མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁ་ན་ཌའི་བྷི་སི་མངའ་སྡེར་ནང་པའི་རིག་གཞུང་ཉིན་མོ་སྲུང་གཙི་གནང་བར་གཞུང་འབྲེལ་བཀའ་འཁྲོལ་ཐོབ་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༥/༠༦
Share on FacebookShare on TwitterShare on EmailShare on Whatsapp

ལོ་ལྟར་ཕྱི་ཟླ ༥ ཚེས ༧ ཉིན་ཁ་ན་ཌའི་བྷིར་ཌི་ཤི་ཀོ་ལིམ་བྷི་ཡ་མངའ་སྡེའི་ནང་ནང་པའི་རིག་གཞུང་ཉིན་མོར་སྲུང་གཙི་གནང་རྒྱུར་མངའ་སྡེ་གཞུང་ནས་བཀའ་འཁྲོལ་ཐོབ་འདུག

ནང་པའི་རིག་གཞུང་དུས་སྟོན་གྱི་དབུ་འབྱེད་མཛད་སྒོ། པར་མཚན་སྒྲོགས་རིན་པོ་ཆེས་མཁོ་སྤྲོད་གནང་། ༢༠༢༣།༠༥།༠༣

ཁ་ན་ཌའི་བྷིར་ཌི་ཤི་ཀོ་ལིམ་བྷི་ཡ་མངའ་སྡེའི་གྲོས་ཚོགས་ཀྱིས་ལོ་ལྟར་ཕྱི་ཟླ་ ༥ བའི་རེས་གཟའ་ཉི་མ་དང་པོ་དེ་མངའ་སྡེ་ཡོངས་སུ་ནང་པའི་རིག་གཞུང་ཉིན་མོར་སྲུང་གཙི་གནང་གཏན་འཁེལ་བ་ལྟར། ཟླ་འདིའི་ཕྱི་ཚེས་ ༣ ཉིན་བྷི་ཌི་ཤི་ཀོ་ལིམ་བྷི་ཡ་མངའ་སྡེའི་གྲོས་ཚོགས་ཚོགས་ཁང་དུ། ནང་པའི་རིག་གཞུང་ཉིན་མོར་གཞུང་འབྲེལ་བཀའ་འཁྲོལ་ཐོབ་པའི་ཡིག་ཆ་བཅས་གནང་སྟེ་དབུ་འབྱེད་མཛད་སྒོ་འཚོགས་ཡོད་པ་དང་། མཛད་སྒོའི་ཐོག་མངའ་སྡེའི་བློན་ཆེན་སྐུ་ཞབས་ཌེ་ཝེ་ཌི་ཨེ་བྷེ་(Premier of B. C .David Eby)་མཆོག་དང་། མངའ་སྡེའི་དམངས་གཙོ་ཚོགས་པའི་ཚོགས་གཙོ་ཁེ་ཝིན་ཧྥེལ་ཁོན་(Kevin Falcon)ལགས། དམངས་གཙོ་ཚོགས་པའི་ཚོགས་མི་ཌེ་རེ་སཱ་ཝེ་ཌི་(Teresa Wat MLA) ལགས། དགའ་བྱང་ཀླུ་འབུམ་མཚན་སྒྲོགས་རིན་པོ་ཆེ་མཆོག ས་གནས་བོད་རིགས་ཚོགས་པའི་ཚོགས་གཙོ་པདྨ་དབང་ཆེན་ལགས་བཅས་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་དང་ཚོགས་སྡེ་ཁག ་༣༣ ཡི་གནད་ཡོད་མི་སྣ་ ༣༠༠ ལྷག་མཉམ་ཞུགས་གནང་ཡོད་འདུག 

ཁ་ན་ཌའི་དམངས་གཙོ་ཚོགས་པའི་ཚོགས་མི་ཌི་རི་ས་ཝ་ཌི(Teresa Wat) ལགས་ཀྱིས། ནང་པའི་མཐུན་ཚོགས་ཁག་གིས་བྷི་སི་མངའ་སྡེའི་ཡོངས་སུ་ཆོས་རིག་སྲུང་སྐྱོབ་དང་གོང་འཕེལ་གཏོང་བའི་ལས་དོན་རླབས་ཆེན་གཉེར་མུས་ཡིན་པའི་སྐབས་འདིར། ལོ་ལྟར་ཕྱི་ཟླ ༥ ཚེས ༧ ཉིན་ནང་པའི་རིག་གཞུང་ཉིན་མོར་སྲུང་གཙི་བྱ་རྒྱུ་ཡིན་ལ། དེ་ནི་ཁོང་ཚོས་ནང་པའི་མཐུན་ཚོགས་དང་ལྷན་གཅིག་ཏུ་ལོ་རྒྱུས་རང་བཞིན་གྱི་ཟིན་ཐོ་གསར་པ་ཞིག་བསྐྲུན་ཡོད་སྐོར་སོགས་བརྗོད་ཡོད་འདུག

ནང་པའི་རིག་གཞུང་དུས་སྟོན་གྱི་དབུ་འབྱེད་མཛད་སྒོ། པར་མཚན་སྒྲོགས་རིན་པོ་ཆེས་མཁོ་སྤྲོད་གནང་། ༢༠༢༣།༠༥།༠༣

འདི་གའི་གསར་འགོད་པས་ནང་པའི་རིག་གཞུང་དུས་ཆེན་གྱི་ལས་དོན་ཐོག་ཕྱག་ལས་ཤུགས་ཆེན་གནང་མཁན་དགའ་བྱང་ཀླུ་འབུམ་མཚན་སྒྲོགས་རིན་པོ་ཆེ་མཆོག་ལ་ཁ་པར་བརྒྱུད་དེའི་སྐོར་བཀའ་འདྲི་ཞུས་པར་ཁོང་གིས། ཕྱི་ལོ་ ༢༠༡༤ ལོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་བྷི་སི་མངའ་སྡེ་ནང་ཆིབས་བསྒྱུར་བསྐྱངས་བ་རེད། དེའི་སྐབས་སུ་ལོ་རྗེས་མ་ནས་ནང་པའི་ཆོས་ཚོགས་ཚང་མ་མཉམ་རུབ་ཀྱི་ཐོག་ནས་ས་ག་ཟླ་བའི་དུས་ཆེན་གཙི་སྲུང་བྱེད་པའི་ཐུགས་རེ་གནང་བ་ལྟར། ཆོས་ཚོགས་ཚང་མས་ཁ་གཅིག་གྲགས་ལྟར་འདོད་མོས་གནང་འདུག་པ་མ་ཟད།  ཕྱི་རྒྱལ་དུ་ཡོང་དུས་སོ་སོའི་ཆོས་ཚོགས་ཡར་རྒྱས་གོང་སྤེལ་གཏོང་བ་གཅིག་པོ་ཙམ་མ་ཡིན་པར། ནང་པའི་བསྟན་པ་སྤྱིའི་ཐོག་ལ་ནུས་ཤུགས་སྤུངས་བའི་བསམ་བློ་ཡོད་པར་བརྟེན་ནས། ཕྱི་ལོ་ ༢༠༡༥ ལོར་ཐོག་དང་པོར་ས་གནས་ནང་པའི་ཆོས་ཚོགས་ཁག་ ༢༨ གྱི་ཚོགས་མི་སྟོང་དྲུག་ལྷག་གིས་ནང་པའི་དུས་ཆེན་སྲུང་གཙི་ཞུ་བར་མཉམ་ཞུགས་བྱས་ཡོད་པ་རེད། དེ་ནས་རིམ་བཞིན་ལོ་གསུམ་རིང་ངས་དུས་ཆེན་སྲུང་གཙི་ཞུ་བའི་འགན་འཁུར་བ་ཡིན་ལ། ཕྱི་ལོ་ ༢༠༡༧ ཟླ་ ༥ བའི་ནང་བྷི་སི་གྲོང་ཁྱེར་སྤྱི་ཁྱབ་བློན་ཆེན་མདུན་དུ་བཅར་ནས་ནང་པའི་དུས་ཆེན་མངའ་སྡེའི་གཞུང་འབྲེལ་ཐོག་ནས་རྒྱབ་སྐྱོར་ངོས་འཛིན་ཡོད་པའི་རེ་འདུན་ཞུས་པར། ས་གནས་གྲོང་ཁྱེར་གྱི་ངོས་འཛིན་ཡོད་པའི་ཡིག་ཆ་ཞིག་ཕུལ་བྱུང་། ངས་ཆོས་ཚོགས་ཁག་རེས་མོས་བྱས་ནས་དུས་ཆེན་སྲུང་གཙི་ཞུ་བར་རེ་བ་བཏོན་ཡང་འགན་ལེན་བྱེད་མཁན་མ་བྱུང་། ཕྱི་ལོ་ ༢༠༡༩ ལོར་དབྱིན་ཇི་རྒྱལ་མོའི་གླིང་ཁ་ནས་འཚོགས་ཅིང་། སྐབས་དེར་ཆོས་ཚོགས་ཁག་༦༤ དང་མི་གྲངས་ཁྲི་བརྒྱད་དང་དྲུག་སྟོང་ལྷག་འཛོམས་ཡོད་ལ། དེ་དུས་ནང་ཆོས་ངོ་སྤྲོད་དང། རིག་གཞུང་སོགས་ཀྱི་མཛད་རིམ་འཚོགས་ཐུབ་ཡོད་པ་རེད། དེ་ནས་ལོ་གསུམ་རིང་ཏོག་དབྱིབས་གཉན་རིམས་ཀྱི་རྐྱེན་གྱིས་དུས་ཆེན་སྲུང་གཙི་ཞུ་ཐུབ་མེད། ད་ལོ་ཕྱི་ཟླ་དང་པོའི་ནང་མངའ་སྡེའི་གྲོས་ཚོགས་འཐུས་མི་ཞིག་གིས་རིན་པོ་ཆེས་སྣེ་འཁྲིད་དེ་མངའ་སྡེ་གཞུང་ལ་ཞུ་ཐུབ་ན་དགེ་མཚན་ཆེ་བའི་སྐད་ཆ་བྱུང་བ་བཞིན། ཕྱི་ཟླ་ ༢ ཚེས་ ༢༧ ཉིན་ངས་སྣེ་འཁྲིད་ཀྱིས་ཆོས་ཚོགས་ཁག་གི་མི་སྣ་ ༡༢༧ མངའ་སྡེའི་གྲོས་ཚོགས་སུ་མངའ་སྡེའི་བློན་ཆེན་མཆོག་གིས་དབུས་སྲིད་དོན་ཚོགས་པ་ཁག་ལ་ཞུས་པ་ཡིན། སྐབས་དེར་མངའ་སྡེའི་བློན་ཆེན་མཆོག་ནས་ངག་ཐོག་ནས་འགྲིག་འགྲོ་བ་ཙམ་ལས་གསུངས་མ་སོང་ཡང་། བརྒྱུད་རིམ་མང་པོ་ཞིག་བརྒྱུད་མཐར་ཕྱི་ཟླ་ ༥ གཟའ་འཁོར་དང་པོའི་གཟའ་ཉི་མར་ནང་པའི་དུས་ཆེན་གཙི་སྲུང་བྱེད་པར་བྷི་སི་མངའ་སྡེའི་གཞུང་འབྲེལ་ནས་གཏན་འབེབས་བྱུང་བ་རེད་ལ། ཕྱི་ཚེས་ ༣ ཉིན་རྒྱལ་བའི་ལྷག་དཀར་ཉིན་མོར་ནང་པ་དང་ཆོས་ལུགས་འདྲ་མིན་གྱི་སྐུ་ཚབ་མི་སྣ་མང་པོ་མཉམ་འཛོམས་ཐོག་གཞུང་འབྲེལ་ངོས་འཛིན་ཡིག་ཆ་ཕུལ་བའི་མཛད་སྒོ་རྒྱ་ཆེན་པོ་ཞིག་འཚོགས་པ་རེད། ཞེས་གསུངས་བྱུང་།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese