མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སཱི་ཤེས་ཡོན་སློབ་གསོ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད་ཅེས་གསུངས།

བོད་ཀྱི་དུས་བབ།
༢༠༢༣/༠༥/༢༦
Share on FacebookShare on TwitterShare on EmailShare on Whatsapp

ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་སཱི་ཤེས་ཡོན་སློབ་གསོའི་སྐོར་གསུང་བཤད་གནང་སྐབས་འགྲོ་བ་མིའི་སྤྱི་ཚོགས་ཡར་རྒྱས་གཏོང་བར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང་འཇིག་རྟེན་ཀུན་ཁྱབ་ཀྱི་རིག་པའི་གཞུང་ལུགས་ཀྱི་ལམ་སྟོན་འཛམ་གླིང་དུ་ཁྱབ་ཆེ་རུ་འགྲོ་བཞིན་ཡོད་སྐོར་གསུངས་སོང་།

ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་ནས་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།

ཁ་སང་ཕྱི་ཚེས་༢༥ ཉིན་༧གོང་ས་ཏཱ་ལའི་བླ་མའི་ཡིག་ཚགས་དང་དཔེ་མཛོད་ཁང་གི་ཚོགས་ཁང་ཆེན་མོའི་ནང་དུ། ཏཱ་ལའི་བླ་མའི་དགེ་རྩ་ཁང་གི་གོ་སྒྲིག་འོག སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས་༧རྒྱལ་བའི་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་ལ་གསུང་བཤད་གནང་ཡོད་ཅིང་། སྐབས་དེར་བོད་མིའི་སྒྲིག་འཛུགས་ཀྱི་ཤེས་རིག་བཀའ་བློན་ཐར་ལམ་སྒྲོལ་མ་མཆོག་དང་། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་སློབ་དཔོན་དགེ་བཤེས་བློ་བཟང་བསྟན་པ་ནེ་གི་ལགས། སཱི་ཤེས་ཡོན་སློབ་གསོའི་རྒྱལ་སྤྱིའི་འབྲེལ་མཐུད་པ་བརྩོན་འགྲུས་བསམ་འཕེལ་ལགས། དེ་བཞིན་བོད་པའི་སློབ་གྲྭ་ཁག་གི་སཱི་ཤེས་ཡོན་སློབ་གསོའི་མཐུན་སྦྱོར་བ་རྣམས་བཅས་འཛོམས་འདུག

ཚོགས་འདུའི་ཐོག་ཐུགས་བསྐྱེད་དམ་བཅའ་བཞིའི་བྱུང་རིམ་སྐོར་ལ་སློབ་དཔོན་ཟམ་གདོང་རིན་པོ་ཆེ་མཆོག་གིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་དུ་ཞབས་སོར་འཁོད་བའི་དུས་ཡུན་གང་འཚམ་ཞིག་གི་རིང་ཐུགས་བསྐྱེད་དམ་བཅའ་བཞིའི་སྐོར་གྱི་བཀའ་མོལ་གསལ་བོ་ཞེ་དྲགས་མེད། ཕྱི་ལོ་ ༡༩༧༠ ནང་དུ་རྒྱལ་སྤྱིའི་སྟེང་དུ་རིག་པའི་རྣམ་གཞག་གི་ཐོག་ནས་གསར་གཏོད་བྱུང་བ་ཞིག་རེད། སྔོན་མའི་ཡིག་ཆའི་ནང་དུ་མཚན་བརྗོད་འདྲ་མིན་ཡོད་པའི་ནང་དུ། མཛད་ཆེན་གསུམ་དང་། དགོངས་གཞི་གསུམ། ཐུགས་ཀྱི་དམ་བཅའ་གསུམ་བཅས་ཡོང་གི་འདུག ཐོག་མར་ནུབ་ཕྱོགས་པའི་ནང་དུ་བཀའ་གནང་སྐབས་ཀྱི་དབྱིན་སྐད་ཇི་མ་ཇི་བཞིན་བསྒྱུར་བའི་ཐུགས་བསྐྱེད་དམ་བཅའ་ཞེས་ད་ལྟའི་ཆར་ཡོངས་གྲགས་ཀྱིས་ཚིག་དེ་བཞིན་སྤྱོད་བཞིན་ཡོད། ཕྱི་ལོ་ ༢༠༠༥ ནས་རྒྱ་གར་གྱི་གནའ་བོའི་རིག་གཞུང་སྲུང་སྐྱོབ་དང་གོང་སྤེལ་གཏོང་བ་གསར་དུ་བསྣན་ཏེ་ཐུགས་བསྐྱེད་དམ་བཅའ་བཞི་ཞེས་བྱུང་བ་རེད། ཅེས་གསུངས་སོང་།

ཡང་རིན་པོ་ཆེ་མཆོག་གིས། ༧རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་ནི་སྔོན་གྱི་ཆོས་རྒྱལ་རིམ་བྱོན་དང་རྒྱལ་བ་སྐུ་ཕྲེང་རིམ་བྱོན་ལས་ཁྱད་པར་དུ་འཕགས་པ་ཞིག་བྱུང་ཡོད་ཅིང་། དེ་ཡང་རྒྱ་བོད་ཧོར་གསུམ་ལས་བརྒལ་ཏེ་སའི་གོ་ལའི་གླིང་ཕྲན་ཡོངས་སུ་མཛད་པ་འཕྲིན་ལས་ཁྱབ་ཏེ། གདམས་ངག་གི་ཚུལ་དང་ཐབས་ལམ་གསར་བའི་རྣམ་པའི་ཐོག་ནས་ཆོས་ཁས་ལེན་ཡོད་མེད་གཉིས་ཀྱི་སྐྱེ་བོ་ཡོངས་རྫོགས་པའི་ངོས་ལེན་བྱུང་ཡོད་པ་མ་ཟད། རྒྱལ་ཁབ་བར་གྱི་དམག་འཁྲུག་དང་། ཆོས་ལུགས་ཀྱི་འགལ་ཟླ། ཁོར་ཡུག་གི་ཉམས་ཆག་སོགས་ཀྱི་ཀླན་ཀ་ལྔ་ངོས་འཛིན་གནང་སྟེ་བཟང་སྤྱོད་ཀྱི་སྲུང་བར་ཐུགས་བསྐྱེད་དམ་བཅའ་བཞིའི་གདོང་ལེན་བྱེད་དགོས་པ་བསྟན་ཡོད་ལ། འགྲོ་བ་མིའི་སྤྱི་ཚོགས་སུ་ཡར་རྒྱས་གཏོང་བར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་དང། འཇིག་རྟེན་ཀུན་ཁྱབ་ཀྱི་རིག་པའི་གཞུང་ལུགས་ཀྱི་ལམ་སྟོན་འཛམ་གླིང་དུ་ཁྱབ་ཆེ་རུ་འགྲོ་བཞིན་ཡོད་སྐོར་གསུངས་སོང་།

༧གོང་ས་ཏཱ་ལའི་བླ་མའི་ཡིག་ཚགས་དང་དཔེ་མཛོད་ཁང་དུ་སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་གསུང་བཤད་གནང་། ༢༠༢༣།༠༥།༢༥ དྲ་བརྙན་གྱི་པར།

སཱི་ཤེས་ཡོན་སློབ་གསོའི་སྐོར་ལ་ཁོང་གིས། སཱི་ཤེས་ཡོན་སློབ་གསོའི་སློབ་ཚན་མ་བཟོས་བའི་གོང་དུ་སེམས་དང་སྲོག་གི་ཡིག་ཆ་བཟོས་ཡོད་ཅིང་།  སཱི་ཤེས་ཡོན་སློབ་གསོ་ནི་སྤྱིར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཡིན་ཡང་། འགྲོ་བ་མིའི་བསམ་སྤྱོད་དང་བསྟུན་དགོས་པས་བང་རིམ་སྒྲིག་བཞིན། དང་པོ་ཉེས་སྤྱོད་བསྡོམ་པ་དང་། གཉིས་པ་དགེ་བ་ཆེ་བསྡུས། དེ་གཉིས་སྙིང་རྗེའི་རྩ་བར་གྱུར་ཡོད་པས། སྙིང་རྗེ་གསུམ་པར་བཞག་ཡོད། སྙིང་རྗེ་ཤེས་རབ་ཀྱིས་མ་ཟིན་ཚེ་རྨོངས་དད་དུ་འགྱུར་ཉེན་ཡོད་པས། ཤེས་རབ་བཞི་པར་བཞག་ཡོད་ལ། ཧོབ་སྟེ་བལྟས་པ་ཙམ་གྱིས་གོ་བདེ་བོ་ཡོད་ཀྱང་། དེ་ནི་ཧ་ཅང་གཏིང་ཟབ་པའི་རིག་པའི་གཞུང་ལུགས་ཤིག་རེད། ཅེས་གསུངས་སོང་།

ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སྐོར་ལ་ཁོང་གིས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཟེར་བའི་ཚིག་དེ་བོད་སྐད་དུ་གསར་དུ་བཟོས་པ་ཞིག་མ་རེད། ༧གོང་ས་མཆོག་གི་གདམས་ངག་མང་ཆེ་བ་ཞིག་ནུབ་ཕྱོགས་རྒྱལ་ཁབ་ཏུ་ཕེབས་སྐབས་མགོ་ཚུགས་པ་ཞིག་རེད། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་(secular ethics)ལ་སྐབས་དུས་དང་བསྟུན་པའི་འགྲེལ་བ་བྱེད་སྟངས་འདྲ་མིན་ཡོད་ཀྱང་། གྲགས་ཆེ་བའི་ནང་དུ་ཆོས་མེད་རིང་ལུགས་དང་། ཆོས་འགལ་རིང་ལུགས། ཆོས་ལུགས་རིས་མེད་བཅས་འབྱུང་ཞིང་། བོད་སྐད་དུ་དང་པོ་ཆོས་དང་མ་འབྲེལ་བའི་བཟང་སྤྱོད་རྒྱུན་རིང་བེད་སྤྱོད་བྱས་འདུག་ཅིང་། རྗེས་སུ་ཆོས་ལ་མ་བརྟེན་པའི་བཟང་སྤྱོད་དུ་བསྒྱུར་འདུག དེ་ནས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་བཞག་འདུག ལུགས་ཞེས་སྦྱར་དགོས་དོན་ནི་ལྟ་གྲུབ་ཀྱི་ཆ་ནས་སྦྱར་བ་རེད། འདིར་འཇིག་རྟེན་གྱི་ཕལ་བའི་རྣམ་གཞག་གི་སྟེང་དུ་བཤད་པ་རེད། དེང་རབས་སྤྱི་ཚོགས་ཀྱི་བསམ་བློའི་གནས་སྟངས་དང་བསྟུན་ནས་བཤད་ཡོད་ཅེས་སོགས་གསུངས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དེང་གི་དུས་སུ་ཕྱི་དངོས་པོའི་ཡར་རྒྱས་རྩེར་སོན་ཡོད་ཀྱང་ནང་སེམས་ཀྱི་དཀའ་རྙོག་ཆེ་རུ་འགྲོ་བཞིན་པའི་ཤེས་ཡོན་སློབ་གསོའི་ལམ་ལུགས་ནང་། བྱམས་བརྩེ་དང་བློ་གྲོས་སྤེལ་བའི་སློབ་གསོ་སྟེ། སྤྱི་ཚོགས་དང་། སེམས་མྱོང་། བཟང་སྤྱོད་བཅས་ཀྱི་ཤེས་ཡོན་སློབ་གསོ་སྤེལ་རྒྱུ་ཧ་ཅང་གལ་ཆེན་དུ་གཟིགས་ཏེ། ཕྱི་ལོ་ ༡༩༩༧ ལོར་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང་མཉམ་འབྲེལ་གྱི་ཐོག་ནས་སཱི་ཤེས་ཡོན་སློབ་གསོ་དབུ་འཛུགས་གནང་ཡོད་འདུག ཨེ་མོ་རེ་གཙུག་ལག་སློབ་ཁང་གི་སཱི་ཤེས་ཡོན་སློབ་གསོའི་སྐོར་གྱི་གནས་ཚུལ་ལྟར་ན། ད་ལྟའི་ཆར་འཛམ་གླིང་རྒྱལ་ཁབ་ ༡༣༠ ལྷག་གི་ནང་སཱི་ཤེས་ཡོན་སློབ་གསོ་ལག་བསྟར་གྱི་ལས་རིམ་འགྲོ་ཡི་ཡོད་འདུག་ལ། ཤེས་ཡོན་སློབ་གསོ་དེའི་ཆེད་དུ་སྔོན་འགྲོ་ནས་འཛིན་རིམ་བཅུ་གཉིས་བར་གྱི་བསླབ་གཞི་མཁོ་སྤྲོད་དང་། སློབ་སྟོན་པའི་སྦྱོང་བརྡར། དེ་བཞིན་རྒྱུན་ཆགས་སུ་ཆེད་ལས་གོང་སྤེལ་གཏོང་བའི་མཐུན་རྐྱེན་བཅས་བསྐྲུན་བཞིན་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese