མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་སྐུ་གྲོངས། 

བོད་ཀྱི་དུས་བབ།
༢༠༢༣/༠༥/༠༨
Share on FacebookShare on TwitterShare on EmailShare on Whatsapp

བོད་ནང་གི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་དང་རྩོམ་པ་པོ་པདྨ་ཚེ་བརྟན་ལགས་དགུང་ལོ་ ༥༤ ཐོག་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་གྲོངས་ཡོད་ཀྱང་ཁོང་གི་གྲོངས་རྐྱེན་སོགས་གསལ་ཁ་གང་ཡང་མི་འདུག

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་གྲགས་ཅན་པདྨ་ཚེ་བརྟན་ལགས།

མདང་དགོང་བོད་ནང་གི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་དང་རྩོམ་པ་པོ་པདྨ་ཚེ་བརྟན་ལགས་སྐུ་གྲོངས་པར་བརྟེན། བོད་ཀྱི་སྙན་ངག་པ་གྲགས་ཅན་སྐྱབས་ཆེན་བདེ་གྲོལ་ལགས་དང་། སྒྱུ་རྩལ་བ་ཞི་བདེ་ཉི་མ་ལགས་སོགས་བོད་ནང་གི་སྙན་ངག་པ་དང་། རྩོམ་པ་པོ། སྒྱུ་རྩལ་བ་སོགས་ཁོང་གི་བརྩམས་ཆོས་རྣམས་ལ་དགའ་མོས་བྱེད་མཁན་ཧ་ཅང་མང་པོས་དྲ་ལམ་དུ་སྐྱོ་གདུང་ཆེན་པོས་ཁོང་གི་པར་དང་བརྩམས་ཆོས་རྣམས་བཞག་ནས་མྱ་ངན་རྗེས་དྲན་ཞུ་བཞིན་འདུག

ད་ལྟའི་ཆར་ཁོང་གི་གྲོངས་རྐྱེན་དང་ཆུ་ཚོད་སོགས་གསལ་ཁ་མི་འདུག་ཀྱང་། བོད་ནང་གི་གནས་ཚུལ་མཁོ་སྤྲོད་པ་ཞིག་གིས་འདི་གའི་གསར་འགོད་པར། ཉེ་སྔོན་ཁོང་གི་གློག་བརྙན་གསར་པ་མི་ཆ་མེད་(陌生人)ཅེས་པ་དེ་ལྷ་ས་ཕྱོགས་ནས་ཕབ་སྐྲུན་གནང་ཡོད་པ་དང་། སྐབས་དེར་ལ་དུག་ཕོག་ནས་མྱུར་སྐྱོབ་བྱས་ཡོད་ཀྱང་མ་ཕན་པར་སྐུ་གྲོངས་ཡོད་ཚུལ་བརྗོད་བྱུང་ལ། ཡང་སྤྱི་ཚོགས་དྲ་ལམ་གཞན་གྱི་རྒྱ་ཡིག་གནས་ཚུལ་ནང་སྙིང་ཁམས་ཀྱི་ན་ཚའི་རྐྱེན་པས་སྐུ་གྲོངས་ཡོད་སྐོར་བརྗོད་འདུག

ཟླ་འདིའི་ཕྱི་ཚེས་ ༥ ཉིན་པདྨ་ཚེ་བརྟན་ལགས་ཀྱི་སྒེར་གྱི་སྐད་འཕྲིན་རྒྱབ་ངོས་སུ། ལེགས་སྐྱེས་ཞེས་པའི་གློག་བརྙན་གྱི་མདུན་ངོས་མ་འདྲ་བ་གསུམ་བཞག་སྟེ་གློག་བརྙན་ལས་རིགས་གཉེར་མཁན་གཞོན་སྐྱེས་ལ་འཚམས་འདྲི་ཡོད་ཅེས་བྲིས་འདུག་ལ། དེ་ནི་ཁོང་གིས་སྒེར་གྱི་སྐད་འཕྲིན་ཐོག་བཞག་གནང་བའི་གནས་ཚུལ་མཐའ་མ་དེ་རེད་འདུག

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་གསར་ཤོས་མི་ཆ་མེད་ཀྱི་མདུན་ངོས།

ཉེ་སྔོན་ཕྱི་ཟླ་ ༣ ཚེས་ ༢༩ ཉིན་ཀྲུང་གོ་བོད་ཀྱི་གསར་འགྱུར་དྲ་ཚིག་ཟེར་བའི་ནང་དུ། ཁོང་གི་བརྩམས་ཆོས་གསར་པ་མི་ཆ་མེད་ཅེས་པ་དེའི་སྐོར་ལ་གནས་ཚུལ་སྤེལ་བ་ལྟར་ན། གློག་བརྙན་དེ་བོད་འབའ་ཐང་རྫོང་ཁོངས་ནས་ལེགས་པར་གྲུབ་ཡོད་ཅིང་། དེ་ནི་རྒྱ་ནག་ཧང་ཀྲུའུ་ཆིན་ཙའི་ཙའི་ཟེར་བའི་གློག་བརྙན་བཟོ་སྐྲུན་ཁང་ཞིག་གིས་ཕབ་སྐྲུན་བྱས་པ་ཞིག་ཡིན་འདུག གློག་བརྙན་དེ་པདྨ་ཚེ་བརྟན་ལགས་ཀྱིས་འཁྲབ་ཁྲིད་གནང་སྟེ། བོད་ཀྱི་གླུ་མ་དབང་སྒྲོན་མཚོ་དང་སྦྱིན་པ། དགེ་འདུན་སོགས་ཀྱིས་གཙོ་འཁྲབ་བྱས་པ་ཞིག་ཡིན་འདུག གློག་བརྙན་དེའི་ནང་དུ་སྐྱེས་པ་ཆ་མེད་ཅིག་བོད་ཀྱི་གྲོང་ཚོ་ཆུང་ཆུང་ཞིག་གི་ནང་དུ་བསླེབས་ཏེ། གྲོང་ཚོ་དེ་སྒྲོལ་མ་ཉེར་གཅིག་གི་ཕ་ས་ཡིན་པར་བརྗོད་དེ། ཁོང་གིས་སྒྲོལ་མ་འཚོལ་སྐབས་སྒྲོལ་མ་ཞེས་པའི་བུ་མོ་འདྲ་མི་འདྲ་མང་པོར་ཐུག་ཡོད་ཀྱང་། ཁོང་གི་སེམས་གཏིང་དུ་ཡོད་པའི་སྒྲོལ་མ་རྙེད་མ་ཐུབ་པའི་བོད་ཀྱི་དམངས་ཁྲོད་ཀྱི་བཤད་རྒྱུན་དང་འབྲེལ་བ་ཡོད་པའི་གློག་བརྙན་ཞིག་ཡིན་འདུག

པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་གྲགས་ཅན་ཐར་ལོ་ཡི་མི་སྣ་གཙོ་བོ་འཁྲབ་མཁན་སྒྱུ་རྩལ་བ་ཞི་བདེ་ཉི་མ་ལགས་སོགས་ཀྱིས་པདྨ་ཚེ་བརྟན་ལགས་ཀྱི་འདྲ་པར་རེ་བཞག་ནས་ཧ་ཅང་སྐྱོ་བྱུང་ཞེས་མྱ་ངན་ཞུས་འདུག་ལ། བོད་མི་ཞིག་གིས། པདྨ་ཚེ་བརྟན་གྱི་འདྲ་པར་ཞིག་དྲ་ལམ་དུ་བཞག་ནས་བོད་ཀྱི་སྐད་ཡིག་གི་གོད་ཆག སྒྱུ་རྩལ་གྱི་གོད་ཆག བསམ་བློ་ཡི་གོད་ཆག གསར་གཏོད་ཀྱི་གོད་ཆག མི་རིགས་ཀྱི་གོད་ཆག  ཅེས་དང་། བོད་ཟེར་བ་འདི་གློག་བརྙན་ལས་རིགས་ཀྱི་ཁང་བཟང་དུ་འཇུག་མཁན་ཁོ་ཡིན། འཛམ་གླིང་གི་མིག་ཟུང་གློག་བརྙན་བརྒྱུད་དེ་བོད་ལ་ཐོན་དུ་འཇུག་མཁན་ཡང་ཁོ་ཡིན། ཁོས་བོད་ཀྱི་རིག་གནས་དང་སྲོལ་རྒྱུན། དེང་རབས་སོགས་མང་པོ་ཞིག་གློག་བརྙན་གྱི་ལམ་ནས་འཛམ་གླིང་གི་མི་རིགས་ལ་བག་ཆགས་ཐེབས་སུ་བཅུག་ཡོད། འདི་ནི་མི་གཞན་ཚོས་བསྒྲུབ་དཀའ་བའི་ལས་ཀ་རླབས་ཆེན་ཞིག་རེད། ཨ་ཁ་ཁ་ཁ། བོད་ཀྱི་ཐོད་པ་འདི། ཞེས་བྲིས་འདུག

ཕྱི་ལོ ༢༠༡༦ ཟླ ༦ ཚེས་ ༢༥ ཉིན་མཚན་མོར། པདྨ་ཚེ་བརྟན་ལགས་རྒྱ་ནག་པེ་ཅིན་ནས་ཟི་ལིང་གྲོང་ཁྱེར་གྱི་གནམ་གྲུ་འབབ་ཚིགས་སུ་འབྱོར་ཏེ། གནམ་གྲུ་འབབ་ཚིགས་ནས་དྲུད་སྒམ་ལྷག་སྟེ་ཕྱིར་ལེན་དུ་འགྲོ་སྐབས། གནམ་ཐང་གི་སྒྲིག་ལམ་ལ་གཏོར་བརླག་བཏང་བའི་ཉེས་མིང་འོག གནམ་ཐང་ཉེན་རྟོག་པས་ཁོང་འཛིན་བཟུང་བྱས་ཏེ་གནམ་ཐང་མངག་གཏོང་ཁང་དུ་བཙན་འཁྲིད་བྱས་པ་མ་ཟད། ཟི་ལིང་གི་བཀག་ཉར་ཁང་ཞིག་ཏུ་བཅུག་སྟེ་འདྲི་རྩད་གཅར་རྡུང་བཏང་བར་བརྟེན། ཕྱི་ཚེས་ ༢༧ ཉིན་ཁོང་མགོ་ཡོམ་འཁོར་བ་དང་བྲང་གཟེར་བ། ཡན་ལག་སྦྲིད་པ་སོགས་བྱས་ནས་གཟུགས་པོའི་གནས་སྟངས་ཛ་དྲག་ཆགས་པར་བརྟེན། བཀག་ཉར་ཁང་ནས་ཟི་ལིང་གི་སྨན་ཁང་ཞིག་ཏུ་བསྐྱལ་ཏེ་སྨན་བཅོས་བྱས་ཡོད་པ་དང་།  ཁོང་ལ་གཅར་རྡུང་དྲག་པོ་བཏང་བར་བརྟེན་ལུས་སྟེང་དུ་སྔོག་ཐིག་མང་པོ་ཡོད་པ་མ་ཟད། རྨ་ཤུལ་ཚབས་ཆེན་བཟོས་ཡོད་པ་རེད། ཕྱིས་སུ་ཁོང་གི་འགྲོ་འདུག་ལ་རྒྱ་ནག་གཞུང་གིས་རྟོག་ཞིབ་ནན་པོ་བྱེད་ཀྱི་ཡོད་སྐོར་འབྲེལ་ཡོད་ནས་བརྗོད་བྱུང་།

༢༠༡༦ ལོར་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་འཛིན་བཟུང་གཅར་རྡུང་བཏང་ནས་སྨན་ཁང་དུ་བསྙལ།

སྐུ་ཞབས་པདྨ་ཚེ་བརྟན་ལགས་ནི་ཕྱི་ལོ་ ༡༩༦༩ ལོར་མཚོ་ལྷོ་ཁྲི་ཀའི་འབྲོག་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས་ཤིང་། གློག་བརྙན་འཁྲབ་ཁྲིད་པ་དང་། རྩོམ་པ་པོ། ལོ་ཙཱ་བ་བཅས་ཡིན་ལ། ཕྱི་ལོ་ ༢༠༠༢ ལོར་པེ་ཅིན་གློག་བརྙན་སློབ་གླིང་དུ་གློག་བརྙན་སྐོར་ལ་ཆེད་སྦྱོང་གནང་རྗེས། འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ་བཅས་ཀྱི་ལས་ཀ་གཅིག་ལྕོགས་སུ་གནང་།   ཁོང་གིས་ད་བར་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་དང་འཚོལ། ཁྱི་རྒན་དང་གཡང་མདའ། ཐར་ལོ་སོགས་གློག་བརྙན་རིགས་ ༡༤ ལྷག་འཁྲབ་འཁྲིད་གནང་སྟེ་བོད་ཕྱི་ནང་གཉིས་ནས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་མ་ཟད། རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཆེ་ཁག་ནས་གཟེངས་རྟགས་ཁག་ཅིག་ཀྱང་ཐོབ་སྟེ། བོད་པ་རང་གིས་བཟོས་པའི་གློག་བརྙན་གྱིས་རྒྱལ་སྤྱིའི་སྐད་གྲགས་ཅན་གྱི་གློག་བརྙན་ཚོང་རའི་ནང་གོམ་པ་དང་པོ་སྤོས་ཡོད་པ་རེད། དེ་བཞིན་ཁོང་གི་གློག་བརྙན་ཐར་ལོ་དང་ཁྱི་རྒན། ལག་དམར།  དབུགས་ལྒང་བཅས་ལ་རྒྱལ་སྤྱིའི་ཝཱ་ནེ་སི་(Venice) དང་། ཨ་རིའི་བྷིར་ཀི་ལིན་(Brooklyn) ། ཐའེ་ཝན་དང་རྒྱ་ནག་གི་གློག་བརྙན་དུས་སྟོན་སོགས་ཀྱི་ཐོག་གཟེངས་རྟགས་བྱ་དགའ་ཐོབ་སྟེ། རྒྱལ་སྤྱིའི་སྟེང་པདྨ་ཚེ་བརྟན་ལགས་ནི་བོད་ཀྱི་གློག་བརྙན་འཁྲབ་འཁྲིད་པའི་ཚབ་མཚོན་མི་སྣ་ལྟ་བུར་གྱུར་ཡོད་ལ། ཁོང་གི་གློག་བརྙན་གྲགས་ཅན་ཐར་ལོ་ལོ་རྒྱལ་ཕྱི་ནང་གི་གཟེངས་རྟགས་མི་འདྲ་བ་ ༡༢ ཐོབ་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

SOURCE: MANI STONE PICTURES / REDIANCE

‘SNOW LEOPARD’
Mobile App

འདས་པོ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་གསའ་ཝེ་ནི་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་ཚུད།

༢༠༢༣/༠༧/༢༨
The Gokarla Tunnel was completed on Wednesday after seven years of construction.
Mobile App

རྒྱ་གཞུང་གིས་གོང་དཀར་ལ་ཕུག་ལམ་གསར་རྒྱག་འགྲུབ་ཚར་ཡོད་ཟེར།  

༢༠༢༣/༠༦/༢༩
འདི་ལོའི་ཕྱི་ཟླ་ ༧ ཚེས་ ༡ ནས་ལག་བསྟར་བྱ་རྒྱུ་ཡིན་པའི་རྒྱ་ནག་གི་གསང་ཉུལ་བ་འགོག་རྒོལ་གྱི་ཁྲིམས་དེབ། དྲ་ལམ་གྱི་པར།
Mobile App

རྒྱ་ནག་གཞུང་གིས་ཨ་རིའི་མི་སེར་ཞིག་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

༢༠༢༣/༠༥/༡༥
Tourists Trekking around Mount Kailash
Mobile App

རྒྱ་ནག་གཞུང་གིས་གངས་རིན་པོ་ཆེའི་གནས་མཇལ་བར་སྔར་ལྷག་དམ་དྲག་བྱེད་ཀྱིན་འདུག 

༢༠༢༣/༠༥/༡༠
The Heishanxia section of the Yellow River in China’s Ningxia Hui autonomous region. Photo: Xinhua
Mobile App

རྨ་ཆུའི་རྒྱུད་དུ་ཆུ་མཛོད་ཆེན་པོ་ཞིག་གསར་དུ་བརྒྱག་རྒྱུ་ཡིན་འདུག

༢༠༢༣/༠༥/༠༨
Covid global health emergency is over, WHO says. Photo ;Reuters
Mobile App

རྒྱལ་སྤྱིའི་ནང་ཏོག་དབྱིབས་ཛ་དྲག་གི་གནས་སྟངས་ཡོལ་ཟིན་པའི་ཡོངས་ཁྱབ་གསལ་བསྒྲགས་སྤེལ། 

༢༠༢༣/༠༥/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese