མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་༧གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་པར་ག་ལེར་མཐོང་རྒྱུ་མེད་པ་བཟོ་བཞིན་པའི་སྙན་ཐོ་བཏོན།

བོད་ཀྱི་དུས་བབ།
༢༠༢༣/༠༥/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཁང་གི་ཕྱི་ལོ་ ༢༠༢༢ ལོ་ཧྲིལ་པོ་གཅིག་གི་སྙན་ཐོ་ཕྱིར་བསྒྲགས་གནང་བའི་ནང་རྒྱ་ནག་གཞུང་གིས་མུ་མཐུད་བོད་ནང་གི་དགོན་པ་ཁག་ལ་དམ་དྲག་དང་༧གོང་ས་མཆོག་དང་པཎ་ཆེན་རིན་པོ་ཆེ་རྣམ་གཉིས་ཀྱི་སྐུ་པར་མང་ཚོགས་ཀྱི་མཐོང་ལམ་ནས་ག་ལེར་མེད་པ་བཟོ་ཐབས་བྱེད་ཀྱི་ཡོད་སྐོར་བཀོད་འདུག

དགོན་སྡེ་ཁག་ནང་རྒྱ་སྒྱུར་སློབ་གསོ་སྤྲོད་བཞིན་པ།

ཁ་སང་ཕྱི་ཟླ་ ༥ ཚེས་ ༡༥ ཉིན་ཨ་རིའི་ཕྱི་སྲིད་བློན་ཆེན་ཨིན་ཏོ་ནི་བྷི་ལིན་ཀིན་(Antony J. Blinken) མཆོག་དང་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྐུ་ཚབ་ར་ཤིཏ་ཧུ་སན་(Rashad Hussain)ལགས་རྣམ་གཉིས་ཀྱིས། ཕྱི་ལོ་ ༢༠༢༢ལོའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་ཕྱིར་བསྒྲགས་གནང་བའི་ནང་། རྒྱ་ནག་གཞུང་གིས་བོད་དུ་ནང་ཆོས་ཉམས་ལེན་པ་རྣམས་ལ་བཙན་གནོན་བྱས་ཏེ། ༸གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་༸པཎ་ཆེན་རིན་པོ་ཆེ་རྣམ་གཉིས་མིག་ལམ་དུ་མཐོང་རྒྱུ་མེད་པ་བཟོ་རྒྱུའི་ཐབས་ཇུས་བྱེད་བཞིན་ཡིན་པ་ཐེར་འདོན་གནང་བ་དང་སྦྲགས། རྒྱ་ནག་གཞུང་གིས་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ལྷན་དུ་འབྲེལ་མོལ་མཐུད་ཐུབ་ཀྱི་མེད་པ་སོགས་བཀོད་འདུག་ལ། སྙན་ཐོ་འདི་ནི་ཕྱི་ལོ་ ༢༠༢༢ ཟླ་ ༡ ནས་ ༡༢ བར་གྱི་འཛམ་གླིང་རྒྱལ་ཁབ་ཁག་གི་ཆོས་དད་རང་དབང་གི་གནས་སྟངས་སྐོར་རེད་འདུག

དེ་བཞིན་སྙན་ཐོའི་ནང་། བོད་དུ་མཆོད་ཤོམ་ནང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་པར་སྒྲིག་གཤོམ་མི་ཆོག་པ་དང་། དགོན་སྡེ་ཁག་ཏུ་རྒྱ་ནག་དམར་གཞུང་གི་མགོ་འཁྲིད་མའོ་ཙེ་ཏུང་དང་ཞི་ཅིན་ཕིང་གི་པར་འཇོག་དགོས་པའི་བཙན་སྐུལ་བྱས་དང་བྱེད་བཞིན་ཡོད་པ་དང་། དེའི་དཔང་རྟགས་སུ་འཛུམ་དཀར་དང་གཡུ་སྒྲོན་གཅེན་གཅུང་གཉིས་ཀྱིས་༸གོང་ས་རྒྱལ་བ་རིན་པོ་མཆོག་གི་སྐུ་པར་མཆོད་ཤོམ་དུ་སྒྲིག་འཇོག་བྱས་པའི་ཉེས་མིང་འོག་འཛིན་བཟུང་བྱས་ཡོད་པའི་སྐོར་དང་། དེ་བཞིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༨༨ ལ་ཕེབས་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་དེ་སྔོན་༸པཎ་ཆེན་བླ་མའི་ཡང་སྲིད་ངོས་འཛིན་ལ་ཐེ་ཇུས་བྱས་པ་ལྟར། ༸གོང་ས་མཆོག་ལའང་དེ་བཞིན་འཆར་གཞི་འདིང་ཡོད་པ་གསལ་པོ་ཡིན་སྟབས། ཨ་རིའི་གཞུང་གིས་ལོ་སྔོན་མའི་ནང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་ངོས་འཛིན་གྱི་རང་དབང་ནི་བོད་མི་རང་ལ་ཡོད་པ་དང་། གཞན་གྱིས་དེའི་ཐོག་ལ་ཐད་ཇུས་བྱ་རྒྱུ་མེད་པ་མ་ཟད། ཕྱི་ལོ་ ༡༩༩༥ ལོར་རྒྱ་ནག་གཞུང་གིས་བཙན་འཁྲིད་བྱས་ཏེ་གར་སོང་ཆ་མེད་དུ་གྱུར་བའི་༸པཎ་ཆེན་རིན་པོ་ཆེ་མཆོག་གི་གནས་སྟངས་ཐད་སེམས་འཚབ་ཆེན་པོ་ཡོད་སྐོར་གསུངས་འདུག་ལ། སྙན་ཐོ་འདི་ནི་༸པཎ་ཆེན་ཆུང་སྲིད་རིན་པོ་ཆེ་རྒྱ་གཞུང་གིས་བཙན་འཁྲིད་བྱས་ཏེ་མི་ངོ་ ༢༨ འཁོར་བར་ཉིན་གཅིག་ལས་མེད་པའི་མཚམས་དེར་བཏོན་ཡོད་པ་རེད།

ཡང་སྙན་ཐོའི་ནང་བོད་ནང་དུ་དགོན་པ་དང་ཆོས་སྡེ་ཁག་ལ་དམ་དྲག་མུ་མཐུད་བྱེད་བཞིན་ཡོད་ལ། ཕྱི་ལོ་ ༢༠༡༦ ནས་བཟུང་དགོན་སྡེ་ཁག་ནས་གྲྭ་བཙུན་རྣམས་ཕྱིར་ཕུད་གཏོང་བའི་མགོ་བཙུགས་ཏེ།  ད་བར་དུ་ཡ་ཆེན་སྒར་དང་བླ་རུང་སྒར་ཆོས་སྡེ་གཉིས་ནས་གྲྭ་བཙུན་བསྡོམས་པའི་ ༦༠༠༠ ནས་ ༡༧༠༠༠ བར་ཕྱིར་ཕུད་བཏང་ཟིན་ཡོད་པ་མ་ཟད། གྲྭ་བཙུན་དེ་དག་ལ་ཆོས་ཕྱོགས་ཀྱི་སློབ་གཉེར་ལ་བཀག་འགོག་བྱེད་ཀྱི་ཡོད་ཀྱང་། མང་པོ་ཞིག་ལ་བཙན་པོ་དབང་ཡོད་ཐོག་རྒྱལ་གཅེས་ཆོས་གཅེས་ཟེར་བའི་སློབ་གསོ་སྤྲད་དང་སྤྲོད་བཞིན་ཡོད་སྐོར་བཀོད་འདུག

གསར་འགོད་པ། ཉི་མ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Prayerwheel being used for Chinese Propaganda in Chushul county, Tibet, Photo: Tibet Times
Mobile App

ཕྱི་ལོ་ ༢༠༢༦ ལོའི་ཨ་རིས་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོ་བཏོན། 

༢༠༢༦/༠༣/༠༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese