མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་ཕྱི་ལོ་ ༢༠༢༤ ལོའི་དམངས་གཙོ་ཚོགས་པའི་སྲིད་འཛིན་འོས་མིར་ལངས།

བོད་ཀྱི་དུས་བབ།
༢༠༢༣/༠༤/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་སྲིད་འཛིན་ལས་ཐོག་རྗོ་བྷའེ་ཌིན་མཆོག་དང་སྲིད་འཛིན་ཟུར་པ་ཊོམ་ཕུ་གཉིས་ཀྱིས་ཕྱི་ལོ་ ༢༠༢༤ ལོར་ཡང་བསྐྱར་སྲིད་འཛིན་གྱི་རྒྱལ་ཕམ་རྩོད་དགོས་ཆགས་སྲིད་པ་རེད།

Joseph Biden & Donald Trump

ཕྱི་ལོ་ ༢༠༢༠ ལོའི་ཨ་རིའི་སྲིད་འཛིན་གྱི་རྒྱལ་ཡོངས་འོས་བསྡུའི་ཁྲོད། ཊོམ་ཕུ་མཆོག་ལ་འོས་གྲངས་བརྒྱ་ཆའི་ ༤༦།༩ དང་། རྗོ་བྷའེ་ཌིན་མཆོག་ལ་འོས་གྲངས་ཀྱི་བརྒྱ་ཆའི་ ༥༡།༣ ཐོབ་སྟེ། རྗོ་བྷའེ་ཌིན་མཆོག་ཨ་རིའི་སྲིད་འཛིན་ ༤༦ པར་བདམས་ཏེ་ད་ལྟ་ཁོང་གི་ལས་ཡུན་རྫོགས་གྲབས་ཡོད་པ་རེད། ཉེ་ལམ་ནས་ཨ་རིའི་སྲིད་འཛིན་ཟུར་པ་ཊོམ་ཕུ་མཆོག་དང་། ད་ལྟའི་སྲིད་འཛིན་གཞོན་པ་ལྕམ་སྐུ་ཀ་མ་ལ་ཧ་རི་སི་ (Kamala Harris) མཆོག་གི་གཙོས་དམངས་གཙོ་ཚོགས་པ་དང་སྤྱི་མཐུན་ཚོགས་པའི་འཐུས་མི་གྲངས་ ༡༡ གིས་སྲིད་འཛིན་གྱི་འོས་མིར་བཞེངས་སྲིད་པའི་ཚོད་དཔག་བྱེད་ཀྱི་འདུག་ལ། ཕྱི་ལོ་ ༢༠༢༤ ལོ་ནི་བྷའེ་ཌིན་དང་ཊོམ་ཕུ་གཉིས་ཀྱི་འོས་བསྡུའི་རྒྱལ་ཕམ་རྩོད་པའི་ལམ་དུ་ཞུགས་པ་ཐེངས་གཉིས་པ་དེ་ཆགས་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ཨ་རིའི་སྲིད་འཛིན་བྷའེ་ཌིན་མཆོག་གིས་ད་ནི་ལས་ཀ་མཇུག་བསྡུ་བའི་དུས་ཚོད་ཡིན་ (It’s time to finish the job) ཞེས་པའི་འོས་བསྡུའི་དྲིལ་བསྒྲགས་ཀྱི་འབོད་ཚིག་བསྒྲགས་ཏེ། སྐར་མ་གསུམ་ཅན་གྱི་འོས་བསྡུའི་གཏམ་བཤད་ཅིག་སྤེལ་བའི་ནང་།  ད་ནི་ཡིད་ཚིམས་ནས་བསྡད་པའི་དུས་ཚིགས་ཤིག་གཏན་ནས་མིན་པས། ང་ཨ་རིའི་སྲིད་འཛིན་གྱི་འོས་མིར་ལང་གི་ཡོད། མི་རྣམས་ཀྱིས་ངའི་ལོ་ཚད་ཀྱི་ཐད་ནས་རྙོག་གླེང་བཟོ་སྲིད་ཀྱང་།  ངས་བཤད་ཐུབ་པ་ཁོ་ན་ནི་“ཁྱེད་ཚོས་ང་ལ་བལྟས་ནས་སྡོད་” ཅེས་པ་དེ་ཡིན། ཞེས་དང་། ཡང་ཁོང་གིས། ངས་ལོ་བཞི་ཡི་རིང་ལ་ཨ་རིའི་སྲིད་འཛིན་གྱི་ལས་གནས་ཁུར་བ་རེད། ངས་ང་ཚོ་ཨ་རིའི་ཚེ་སྲོག་གི་ཆེད་དུ་གཡུལ་སར་ཡོད་ཅེས་བཤད་མྱོང་བ་བཞིན། ང་ཚོ་ད་ལྟའང་ཨ་རིའི་ཚེ་སྲོག་གི་ཆེད་དུ་གཡུལ་སར་གནས་མུས་ཡིན་པས། ང་རང་ཕྱི་ལོ་ ༢༠༢༤ ལོའི་ཨ་རིའི་སྲིད་འཛིན་གྱི་འོས་མིར་ལང་གི་ཡོད། ཅེས་གསུངས་ཡོད་པ་རེད།

ཁོང་གི་ཁ་གཏད་དུ་ལངས་བའི་ཨ་རིའི་སྲིད་འཛིན་ཟུར་པ་དང་ཕྱུག་བདག་པ་སྐུ་ཞབས་ཊོམ་ཕུ་མཆོག་གིས། ཁྱེད་ཚོའི་ཨ་རིའི་ལོ་རྒྱུས་ཀྱི་ཁྲོད་དུ་ཆེས་སྐྱོ་བའི་ཨ་རིའི་སྲིད་འཛིན་ལྔའི་ལས་གནས་ཐེར་འདོན་བྱས་ཀྱང་། དེ་དག་ཚང་མས་བྷའེ་ཌིན་གྱིས་གཏོར་བརླག་བཏང་བ་བཞིན་བཏང་མེད་པ་རེད། ང་ཚོ་ནི་རང་ལམ་བོར་བའི་ཉམས་རྒྱུད་ཤུགས་ཆེན་འགྲོ་མུས་ཡིན་པའི་རྒྱལ་ཁབ་ཅིག་རེད་ལ། ང་ཚོར་རེ་བ་མེད་པའི་མི་སྣ་ཞིག་གིས་མགོ་ཁྲིད་ཀྱིན་ཡོད་ཀྱང་། ཕྱི་ལོ་ ༢༠༢༤ ལོར་ང་ཚོ་རྣམ་པར་རྒྱལ་ནས་སྟོབས་འབྱོར་ལྡན་པའི་ཨ་རི་སླར་ཡང་བསྐྲུན་ཐུབ་ངེས་རེད། ཅེས་གསུངས་འདུག

A kolam, to welcome Joe Biden and Kamala Harris, is an Indian art form of geometric patterns

ཡང་ཨ་རིའི་སྲིད་འཛིན་གྱི་འོས་མི་ད་ལྟའི་སྲིད་འཛིན་གཞོན་པ་དང་དམངས་གཙོ་ཚོགས་པའི་འཐུས་མི་ལྕམ་སྐུ་ཀ་མ་ལ་ཧ་རི་སི་ལགས་ཀྱིས། ཊོམ་ཕུ་ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་གྱི་འོས་མིར་ལངས་བ་དེ་ང་ཚོའི་རྒྱལ་ཁབ་ཉམས་རྒུད་དུ་གཏོང་འདོད་པ་ཡིན་པས། ཕྱི་ལོ་ ༢༠༢༠ ལོ་བཞིན་ང་ཚོས་ཨ་རི་བ་ཡོངས་སྔོན་ཐོན་དང་འཕེལ་རྒྱས་གཏོང་བར་རྒྱུན་མཐུད་ནས་མཉམ་རུབ་ཀྱི་ཐོག་འཐབ་རྩོད་བྱ་དགོས་ཤིང་། ང་དང་སྐུ་ཞབས་བྷའེ་ཌིན་གཉིས་ཀྱིས་ལས་དོན་མཇུག་སྐྱོང་དང་། ཨ་རིའི་མི་དམངས་ལ་ཞབས་འདེགས་ཞུ་སླད།  སླར་ཡང་ད་ལན་གྱི་འོས་བསྡུ་ལས་རྣམ་པར་རྒྱལ་ནས་ལོ་བཞི་རིང་ཨ་རིའི་ཕོ་བྲང་དཀར་པོའི་ནང་འདུག་འདོད་ཡོད། ཅེས་གསུངས་ཡོད་འདུག

དེ་ནི་སྲིད་འཛིན་བྷའེ་ཌིན་དང་ཊོམ་ཕུ་གཉིས་ཀྱི་རྒྱལ་ཕམ་རྩོད་པའི་སྲིད་འཛིན་གྱི་འཐབ་རྩོད་གཉིས་པ་དེ་ཡིན་ཞིང་། ཕྱི་ལོ་ ༢༠༢༠ ལོའི་ཨ་རིའི་སྲིད་འཛིན་གྱི་འོས་བསྡུའི་ཁྲོད་ཊོམ་ཕུ་མཆོག་ལ་འོས་གྲངས་བརྒྱ་ཆའི་ ༤༦།༩ དང་། རྗོ་བྷའེ་ཌན་མཆོག་ལ་འོས་གྲངས་ཀྱི་བརྒྱ་ཆའི་ ༥༡།༣ ཐོབ་སྟེ། ཁོང་ཨ་རོའི་སྲིད་འཛིན་ཐེངས་ ༤༦ པ་དེ་གྱུར་ཡོད་ཀྱང་། གནད་དོན་དབྱེ་ཞིབ་པ་མང་པོ་ཞིག་གིས། སྐུ་ཞབས་བྷའེ་ཌིན་མཆོག་ད་ལྟ་ནས་ཨ་རིའི་སྲིད་འཛིན་དགུང་ལོ་མཐོ་ཤོས་དེར་གྱུར་ཡོད་ཅིང་། འདས་པའི་ལོ་ཤས་རིང་དང་ལྷག་པར་ཏོག་དབྱིབས་རིམས་ནད་ཀྱི་སྐབས་སུ་དམིགས་བསལ་གྱི་ལས་དོན་སྐྱོང་ཐུབ་མེད་པས། སྲིད་འཛིན་ཟུར་པ་ཊོམ་ཕུ་མཆོག་ཕྱི་ལོ་ ༢༠༢༠ ལོའི་འོས་བསྡུ་ལས་འགྲན་ཕམ་བྱུང་ཡོད་ཀྱང་། ད་ལན་ཁོང་ལ་རྒྱལ་ཁ་འཐོབ་སྲིད་པའི་ཚོད་དཔག་ཀྱང་བྱེད་ཀྱི་ཡོད་འདུག

ཕྱི་ལོ་ ༢༠༢༤ ཟླ་ ༡༡ ཚེས་ ༥ ཉིན་ཨ་རིའི་སྲིད་འཛིན་སྐབས་ ༤༧ པའི་འོས་ཤོག་ལྡུག་མགོ་བརྩམ་རྒྱུ་ཡིན་ཞིང་། སྤྱི་མཐུན་ཚོགས་པའི་ཁོངས་ནས་ཊོམ་ཕུ་མཆོག་དང་། མའེ་ཀི་པེན་སི་ (Mike Pence)། མའེ་ཀི་པོམ་པུཡུ་ (Mike Pompeo) ། ཊོམ་གྱི་བུ་མོ་ཨེ་ཝན་ཀ་ཊོམ་ཕུ་ (Ivanka Trump) བཅས་དང་། དམངས་གཙོ་ཚོགས་པའི་ཁོངས་ནས་སྐུ་ཞབས་བྷའེ་ཌིན་མཆོག་དང་། ཀ་མ་ལ་ཧ་རི་སི་ (Kamala Harris)། ཨེ་ལི་ཛེ་བྷེ་ཐི་ཝ་རན་ (Elizabeth Warren)། པི་ཊིབྷ་ཊི་གུག་ (Pete Buttigieg) ཧེ་ལེ་རི་སི་ལི་ཁོན་ (Hillary Clinton)། ཁོ་རི་བྷུག་ཀིར་(Cory Booker)། ཨེ་མི་ཀོ་ལོ་བྷུ་ཆར་(Amy Klobuchar) བཅས་ཀྱིས་འོས་མིར་ལངས་སྲིད་པའི་ཚོད་དཔག་བྱེད་ཀྱི་ཡོད་འདུག

གསར་འགོད་པ་དཔལ་ལྡན་གྱིས་སྒྱུར་སྒྲིག་བྱས།

འབྲེལ་ཡོད་གསར་འགྱུར།

Chinese President Xi Jinping and US President Joe Biden take a walk after their talks at the Filoli estate in the US state of California on US local time November 15, 2023. Photo: Xinhua
Mobile App

ཨ་རིའི་སྲིད་འཛིན་མཆོག་གིས་ཞི་ཅིན་ཕིང་ལ་བོད་དོན་གླེང་སློང་གནང་ཡོད་འདུག 

༢༠༢༣/༡༡/༡༧
U.S. President Joe Biden attends a meeting with Israeli Prime Minister Benjamin Netanyahu, as he visits Israel amid the ongoing conflict between Israel and Hamas, in Tel Aviv, Israel, October 18, 2023. REUTERS
Mobile App

སྲིད་འཛིན་བྷའེ་ཌིན་མཆོག་ཨི་ཛི་རེལ་ནང་ཆེད་དུ་ཕེབས།

༢༠༢༣/༡༠/༢༡
Military and Security Developments Involving the People’s Republic of China A Report to Congress. Photo: Screenshot
Mobile App

ཨ་རིའི་རྒྱལ་སྲུང་ལས་ཁུངས་ཀྱིས་རྒྱ་ནག་དང་འབྲེལ་བའི་སྙན་ཐོ་ཞིག་བཏོན། 

༢༠༢༣/༡༠/༢༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese