མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་༸གོང་ས་མཆོག་ལ་ཁ་གཏད་པའི་ལྐོག་གཡོ་གསར་ཤོས་དེ་ཡང་བསྐྱར་མཐིལ་བརྟོལ་བ།

བོད་ཀྱི་དུས་བབ།
༢༠༢༣/༠༥/༠༨
Share on FacebookShare on TwitterShare on EmailShare on Whatsapp

 སྤྱི་ཟུར་བློ་བཟང་ཡེ་ཤེས།

འདས་པའི་ཉིན་འགའི་རིང་འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་མི་རྣམས་གོང་ན་མེད་པའི་དབུ་ཁྲིད་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་གསར་ཁང་ཁག་གིས་དྲག་རྒོལ་ཞུས་པར་བློ་ཕམ་གྱི་གནས་སུ་བཀོད་ཡོད་ལ། འཛམ་གླིང་མི་མང་ཡིད་མི་ཆེས་པར་ཧད་དེ་གནས་ཡོད། འདི་ནི་འཛམ་གླིང་གི་ཞིེ་བདེའི་མཚོན་རྟགས་ཁོང་གི་དྲི་མས་མ་གོས་པའི་གཟུགས་བརྙན་དེའི་མདངས་ཉམས་པའི་ཕྱིར་དུ་རྒྱ་ནག་གིས་བསླངས་པའི་གཏིང་གནག་པའི་གཡོ་བྱུས་ཤིག་ཡིན་པ་སུས་ཀྱང་ཤེས་མེད།

༸གོང་ས་མཆོག་ལ་ཁ་གཏད་པའི་གཏིང་གནག་པའི་དྲག་རྒོལ་དེའི་འབྱུང་ཁུངས་ལ་དངོས་སུ་དཔྱད་པ།

སྤྱི་ཟླ་༢ པའི་ཚེས ༢༨ ཉིན་སློབ་ཕྲུག་༡༢༠ དང་། རོགས་སྐྱོར་ཚོགས་པ་M3M ཡི་ཚོགས་མི་རྣམས། ད་དུང་གསར་འགོད་པ་མི་ཉུང་བ་ཞིག་བཅས་༸གོང་ས་མཆོག་མཇལ་དུ་བཅར་ཏེ་གཙུག་ལག་ཁང་གི་མདུན་དུ་ཚོགས་པའི་མཛད་སྒོ་དེའི་རྗེས་ཀྱི་བདུན་ཕྲག་འགའི་ནང་རྒྱ་ནག་གི་དྲ་བའི་དམག་མི་དང་། དྲ་སེར། དམར་ཤོག་ཚོགས་པའི་རྒྱུགས་ཁྱི་བཅས་ཀྱིས་༸གོང་ས་མཆོག་དང་རྒྱ་གར་གྱི་བྱིས་པ་དེ་གཉིས་ཐུག་འཕྲད་བྱས་པའི་བརྙན་དུམ་ཞིག་བཅོས་སྒྲིག་དང་བཅད་གཏུབ་བྱས་ཏེ་བོད་དང་རྒྱ་ནག་ཏུ་གང་སར་བཀྲམས་ཡོད་ལ། བོད་དང་རྒྱ་ནག་ཏུ་གནས་པའི་བོད་མི་ཚོས་གསུངས་པ་ལྟར་ན་བརྙན་དུམ་འདི་རྒྱ་ནག་གཞུང་གི་རམ་འདེགས་དང་བཅས་རྒྱ་ནག་གི་སྤྱི་ཚོགས་དྲ་བ་གང་སར་ཁྱབ་ཡོད་འདུག

ཟླ་བ་གཅིག་གི་རིང་རྒྱ་ནག་གིས་སྦྱིན་བདག་བྱས་པའི་དྲ་དམག་ཚོས་བོད་དང་རྒྱ་ནག་ཏུ་༸གོང་ས་མཆོག་གི་མཚན་མཐོང་ཉམས་ཆག་འགྲོ་ཕྱིར་འདི་ནི་ལོག་གཡེམ་ཡིན་ཚུལ་བཤད་དེ་གང་སར་བརྒྱུད་སྐུལ་བྱས་ཡོད་འདུག

བོད་དང་རྒྱ་ནག་ཏུ་བརྙན་དུམ་འདི་འགྲོ་བཞིན་པའི་སྐབས་‘Yin Sun@NiSiv4’ཟེར་བའི་དྲ་མིང་སྤྱོད་མཁན་ཞིག་གིས་འཕྲུལ་སྒྲའི་དྲ་བར་ཁ་བྱང་ཞིག་དང་། རོ་བེར་རིཌ་ཟེར་བ་ཞིག་གིས་ཡུའུ་ཊུབ་ཀྱི་དྲ་བ་ཞིག བྱིས་པར་བརྙན་བཅོས་བྱེད་པར་རྒོལ་བ་ཞེས་པའི་ངོ་དེབ་ཁ་བྱང་ཞིག་བཅས་སྤྱི་ཟླ་བཞི་པའི་ཚེས་གཅིག་དང་ཚེས་བཅུ་བཅས་ལ་རིམ་བཞིན་བཟོས་འདུག

འཕྲུལ་སྒྲའི་ཁ་བྱང་‘Yin Sun@NiSiv4’ཞེས་པའི་དྲ་བྱང་རྫུན་མ་དེས་སྤྱི་ཟླ་བཞི་པའི་ཚེས་༨ ཉིན་ཐོག་མར་སྤེལ་བའི་བརྙན་དུམ་དེ་ནི་༸གོང་ས་མཆོག་དང་རྒྱ་གར་གྱི་བྱིས་པ་དེ་མཇལ་འཕྲད་སྐོར་གྱི་བརྙན་དེ་རེད་ལ། དེ་བཞིན་བྱིས་པར་བརྙས་བཅོས་བྱེད་པར་རྒོལ་བ་ཞེས་པའི་ངོ་དེབ་ཁ་བྱང་རྫུན་མ་དེ་དང་རོ་བེར་རི་ཌ་ཟེར་བས་སྤེལ་བའི་བརྙན་དང་པོ་དེའང་བཅད་གཏུབ་བྱས་པའི་བརྙན་དེ་རེད་ལ། དེ་ནི་དེ་གཉིས་ཀྱིས་སྤེལ་བའི་བརྙན་གཅིག་པུ་དེའང་རེད། བྱིས་པར་བརྙས་བཅོས་བྱེད་པར་རྒོལ་བ་ཞེས་པའི་ངོ་དེབ་རྫུན་མ་དེས་སྤྱི་ཟླ་༤ ཚེས་༧ ཉིན་འགྱུར་བ་ཞེས་པའི་དྲ་གནས་གྲགས་ཅན་དེར་ཏཱ་ལའི་བླ་མ་ལས་བྱིས་པ་སྐྱོབས། བྱིས་པར་བརྙས་བཅོས་བྱ་མཚམས་ཞོག་ཅེས་པའི་སྙན་ཞུ་ཞིག་བྲིས་པ་དང་། དེ་རྗེས་གསར་འགྱུར་དེ་རྒྱ་གར་གྱི་གསར་ཁང་ཁག་གི་ལག་ཏུ་ཐེབས་ནས་བརྟག་དཔྱད་དང་ཞིབ་འཇུག་གང་ཡང་མེད་པར་ཡོངས་ཁྱབ་ཏུ་བསྒྲགས་ཡོད།

རྒྱ་གར་གྱི་གསར་ཁང་ཕལ་ཆེ་བ་གསར་འགོད་ཀྱི་ཀུན་སྤྱོད་ལས་འདས་ནས་སྨྱོ་ཧམ་ཆེ་ཞིང་གཞི་རྒྱ་ཆེ་བའི་སྐད་ཅོར་འདི་ལ་མཉམ་ཞུགས་བྱས་ཡོད།

འཕྲུལ་སྒྲའི་ཁ་བྱང་‘Yin Sun@NiSiv4’ ཟེར་བས་སྤྱི་ཟླ་བཞི་པའི་ཚེས་བཅུའི་དགོང་མོར་འཕྲུལ་སྒྲའི་ངོས་སུ་ “གློག་བརྙན་དེ་ལ་བལྟས་རྗེས་འཛམ་གླིང་མི་མང་གིས་ཐག་གཅོད་བྱས་ཟིན།… མི་མང་ཆེ་བས་སྐྱེ་བོ་ག་ག་མོ་དེ་ལ་ལུགས་སྲོལ་ཁྱད་མཚར་ཞིག་ཡོད་པ་ང་དང་མོས་མཐུན་བྱ་གི་རེད། ངས་ཁོའི་སྙན་གྲགས་རྩ་མེད་བྱས་ཟིན།”ཅེས་ཕོ་ཤོབ་བཤད་ཡོད། འཕྲུལ་སྒྲའི་རྩོམ་ཐུང་འདི་ལས་རྒྱ་དམར་གྱི་སོ་པ་ཡིན་སུན་ཞེས་པས་བྱ་ངན་འདི་ནི་རྒྱ་མིའི་རྒྱུགས་ཁྱི་ཚོས་སྦྱིན་བདག་དང་། མཉམ་ལས། མཉམ་འབྲེལ་བཅས་ཀྱི་ཐོག་ནས་པེ་ཅིན་དུ་ཡོད་པའི་དཔོན་པོ་ཚོའི་ཆེད་དུ་བྱས་པ་གསལ་པོ་རེད། ལྐོག་ཇུས་འདི་ནི་༸གོང་ས་མཆོག་གི་བསྲེ་ལྷད་མ་ཞུགས་པའི་སྙན་གྲགས་དེ་ཉམ་ཆག་གཏོང་ཕྱིར་དམིགས་པ་ཆེས་གསལ་པོ་རེད། དེ་བས། ད་ཐེངས་ཀྱི་རྒྱ་ནག་གི་དམའ་འབེབས་འདི་ནི་༸གོང་ས་མཆོག་གི་རྩ་ཆེའི་སྐུ་ཡི་གསང་བ་གསུམ་ལ་སྒྲོ་སྐུར་བྱ་ཕྱིར་བརྩམས་པའི་ལམ་དུ་མ་ལྷོང་བའི་ལྐོག་ཇུས་ཤིག་ཡིན་པ་ལྷང་ལ་བུད་ཟིན།

དཀོན་མཆོག་མཁྱེན། དེ་ནི་བྱམས་བརྩེའི་ངང་ནས་འོ་བྱེད་པ་ཞིག་དང་། ཐུགས་ཁུར་དང་། བབས་ཕེབས། བྱམས་པ་བཅས་ཕྱི་རུ་མངོན་སྟངས་ཤིག་རེད།

བྱེད་སྒོ་དེ་ནི་༸གོང་ས་མཆོག་དང་ཁོང་ལ་ཐུག་འཕྲད་དུ་ཡོང་བ་རྣམས་ཀྱི་བར་གྱི་དགའ་སྤྲོ་དང་། བྱིན་རླབས། དྲང་ཕྱོགས་ཀྱི་སྟོབས་ཤུགས་བཅས་ཀྱིས་ཁེངས་པའི་བྱེད་སྒོ་ཞིག་ཡིན་པ་དེ་ཉིད་ལ་ལྟ་མཁན་ཚང་མར་དོ་སྣང་བྱུང་ཡོད། བྱེད་སྒོ་དེ་ནི་༸སྐུ་ཚབ་ཚོས་༸གོང་ས་མཆོག་དང་མཉམ་དུ་པར་ཞིག་བསྒྲོན་ཏེ་ཞི་བདེ་ལྷིང་འཇགས་ངང་ནས་མཇུག་བསྒྲིལ་ཡོད། བྱིས་པ་དེས་༸གོང་ས་མཆོག་མཇལ་ནས་ཁོང་ལ་བརྩེ་བས་འཐམ་འཁྱུད་ཞུས་པའི་དགའ་སྤྲོའང་འགྲེལ་བརྗོད་ཞུས་ཡོད། ཁོས་ཨེ་ཤི་ཡ་རང་དབང་རླུང་ཁང་ལ་ “ང་དངོས་གནས་༸གོང་ས་མཆོག་མཇལ་འདོད་ཆེན་པོ་ཡོད། འདི་ནི་ཉམས་མྱོང་བཟང་པོ་ཞིག་རེད། ཁོང་གི་བྱིན་རླབས་ཐོབ་པ་དང་། ཁོང་ལ་འཐམ་འཁྱུད་བྱས་པ་དེ་ཅི་འདྲ་བྱིན་རླབས་ཅན་ཞིག་ཡིན་པ་བརྗོད་དུ་མེད་པ་རེད། ངས་ཁོང་ཐག་ཉེ་ནས་མཇལ་བ་དེ་རང་བྱིན་རླབས་རེད། ཁོང་ནི་སྐྱེས་བུ་ཡ་རབས་ཤིག་རེད། ཁོང་ལ་ཡ་རབས་ཀྱི་སྟོབས་ཤུགས་དང་ལྡན་འདུག མདོར་ན་འདི་ནི་ཉམས་མྱོང་བཟང་པོ་ཞིག་རེད།”ཅེས་བརྗོད་ཡོད།

བསམ་ཡུལ་ལས་འདས་པའི་དོན་རྐྱེན་དེ་བྱུང་རྗེས། ཕྲུ་གུ་དེའི་ཕ་མ་གཉིས་པོས་༸གོང་ས་མཆོག་གི་སྐུ་སྒེར་ཡིག་ཚང་དུ་ཕྱག་བྲིས་ཤིག་ཕུལ་ནས་ཁོང་ཚོ་ནི་༸གོང་ས་མཆོག་ལ་དད་དམ་འགྱུར་མེད་ཡིན་ཚུལ་ཞུས་ཡོད་འདུག

ང་ཚོ་ནི་ཕ་མ་ཚོས་རང་གི་བུ་ཕྲུག་ལ་བྱམས་པས་འོ་བསྐྱལ་བ་ལའང་སྐྱོན་བརྗོད་དང་ཁ་རྡུང་བྱེད་སའི་དུས་རབས་ཤིག་ཏུ་འཚོ་བཞིན་པ་ནི་སེམས་སྐྱོ་དགོས་པའི་དོན་དངོས་ཤིག་རེད། ང་ཚོས་ཌེ་བིད་བྷེ་ཁམ་དང་། ཝི་ཊོ་རི་ཡ། ད་དུང་རྒྱ་གར་གྱི་བྷོ་ལི་ཝོ་ཌི་གློག་བརྙན་འཁྲབ་མཁན་ཆ་ཝི་མི་ཊལ་བཅས་ཀྱིས་རང་གི་བུ་ཕྲུག་ལ་བྱམས་པས་འོ་བསྐྱལ་བའི་པར་ཕྱི་རུ་བསྟན་པར་ཁ་རྡུང་ཇི་ལྟར་བྱས་པ་བརྗེད་ག་ལ་ཐུབ། བོད་མི་རིགས་ནི་རང་གི་བུ་ཕྲུག་དང་སྤུན་མཆེད་ཚོ་ལ་བརྩེ་བ་དང་སེམས་ཁུར་མངོན་འགྱུར་དུ་བསྟན་པར་དགའ་ལ། ༸གོང་ས་མཆོག་ནི་བྱམས་བརྩེ་དང་ཐུགས་ཁུར་མངོན་འགྱུར་དུ་སྟོན་གནང་མཁན་ཞིག་དང་གཟི་བྱིན་ཅན་ཞིག་ཡིན་པ་ཡོངས་སུ་གྲགས། མི་ས་ཡ་མང་པོས་༸གོང་ས་མཆོག་ལ་ཡོད་པའི་བྱམས་བརྩེ་དང་བྱིན་རླབས་ཀྱི་ཚན་ཁ་བཅས་ལའང་མྱོང་རོལ་བྱེད་ཐུབ་ཀྱི་ཡོད།

བྱམས་པ་དང་བརྩེ་བ་དགོས་མཁོ་ཆེ་བའི་སྐོར་ལ་༸གོང་ས་མཆོག་གིས་ཡང་ནས་ཡང་དུ “ཕྲུ་གུ་སྐྱེ་བ་ནས་ཉུང་མཐའང་ལོ་གསུམ་མམ་བཞིའི་བར་དུ་ཀླད་པ་འཚར་ལོངས་ཡོང་གི་ཡོད་ཅིང་། དེའི་རིང་ཕྱི་ལུས་ཀྱི་བྱམས་སྐྱོང་ནི་ཕྲུ་གུ་འཚར་ལོངས་ལེགས་པོ་ཡོང་བའི་རྐྱེན་གཙོ་བོ་དེ་རེད། གལ་སྲིད་ཕྲུ་གུ་ལ་འཐམ་འཁྱུད་དང་། བྱིལ་བྱིལ། བྱམས་པོ་སོགས་མ་བྱས་པ་ཡིན་ན་ཁོང་གི་འཚར་ལོངས་ཡ་མ་ཟུང་གྱུར་ནས་ཀླད་པ་འཚར་ལོངས་ཡག་པོ་ཡོང་མི་ཐུབ། ཕྲུ་གུ་ལ་གཞན་གྱི་བྱམས་སྐྱོང་མེད་པར་འཚོ་མི་ཐུབ་པར་སོང་ཁོ་ལ་དགོས་པའི་བྱམས་སྐྱོང་གལ་ཆེ་ཤོས་དེ་ནི་བརྩེ་བ་རེད། དེང་སང་ཕྲུ་གུ་མང་པོ་ཞིག་བདེ་སྐྱིད་མེད་པའི་ཁྱིམ་ཚང་དུ་འཚར་ལོངས་ཡོང་གི་ཡོད། ཁོ་ཚོ་ལ་བརྩེ་བ་མ་ཐོབ་ཚེ་ཁོ་ཚོ་རང་གི་ཕ་མ་ལ་དེ་ཙམ་མི་དགའ་བར་འགྱུར་འགྲོ་ལ། ཁོ་ཚོས་མི་གཞན་ལ་དགའ་པོ་བྱ་རྒྱུ་ནི་དེ་ལས་ཀྱང་ཁག་པོ་རེད། དེ་ཧ་ཅང་སྐྱོ་དགོས་པ་ཞིག་རེད།”ཅེས་གསུང་གི་ཡོད།

ད་ལྟ་མཛད་སྒོ་དེ་དང་འབྲེལ་བའི་བརྙན་ཆ་ཚང་བ་སྤྱི་ཚོགས་ཁྲོད་དུ་ཐོན་ཡོད་ལ། མི་སྣ་གྲགས་ཅན་མང་པོ་ཞིག་གིས་ནོར་འཁྲུལ་ངོས་ལེན་ཞུས་ནས་༸གོང་ས་མཆོག་ལ་སྐྱོན་བརྗོད་དང་ཁ་རྡུང་བཏང་པར་དགོངས་དག་ཞུས་ཟིན། ད་ནི་ཐལ་སྨུག་དྭངས་ཏེ་སེམས་རྣལ་དུ་བབས་ཟིན། དུས་འདི་ནི་འགན་ཁུར་མེད་པའི་གསར་ཁང་དེ་ཚོས་འཚབ་འཚུབ་ངང་༸གོང་ས་མཆོག་གི་ཀུན་སྤྱོད་ལ་སྐྱོན་བརྗོད་དང་ཁ་རྡུང་བཏང་པ་དང་། བོད་པ་དང་ནང་པ་། གཞན་ཡང་༸གོང་ས་མཆོག་ལ་དགའ་མོས་ཞུ་མཁན་ས་ཡ་མང་པོའི་སེམས་ལ་རྨ་ཁ་བཟོས་པར་དགོངས་དག་ཞུ་དགོས་པའི་དུས་རེད།

འཛམ་གླིང་ལ་༸གོང་ས་མཆོག་ཡོད་པའི་སྐབས་འདིར་ཁོང་གདུག་པ་ཅན་གྱི་རྒྱ་ནག་ལས་སྐྱོབས་ཤིག བོད་མི་རྣམས་ལ་མ་ཉེས་ཁག་གཡོགས་བྱས་པ་གྲངས་མང་བས་ད་ཡང་བསྐྱར་མ་ཉེས་ཁག་གཡོགས་བྱ་རུ་མ་འཇུག་ཅིག

(རྩོམ་འདིའི་བྱེད་པོ་བློ་བཟང་ཡེ་ཤེས་ལགས་ནི་བོད་མི་དམངས་སྤྱི་འཐུས་ཟུར་པ་ཞིག་ཡིན་པར་མ་ཟད། དེ་སྔར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཞོན་གྱི་ཐུགས་འགན་ཡང་བཞེས་མྱོང་། ད་ལྟ་བོད་དོན་ལ་ཞིབ་འཇུག་གནང་བཞིན་ཡོད།)

འབྲེལ་ཡོད་གསར་འགྱུར།

ཨི་རན་གྱི་ཆེས་མཐོའི་མགོ་ཁྲིད་ཁཱ་མི་ནི། དུས་བབ་གསར་ཁང་གིས་པར་སྒྲིག་བཟོ་བྱས།
Mobile App

ཨ་རི་དང་ཨི་ཛི་རེལ་གྱི་གཏོར་རྒོལ་ཁྲོད་ཨི་རན་གྱི་ཆེས་མཐོའི་མགོ་ཁྲིད་ཁཱ་མི་ནི་བསད།

ཆུ་ཚོད་ ༡༣ སྔོན་ལ།
རྒྱ་ནག་གཞུང་གི་ལས་བྱེད་ཡིན་པའི་བོད་མི་ཚོའི་ཁྱིམ་མི་འདས་གྲོས་སུ་གྱུར་བ་ཡིན་ནའང་ཆོས་ཕྱོགས་ཀྱི་བྱེད་སྒོར་ཞུགས་ཆོག་གི་མི་འདུག བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་རིགས་ལས་བྱེད་ཀྱིས་གཙུག་ལག་ཁང་དུ་ལྟད་མོ་ལྟ་ཆོག་ཀྱང་ཕྱག་འཚལ་མི་ཆོག

༢༠༢༦/༠༢/༢༧
Tibettimes
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་ནས་བསྒྲུབ་བྱ་ཕོ་མོ་གྲངས་དྲུག་ཅུ་རེ་གསུམ་ལ་བར་མ་རབ་བྱུང་དང་དགེ་ཚུལ་གྱི་བསླབ་སྡོམ་སྩལ། 

༢༠༢༦/༠༢/༢༧
Beijing is preparing to host the annual session of the National People’s Congress. Photo: Reuters
Mobile App

རྒྱ་ནག་གཞུང་གིས་དཔོན་རིགས་བཅུ་དགུ་དམར་ཤོག་ཚོགས་པའི་འཐུས་མིའི་ཚོགས་ཆེན་གྱི་ཁོངས་ནས་ཕུད།

༢༠༢༦/༠༢/༢༧
ཧྥ་རན་སིའི་གྲོས་འོག་མའི་ཚོགས་གཞོན་སྐུ་ཞབས་ (Charles De Courson) མཆོག་དང་ཡུལ་དེའི་ཕྱི་སྲིད་བློན་ཆེན་Jean-Noël Barrot མཆོག  པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཧྥ་རན་སིའི་ཕྱི་སྲིད་བློན་ཆེན་མཆོག་གིས་བོད་རྒྱ་འབྲེལ་མོལ་བསྐྱར་གསོ་དགོས་པའི་སྐུལ་འདེད་གནང་།

༢༠༢༦/༠༢/༢༧
མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་།
Mobile App

མགྱོགས་འཕྲིན་ནང་བོད་ཡིག་བོད་སྐད་དང་བོད་ལྭ་གྱོན་པ་འགྲེམས་སྤེལ་བྱས་ཚེ་བཀག་འགོག་བྱེད་ཀྱི་འདུག

༢༠༢༦/༠༢/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese