ ཉིན་དབྱིན་ཡུལ་གྲོས་ཚོགས་འོག་མའི་འཐུས་མི་དང་། གྲོས་ཚོགས་ཀྱི་ཕྱི་སྲིད་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ལྕམ་ཨ་ལི་སི་ཡ་ཀན་སི་(Alicia Kearns) ལགས་དང་ལྷན་མཇལ་འཕྲད་གནང་ཡོད་པ་དང་། དེ་བཞིན་དབྱིན་ཡུལ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པ་དང་གྲོས་ཚོགས་འཐུས་མིའི་རྒྱལ་སྤྱིའི་ཆོས་དད་རང་དབང་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག་དབྱིན་ཡུལ་གྲོས་ཚོགས་སུ་གསུང་བཤད་གནང་གི་ཡོད་འདུག

དེ་བཞིན་ཕྱི་ཚེས་ ༢༦ དང་ ༢༧ ཉིན་སྲིད་སྐྱོང་མཆོག་གིས་ཝེས་མིན་ཊར་གཙུག་ལག་སློབ་གཉེར་ཁང་ (Westminster University) དང་། ཨེ་ཤི་ཡ་སི་ཀོ་ཌ་ལན་ཌི་བསྟི་གནས་ཁང་ (Asia Scotland Institute)། ཨཱ་བྷིར་ཌིན་གཙུག་ལག་སློབ་གཉེར་ཁང་ (Aberdeen University) བཅས་སུ་གསུང་བཤད་གནང་རྒྱུ་ཡིན་པ་དང་། དེ་བཞིན་གཞུང་ཁོངས་མིན་པའི་ཚོགས་པ་དང་། བསམ་མཛོད་བསྟི་གནས་ཁང་། འགྲོ་བ་མིའི་ཐོབ་ཐང་ཚོགས་པ། ནང་པའི་ཆོས་ཚོགས། གསར་འགོད་པ། བོད་རིགས་མི་མང་བཅས་ལ་ཐུག་འཕྲད་དང་གསུང་བཤད་གནང་རྒྱུ་ཡིན་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Sikyong Penpa Tsering during the meeting with executive members of Tibetan Association of NY & NJ.
Mobile App

སྲིད་སྐྱོང་མཆོག་ཨ་རིའི་ནེའུ་མེག་སི་ཁོ་རུ་ཕེབས་ཐོན་གྱིས་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༤/༡༢/༡༨
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་རྒྱ་གར་གྱི་གྲོས་ཚོགས་འཐུས་མི་ཀི་རན་རི་ཇི་ཇུ་ལགས།
Mobile App

སྲིད་སྐྱོང་མཆོག་གིས་སྐུ་ཞབས་རི་ཇི་ཇུ་ལགས་ལ་འཚམས་འདྲི་གནང་།

༢༠༢༤/༠༦/༡༣
Mobile App

ཉིན་གྲངས་གཉིས་རིང་བོད་ཀྱི་གྲངས་འཛིན་དཔེ་མཛོད་ཀྱི་མཉམ་འདུས་ཚོགས་སྡེའི་ཚོགས་ཆེན་འཚོག་མགོ་བཙུགས།

༢༠༢༤/༠༣/༡༢
རིག་གཞུང་སྲུང་སྐྱོབ་ལས་གཞིའི་འབྲེལ་ཡོད་ལས་བྱེད་རྣམས། དུས་བབ་ཀྱི་པར། ༢༠༢༣།༡༡།༠༣
Mobile App

བོད་ཀྱི་རིག་གཞུང་སོར་ཆུད་དང་ནུས་པ་གོང་སྤེལ་གཏོང་ཕྱོགས་ཀྱི་ལས་གཞི་དབུ་འབྱེད་གནང་སོང་།

༢༠༢༣/༡༡/༠༣
Sikyong addressed the Tibetan community and engaged in a Q&A session.Photo:Tibet.net
Mobile App

སྲིད་སྐྱོང་མཆོག་ནས་ཨ་རིའི་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་འདུག

༢༠༢༣/༡༠/༡༦
སྲིད་སྐྱོང་མཆོག་ནས་ཀོ་ལིམ་བྷི་ཡ་རྒྱལ་ཡོངས་གཙུག་ལག་སློབ་གཉེར་ཁང་དུ་གསུང་བཤད་གནང་བཞིན་པ། སྲིད་སྐྱོང་ངོ་དེབ་ཀྱི་པར། ༢༠༢༣།༡༠།༠༣
Mobile App

སྲིད་སྐྱོང་མཆོག་གིས་བོད་ནང་གི་ཆོས་ལུགས་དད་མོས་སྐོར་ལ་བགྲོ་གླེང་ཤུགས་ཆེན་གནང་།

༢༠༢༣/༡༠/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese