མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐུ་ཞབས་རྒྱལ་ལོ་ལགས་ཐུག་པ།

བོད་ཀྱི་དུས་བབ།
༢༠༢༣/༠༤/༢༧
Share on FacebookShare on TwitterShare on EmailShare on Whatsapp

དཀར་གཞུང་བཀྲ་ཤིས་རྡོ་རྗེ།

རྒན་རྒྱལ་ལོ་ལགས་ནས་༧གོང་ས་མཆོག་ལ་མཇལ་ཁ་ཞུས།

ཕྱི་ལོ་ཉིས་སྟོང་བཅུ་གསུམ་རྒྱལ་སྤྱིའི་བོད་རིག་པའི་ཞིབ་འཇུག་ཚོགས་འདུ་ཐེངས་བཅུ་གསུམ་པ་སོག་པོའི་རྒྱལ་ས་ཨོ་ལན་བྷ་ཏུར་དུ་ཚོགས་པ་རེད། གེ་སར་སྒྲུང་གི་སྐོར་ཚོགས་ཐུན་འགའ་ཉན་པར་ཕྱིན་པ་ཡིན། རྒྱུ་མཚན་ནི་བྱང་འབྲོག་ནག་ཆུའི་མི་ཞིག་ཡིན་ཕྱིན་གེ་སར་གྱི་བབ་སྒྲུང་དང། ཡིག་སྒྲུང། ངག་སྒྲུང་བཅས་པར་རྒྱུས་མངའ་ཟབ་མོ་ཡོད་པ་མ་ཟད། ནག་ཆུ་ནི་གེ་སར་སྒྲུང་གི་ཕ་ས་ཡིན་ཞེས་བརྗོད་ནའང་རྫུན་དུ་མི་འགྲོ།

ཚོགས་ཆུང་གི་བརྗོད་གཞི་ནི། གེ་སར་རྒྱལ་པོའི་སྒྲུང་གི་སྐོར་རེད། མི་ཞིག་གིས་ཨིན་སྐད་ཀྱིས་གེ་སར་གྱི་སྒྲུང་གི་སྐོར་བཤད་སོང། བརྗོད་བྱ་ལ་དམིགས་བསལ་གྱི་ཚོར་བ་མ་བྱུང་ཡང་རྗོད་བྱེད་ཨིན་སྐད་ཀྱིས་གེ་སར་སྒྲུང་གི་སྐོར་བཤད་པ་གོ་བ་དང་པོ་ཡིན། གང་ལྟར་ཁོའི་གཏམ་བཤད་བྱས་རྗེས་ང་ཚོ་བགྲོ་གླེང་བྱས་པ་ཡིན། སྐད་ཆ་ཕར་བཤད་ཚུར་ཉན་གྱིས་ཁོའི་མིང་ལ་རྒྱལ་ལོ་ཟེར་གྱི་ཡོད་པ་དང་འབུམ་རམས་པའི་དམ་བཅའ་འཇོག་གྲབས་ཡོད་པའང་ཤེས་རྟོགས་བྱུང། གཅོད་པ་དོན་གྲུབ་དང། ཁོང་གཉིས་ཀྱིས་ང་ལ་ཁྱོད་ནག་ཆུ་བ་ཞིག་ཡིན་པའི་ཆ་ནས་གེ་སར་སྒྲུང་གི་སྐོར་ཞིབ་འཇུག་བྱེད་པའི་ཆ་རྐྱེན་ཚང་ཡོད་པས་གེ་སར་སྒྲུང་གི་སྐོར་ཞིབ་འཇུག་བྱས་ན་བཟང་ཚུལ་བཤད་བྱུང་ཡང་ཁས་ལེན་བྱས་མེད། ཡིན་ཡང་ལོ་འགའི་རིང་དོ་སྣང་ཅུང་ཙམ་བྱས་ནས་ཨ་མདོ་བོད་རིག་པའི་ཞིབ་འཇུག་ཚོགས་འདུའི་ཐོག (སྐལ་བཟང་གྲགས་པའི་ཡིག་སྒྲུང་དང་ནག་ཆུའི་བབ་སྒྲུང་གི་ཁྱད་པར།) ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་བྱས་པ་ཡིན་པས་ཁོང་རྣམ་པ་གཉིས་བློ་བ་དགའ་བའི་རེ་བ་ཡོད།

གཅོད་པ་དོན་གྲུབ་ཀྱིས་རྒྱ་གར་ལ་སྒྲུང་ཡིག་འདྲ་ཡོད་རེད་དམ། ཞེས་དྲིས་བྱུང། ངས་ཤེས་རིག་ལས་ཁུངས་ནས་བསྡུ་སྒྲིག་བྱས་པ་ཞིག་ཡོད་རེད་ཅེས་བཤད་པ་ཡིན། དེ་དག་ང་ལ་གཏོང་རོགས་ཞེས་བཤད་བྱུང་། ངས་དེ་དག་བོད་ནས་ཐོན་པའི་སྒྲུང་ཡིག་ཁག་ནས་བསྡུས་པ་ལས་གསར་བ་གང་ཡང་ཡོོད་མ་རེད་ཅེས་བཤད། ཁོང་གིས་དེ་ཡང་སྒྲུང་ཡིག་ཅིག་ཆགས་ཀྱི་རེད། ང་ལ་ངེས་པར་དུ་གཏོང་རོགས་ཅེས་བཤད་དེ། ཁ་བྱང་དང་གློག་འཕྲིན་ཁ་བྱང་ང་ལ་སྤྲད་བྱུང། ངས་གཏོང་ཐུབ་མ་སོང་བས་རྩོམ་ཡིག་འདི་བརྒྱུད་ནས་ཁོང་ལ་དགོངས་དག་ཞུ་གི་ཡོད།

ཚོགས་འདུ་གྲོལ་ཁའི་དགོང་མོར་ཐུགས་སྤྲོ་ཞིག་འདུག ང་ཚོགས་འདུ་མ་གྲོལ་ཙམ་ལ་འགྲོན་ཁང་ལ་ཅ་ལག་ཅིག་ལེན་པར་ཕྱིན་ནས་ཚུར་ཡོང་སྐབས་ཚོགས་མི་ཚང་མ་ཐུགས་སྤྲོ་ལ་ཕྱིན་ཚར་འདུག ལམ་གྱི་ཕར་ཕྱོགས་ལ་མི་ཞིག་མོ་ཊ་ནས་བབས་སོང། ཁོང་རྒྱལ་ལོ་ལགས་རེད། ངས་ཚོགས་མི་ཚང་མ་ཕྱིན་ཚར་འདུག་ཅེས་བཤད་པ་ཡིན། ཁོང་གིས་དེ་སྐྱོན་མེད། ང་གཉིས་མོ་ཊའི་ནང་འགྲོ་ཟེར་གྱི་འདུག ངས་ཐག་ཉེ་པོ་ཡིན་པས་གོམ་པ་བརྒྱབ་ནས་འགྲོ་ཞེས་བཤད་པ་ཡིན། ཁོས་དུས་ཚོད་འགོར་གྱི་རེད་ཟེར། ཁོང་རྐང་པ་ཡང་དེ་ཙམ་བདེ་པོ་མེད་པ་མཐོང་སོང་བས་མོ་ཊ་ཞིག་གླས་ན་ཏག་ཏག་རེད་བསམ་བྱུང། དེ་ལྟར་ཤོད་གིན་འགྲོ་གིན་ཐུགས་སྤྲོ་གཏོང་སར་འབྱོར་ཚར་སོང།

དེའི་སང་ཉིན་ཚོགས་མི་ཚོ་སོག་པོར་ནང་པའི་དགོན་པ་འགའ་འདུག་པ་དེར་གནས་མཇལ་ལ་ཁྲིད་བྱུང།  འགྲུལ་འཁོར་ཆེ་བ་འགའ་འདུག་པར་ཚོགས་མི་རྣམས་འཚང་ཁ་བརྒྱབ་ནས་ཕྱིན་སོང། ང་དང་མི་ཁ་ཤས་ཤིག་ལྷག་འདུག དེ་དག་གི་ཆེད་འགྲུལ་འཁོར་ཆུང་བ་ཞིག་གོ་སྒྲིག་བྱས་བྱུང། ཡང་འགྲུལ་འཁོར་དེའི་ནང་རྒྱལ་ལོ་ལགས་ངེད་གཉིས་རྐུབ་བཀྱག་ཕར་ཚུར་ཁ་སྤྲོད་ལ་ཁེལ་འདུག དེ་འདྲ་ཞིག་ལ་ཁོའི་མགོ་ངའི་རྣ་རྩར་བསྲིངས་ནས་སྐད་མགོ་དམའ་མོས་ཁྱོད་ཚོས་༸རྒྱལ་བ་རིན་པོ་ཆེ་སྐུ་བཞུགས་པའི་རིང་ཐག་ཆོད་པ་བྱས་ཤོག ཁོང་སྐུ་མ་བཞུགས་ན་གང་ཡང་ཡོད་མ་རེད་ཅེས་བཤད་བྱུང། ངས་ཅི་ཤོད་འདི་ཤོད་མ་ཤེས་པར་གང་བྱས་ནས། ཞེས་ཁ་ནས་ཐོན་སོང། ཁོས་མགོ་གཡུག་གཡུག་བྱེད་བཞིན། “འུན་…”ཁོང་མ་བཞུགས་ན་གང་ཡང་ཡོད་མ་རེད། སྐུ་བཞུགས་སྐབས་ཐག་ཆོད་པ་བྱས་ཤོག་ཟེར་ཞིན་ཕར་རང་གནས་ལ་བསྡད་སོང། ཁོ་འབུམ་རམས་པའི་དམ་བཅའ་བཞག་རྗེས་བོད་ལ་སོང་ནས་ལས་ཀ་བྱེད་རྩིས་ཡོད་པ་ཡང་བགྲོ་གླེང་སྐབས་གླེང་སློང་བྱུང་ཡོད། ངའི་སེམས་སུ་ཁོས་སྐད་ཆ་འདི་འདྲ་ཞིག་ཤོད་དོན་གང་ཡིན་ནམ། ཁོ་བོད་ལ་གང་འདྲ་བྱས་ནས་ལོག་རྩིས་ཡིན་ནམ། དེ་ཡང་ང་ལ་ཤོད་དོན་ཅི་ཡིན་ནམ་ཞེས་ལན་མི་ཕོག་པའི་དྲི་རྟགས་མང་པོ་ཞིག་ང་ལ་བཞག་བྱུང།

དེ་ནས་བཟུང་ངེད་གཉིས་བར་ལ་འབྲེལ་གང་ཡང་མེད། ཡིན་ཡང་ཁོའི་སྐད་ཆ་དེའི་ཐད་བསམ་བློ་འགའ་འཁོར་མྱོང། དཔེར་ན། གཅིག་བྱས་ན་ཁོ་ལྷག་བསམ་ཅན་ཞིག་ཡིན་གྱི་རེད་ལ། ང་ལ་བློ་ཁེལ་བའི་ངང་ཚུལ་འདྲ་མཐོང་ཡོད་སྲིད། གཅིག་བྱས་ན་རྒྱ་ཡིས་བཏང་བའི་བཙན་བྱོལ་བོད་མིར་ཁ་ཁོག་འདྲུ་མཁན་ཞིག་ཡིན་ཡང་སྲིད། དེ་མིན་སྐད་དེ་འདྲ་ཞིག་ང་ལ་ཤོད་དོན་ཅི་ཡོད་བསམས། གང་ལྟར་ཁོང་གིས་བཞག་པའི་དྲི་རྟགས་རྣམས་དྲི་རྟགས་རང་བྱས་ཏེ་ངས་ལོ་བཅུ་ཙམ་ཉར་འདུག

སྤྱིར་ཁོས་ཕྱི་ལོ་༢༠༡༡  ༸གོང་ས་མཆོག་མཇལ་བར་གོ་ཐོས་རབ་རིབ་ཙམ་ཞིག་ཡོད་ཀྱང་དེ་ལ་དོ་སྣང་གང་ཡང་བྱས་མེད། འདི་ལོར་ཁོང་གིས་༸སྐྱབས་མགོན་རིན་པོ་ཆེར་འཇལ་ཁ་ཞུས་ཚུལ་དང། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམས་ཐུག་རབས། དྷ་ས་བདེ་དོན་ཚོགས་ཁང་དང་ལྷག་པར་དུ་ས་རྰ་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་གཏམ་བཤད་བྱས་པ་དང། སློབ་ཁྲིད་བྱས་པ། དུས་བབ་ཀྱིས་གཙོས་རྒྱུད་ལམ་དང་ཚོགས་པ་འགར་གཏམ་བཤད་བྱས་པ་མཐོང་ཐོས་བྱུང། ཁོང་གི་ཐག་གཅོད་དང་གནང་བབ་དེ་དག་བསམ་གཞིག་བྱེད་སྐབས། ཨོ་…ཨ་མ་ཞིག་གིས་ཨ་མའི་བུ་ཞིག་སྐྱེས་འདུག་བསམས་ཏེ་དགའ་པོ་བྱུང་ལ་ལོ་བཅུ་ཙམ་ཉར་བའི་དྲི་རྟགས་རྣམས་ཀྱང་ལན་རག་ཟིན།

འབྲེལ་ཡོད་གསར་འགྱུར།

No Content Available

མཆན། 3

  1. Gyaltsen Choedak says:
    ལོ་ 2 སྔོན།

    གཞན་ལ་ཞུ་དག་གཏོང་མཁན་དངོས་གྲུག་ལགས་ཀྱིས་བྲིས་དོན།. (བོད་ཡིག་ལ་གཏོར་སྐྱོན་ཀྱང་མང་པོ་གཏོང་གི་འདུག་པས་ཀུན་གྱིས་གཟབ་དགོས.) གཞན་ལ་ཞུ་དག་གཏོད་བའི་ཆུ་ཚད་མཐོ་པོ་འདུག

    Reply
  2. རྒས་པོ་བཀྲ་ཤིས་ཚེ་རིང་། says:
    ལོ་ 2 སྔོན།

    མཆན་འབྲི་མཁན་དངོས་གྲུབ་ཟེར་བ་འདི་ཡང་བོད་ཡིག་མི་ཤེས་བཞིན་དུ་བོད་ཡིག་ལ་བརྟེན་ནས་འཚོ་བ་སྐྱེལ་མཁན་ཞིག་ཡིན་ཚོད་གདའ། ཕྲད་མི་དགོས་བཞིན་དུ་འབྲི་དགོས་ཟེར་ན་དགོད་བྱེད་ཅིག་རེད། ཨ་ལ་སྙིང་རྗེ། རང་གིས་བྲིས་པའི་མཆན་ལ་བལྟས་ན་ངུ་བྲོ་བ་ཞིག་འདུག

    Reply
  3. དངོས་གྲུབ། says:
    ལོ་ 2 སྔོན།

    རྒྱལ་ལོ་ལགས་ལ་ཐུག་པ་་་ཟེར་ནས་ཕྲད་ཅིག་དགོས་ཀི་རེད། དེ་མིན་་རྒྱལ་ལོ་ལགས་སུ་ལ་ཐུག་པ་རེད་དམ། ཞེས་དྲི་བ་ཞིག་ཡོང་གི་རེད། བོད་ཡིག་གི་རྩ་བའི་རྨང་གཞི་མ་སྦྱང་ན་སྐྱོན་འདི་ཡོང་གི་རེད། བོད་ཡིག་གི་བརྡ་སྤྲོད་གཞུང་མ་སྦྱང་བར་ཡི་གེ་སྐྱ་མོ་ཙམ་སྦྱང་པ་ལ་བརྟེན་ནས་་རྩོམ་ཡིག་འབྲི་བ་ལེགས་པོ་འདུག་ཀྱང་། བོད་ཡིག་ལ་གཏོར་སྐྱོན་ཀྱང་མང་པོ་གཏོང་གི་འདུག་པས་ཀུན་གྱིས་གཟབ་དགོས

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese