མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མོན་གྷོ་འདོད་རྒུ་གླིང་ནས་ཁྱིམ་ཚང་ ༤༠ ལ་སྡོད་ཁང་མཁོ་སྤྲོད་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༥/༣༡
Share on FacebookShare on TwitterShare on EmailShare on Whatsapp

བཙན་བྱོལ་བོད་མིའི་གཞིས་ཆགས་སྲ་བརྟན་དང་བོད་ནས་རྗེས་འབྱོར་བ་རྣམས་ལ་དམིགས་ཏེ། རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་ཕན་བདེ་གཞིས་གྲོང་དུ་རྗེས་འབྱོར་ཁྱིམ་ཚང་ ༤༠ ཁང་པ་བགོ་འགྲེམས་གནང་འདུག

Opening ceremony prayers. Photo Courtesy: Tibet.net

ཁ་སང་ཕྱི་ཚེས་ ༣༠ ཉིན་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་སུ་གཞིས་གྲོང་བཅུ་པ་གསར་རྒྱག་གི་ལས་གཞི་ཁྱོན་ཡོངས་ནས་གྲུབ་སྟེ། ༧གོང་ས་མཆོག་གིས་གསོལ་སྩལ་མཛད་པའི་ཕན་བདེ་གཞིས་གྲོང་དངོས་སུ་དབུ་འབྱེད་གནང་བའི་མཛད་སྒོ་ཚོགས་ཡོད་ཅིང་། མཛད་སྒོའི་སྟེང་བོད་ནས་ཕེབས་པའི་རྗེས་འབྱོར་ཁྱིམ་ཚང་ ༤༠ ལ་རྒྱན་ཤོག་གི་ལམ་ནས་ཁང་པ་བགོ་འགྲེམས་བྱས་ཡོད་པ་ལྟར་དོ་བདག་སོ་སོར་ཁང་པའི་ལྡེ་མིག་བདག་སྤྲོད་བྱས་ཡོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ནང་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ཀྱི་ས་གནས་མགོ་འཛིན་ལྷག་པ་སྒྲོལ་མ་ལགས་སུ་ལས་གཞི་དེ་ག་དུས་ནས་མགོ་བཙུགས་ཡོད་སྐོར་བཀའ་འདྲི་ཞུས་སྐབས། འཛུགས་སྐྲུན་གྱི་ལས་གཞི་དེ་ཕྱི་ལོ་ ༢༠༢༠ ཡི་ཟླ་དང་པོའི་ནང་མགོ་བཙུགས་པ་རེད། འོན་ཀྱང་། ལོ་དེའི་ཕྱི་ཟླ་ ༣ པའི་ནང་ཏོག་དབྱིབས་གཉན་རིམས་ཁྱབ་གདལ་རྐྱེན་གྱིས་ལས་གཞི་དེ་མཚམས་འཇོག་དགོས་བྱུང་བ་རེད། དེ་ནས། ཕྱི་ལོ་ ༢༠༢༢ ཟླ་ ༢ པའི་ནང་ལས་གཞི་བསྐྱར་དུ་མགོ་བཙུགས་པ་ནས། ཉེ་ཆར་ཕྱི་ལོ་ ༢༠༢༣ ཟླ་  ༣ ནང་ལས་གཞི་ཆ་ཚང་གྲུབ་ཟིན་པ་རེད། འོན་ཀྱང་། ཕྱི་ཟླ་ ༣ པ་ནས་ ༥ བར་ལས་ཀ་ཙག་ཙིག་རིགས་ཚར་བ་བྱས་ཏེ། ཟླ་འདིའི་ཕྱི་ཚེས་ ༢༨ ཉིན་ཁང་པ་རྒྱན་བརྒྱབ་པ་དང་། ཕྱི་ཚེས་ ༣༠ ཉིན་ནང་སྲིད་དྲུང་ཆེ་མཆོག་གིས་དབུ་འབྱེད་གནང་བ་རེད། ཅེས་དང་། སྡོད་ཁང་འཐོབ་པར་བོད་ནས་གསར་དུ་འབྱོར་བའི་སྣེ་ལེན་ཁང་གི་དཔང་ཡིག་དགོས་ཤིང་། ད་རེས་གསར་འབྱོར་སྐྱིད་སྡུག་ཚོགས་པའི་ཚོགས་མིའི་གྲངས་ཐོ་བཞིན་ཁང་པ་བགོ་འགྲེམས་གནང་ཡོད་པ་མ་ཟད། སྒུག་ཐོའི་ནང་ཁྱིམ་ཚང་ ༡༠ ལྷག་ཡོད་སྐོར་སོགས་བརྗོད་བྱུང་།

གཞན་ཡང་། འདི་གའི་གསར་འགོད་པས་ནང་སྲིད་ལས་ཁུངས་ལ་འབྲེལ་བ་བྱེད་སྐབས། དེང་སྐབས་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་དང་འབྲེལ་ཡོད་ལས་བྱེད་རྣམས་རྒྱ་གར་ལྷོ་ཕྱོགས་སུ་སྐོར་སྐྱོད་གནང་གི་ཡོད་པས། ལས་བྲེལ་ཡིན་པ་སོགས་ཀྱི་འགྲེལ་བརྗོད་གནང་བྱུང་བས་འབྲེལ་མཐུད་བྱེད་ཐུབ་མ་སོང་ལ། བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱ་ལྟར་ན། ཁང་པ་གསར་རྒྱག་གི་ལས་གཞི་དེ་བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱིས་རྐང་འགན་བཞེས་ཡོད་པ་ལྟར། མཛད་སྒོའི་སྐུ་མགྲོན་གཙོ་བོ་ནི་ནང་སྲིད་ལས་ཁུངས་ཀྱི་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཡིན་ཞིང་། བོད་མིའི་སྒྲིག་འཛུགས་ནས་བཙན་བྱོལ་བོད་མི་འཁོས་ཞན་དང་བོད་ནས་རྗེས་འབྱོར་བ་རྣམས་ལ་བཞུགས་གནས་མཁོ་སྤྲོད་གནང་རྒྱུའི་དམིགས་ཡུལ་ལྟར་ཁང་པ་གསར་རྒྱག་གི་ལས་གཞི་དེ་འཛུགས་སྐྲུན་བྱས་ཡོད་པ་དང་། ཐེངས་འདིའི་ཕན་བདེ་གཞིས་གྲོང་གི་ཁང་པ་བཞི་བཅུའི་ནང་ནས་ས་ཁྱོན་གྲུ་བཞི་མ་ ནང་གི་ཁང་མིག་ ༢༤ ཁེར་རྐྱང་ངམ་ནང་མི་གཉིས་ཅན་ལ་བགོ་འགྲེམས་དང་། ས་ཁྱོན་གྲུ་བཞི་མ་ ༦༠༠ ཡོད་པའི་ཁང་མིག་ ༡༦ གི་ནང་མི་གཉིས་ལས་མང་བའི་ཁྱིམ་ཚང་ལ་བགོ་འགྲེམས་གནང་ཡོད་འདུག

དེ་བཞིན། གཞིས་གྲོང་གསར་རྒྱག་ལས་གཞིའི་འགྲོ་གྲོན་ཁྱོན་ཧིན་སྒོར་བྱེ་བ་ ༤་༢༩ ཡིན་ཞིང་། གཞུང་ལམ་དང་ཆུའི་མཐུན་རྐྱེན་ཆེད་ཇར་མན་རོགས་ཚོགས་ (GAT) ནས་ཧིན་སྒོར་འབུམ་ ༢༩་༨༣ གནང་བ་དང་། ས་མཚམས་གྱང་དང་རྒྱལ་སྒོའི་ཆེད་ཨ་རིའི་རོགས་ཚོགས་ (PRM) ནས་ཧིན་སྒོར་འབུམ་ ༣༨་༩༦། ད་དུང་ས་གནས་དགོན་སྡེ་ཁག་ནས་ཧིན་སྒོར་འབུམ་ ༥་༧༦་གི་ཞལ་འདེབས་གནང་ཡོད་ཅིང་། དེ་འཕྲོས་ཀྱི་འགྲོ་གྲོན་བརྒྱ་ཆ་ ༨༤ བོད་མིའི་འཛིན་སྐྱོང་བདེ་དོན་ཚོགས་པ་བརྒྱུད་བོད་མིའི་སྒྲིག་འཛུགས་ནས་མཁོ་གཏོང་གནང་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

ཆུ་ཚོད་ ༢༣ སྔོན་ལ།
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠
བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༡༧/༧/༡༩
Mobile App

དཔའ་བོའི་མངོན་འདོད་རྒྱུན་མཐུད་ཀྱི་ཟས་བཅད་ངོ་རྒོལ་སྤེལ་མགོ་བཙུགས།

༢༠༢༦/༠༧/༡༩
Mobile App

མི་རིགས་མཐུན་སྒྲིལ་ཡར་རྒྱས་ཀྱི་ཁྲིམས།

༢༠༢༦/༠༧/༡༨
བོད་རིག་པའི་ཆེད་མཁས་པ་དང་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་ཟུར་བ་རྒན་བདེ་མཆོག་ལགས། པར་བོད་ནང་གི་དྲ་ལམ་ནས་བླངས། ༢༠༢༦།༧།༡༧
Mobile App

བོད་རིག་པའི་མཁས་དབང་བདེ་མཆོག་ལགས་སྐུ་གྲོངས།

༢༠༢༦/༠༧/༡༧
རྒྱ་ནག་གཞུང་གིས་བོད་མགོ་ལོག་ཁུལ་དུ་ཆབ་སྲིད་སློབ་གསོ་སྤྲོད་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

ཉིན་གྲངས་ ༡༧ ནང་བོད་དུ་བྱུང་བའི་ཆོས་དང་ཆབ་སྲིད་ཀྱི་གནས་ཚུལ་ཁག་ཅིག

༢༠༢༦/༠༧/༡༧

མཆན། 1

  1. རྒས་པོ་བཀྲ་ཤིས་ཚེ་རིང་། says:
    ལོ་ 3 སྔོན།

    རྒྱ་བཤད་ཀྱང་། སྟོང་བཤད་ཀྱང་། ཁ་ཡོད་ལག་ཡོག་ཟེར་བ་འདི་ཚོ་རེད། ཐུགས་རྗེ་ཆེ།
    ད་དུང་མུ་མཐུད་གང་ཐུབ་ཅི་ཐུབ་གནང་རོགས།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese