མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མེ་འཁོར་གདོང་ཐུག་བྱུང་ནས་མི་གྲངས་ ༢༣༣ ལྷག་རྐྱེན་འདས་སུ་གྱུར་བར་ཐུགས་སྨོན་མཛད།

བོད་ཀྱི་དུས་བབ།
༢༠༢༣/༠༦/༠༣
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་མདང་དགོང་རྒྱ་གར་ཨོ་ཌི་ཤ་མངའ་སྡེའི་ནང་མེ་འཁོར་གདོང་ཐུག་བྱུང་ནས་མི་གྲངས་ ༢༣༣ ལྷག་རྐྱེན་འདས་དང་མི་གྲངས་༩༠༠ ལྷག་ལ་རྨས་སྐྱོན་ཕོག་པར་ཐུགས་སྨོན་མཛད་འདུག

༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་སྨོན་ལམ་གསུང་འདོན་གནང་བཞིན་པ་ཞིག

མདང་དགོང་རྒྱ་གར་ཨོ་ཌི་ཤ་མངའ་སྡེའི་ནང་མེ་འཁོར་གདོང་ཐུག་བྱུང་ནས་མི་གྲངས་ ༢༣༣ རྐྱེན་འདས་སུ་གྱུར་ཡོད་པ་ལྟར། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཨོ་ཌི་ཤ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་ནཱ་ཝིན་(Naveen Patnaik)མཆོག་གི་མཚན་ཐོག་ཏུ་ཐུགས་སྨོན་གྱི་གསུང་འཕྲིན་བསྩལ་བའི་ནང་། ངོས་རང་གིས་དོན་རྐྱེན་འདིའི་ཁྲོད་ནས་ཚེ་སྲོག་ཤོར་བའི་ཤུལ་ལུས་ནང་མི་རྣམས་ལ་གདུང་སེམས་མཉམ་སྐྱེད་དང་། རྨས་སྐྱོན་ཕོག་མཁན་རྣམས་ལ་སྨོན་ལམ་འདོན་གྱི་ཡོད། ངོས་རང་གིས་དབུས་གཞུང་ཚུད་པའི་མངའ་སྡེ་དང་། སྒྲིག་འཛུགས་ཁག་གིས་རྨས་སྐྱོན་ཐེབས་མཁན་རྣམས་གཙོས་གནོད་འཚེ་ཕོག་མཁན་རྣམས་ལ་སྨན་བཅོས་ལྟ་སྐྱོང་གི་ཐད་ནས་རོགས་འདེགས་གནང་བར་བསྔགས་བརྗོད་ཞུ་ཡི་ཡོད། ཨོ་ཌི་ཤ་མངའ་སྡེའི་མི་མང་ལ་གདུང་སེམས་མཉམ་སྐྱེད་མཚོན་སླད། ༧གོང་ས་ཏཱ་ལའི་བླ་མའི་དགེ་རྩ་ནས་མི་མང་ལ་སྨན་བཅོས་མཐུན་སྦྱོར་དང་། ངལ་སེལ། མྱུར་སྐྱོབ་སོགས་ཀྱི་སླད་ཞལ་འདེབས་ཤིག་དབུལ་རྒྱུ་ཡིན། ཞེས་གསུངས་འདུག

མདང་དགོང་རྒྱ་གར་ཤར་ཕྱོགས་ཨོ་ཌི་ཤ་མངའ་སྡེའི་བྷ་ལིས་ཝར་(Baleswar) གྱི་ཉེ་འགྲམ་དུ། ཁོ་རོ་མན་ཌལ་ ( Coromandel Express )མེ་འཁོར་དང་ཧ་ཝོ་རཱ་ཐི་(Howrah Superfast Express) གཉིས་གདོང་ཐུག་བྱུང་སྟེ།  ཉུང་མཐར་མི་གྲངས ༢༣༣ ལྷག་རྐྱེན་འདས་སུ་གྱུར་ཡོད་པ་དང་། མི་གྲངས་ ༩༠༠ ལྷག་ལ་རྨས་སྐྱོན་ཕོག་ཡོད་འདུག

རྒྱ་གར་གྱི་མེ་འཁོར་བློན་ཆེན་སྐུ་ཞབས་ཨ་སི་ཝི་ནི་(Ashwini Vaishnaw) ལགས་ཀྱི་སྒེར་གྱི་ཊི་ཝེ་ཊར་དུ། མེ་འཁོར་གདོང་ཐུག་གི་དོན་རྐྱེན་དེའི་ཁྲོད་དུ་རྨས་སྐྱོན་ཕོག་མཁན་ཚོར་གང་མགྱོགས་ཀྱིས་མྱུར་སྐྱོབ་སྨན་བཅོས་བྱས་ཏེ། གང་མགྱོགས་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་ཡོད་སྐོར་དང་། ད་ལན་གྱི་དོན་རྐྱེན་འདིའི་ཁྲོད་ནས་རྐྱེན་འདས་སུ་གྱུར་བ་རྣམས་ཀྱི་ཤུལ་ལུས་ནང་མི་སོགས་ལ་ཧིན་སྒོར་འབུམ་བཅུ་རེ་སྟེར་རྒྱུ་ཡིན་པ་མ་ཟད། གནོད་འཚེ་ཚབས་ཆེན་ཐེབས་པའི་མི་རྣམས་ལ་ཧིན་སྒོར་འབུམ་གཉིས་རེ། དེ་བཞིན་རྨས་སྐྱོན་ཕོག་མཁན་རྣམས་ལའང་ཧིན་སྒོར་ཁྲི་ལྔ་རེ་སྟེར་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག

Odisha train accident LIVE: Locals, security personnel and NDRF during the search and rescue operation at the site where Coromandel, Bengaluru-Howrah Express trains derailed last night, in Balasore district, Saturday, June 3, 2023. (PTI Photo)

དེ་བཞིན་ཨོ་ཌི་ཤའི་སྤྱི་ཁྱབ་བློན་ཆེན་སྐུ་ཞབས་(Naveen Patnaik) ལགས་ཀྱིས་དེ་རིང་ཨོ་ཌི་ཤའི་མངའ་སྡེ་ཡོངས་སུ་དོན་རྐྱེན་དེའི་ཁྲོད་ནས་རྐྱེན་འདས་སུ་འགྱུར་མཁན་རྣམས་ཀྱི་ཤུལ་ལུས་ནང་མི་གཙོས་འབྲེལ་ཡོད་ཚོར། གདུང་སེམས་མཉམ་སྐྱེད་བྱ་རྒྱུ་ཡིན་སྐོར་བསྒྲགས་འདུག

ད་ལྟ་ཨོ་ཌི་ཤའི་མངའ་སྡེ་གཞུང་གིས་དོན་རྐྱེན་བྱུང་བའི་ཡུལ་དངོས་ནས་གནོད་འཚེ་ཕོག་པའི་མི་རྣམས་མྱུར་སྐྱོབ་སླད། མྱུར་སྐྱོབ་རླངས་འཁོར་གྲངས ༢༠༠ དང་སྤྱི་སྤྱོད་རླངས་འཁོར་གྲངས་ ༥༠ ལྷག་མངག་གཏོང་བྱས་ཏེ། རྐྱེན་འདས་སུ་གྱུར་བའི་མིའི་ཕུང་པོ་དབོར་འདྲེན་དང་མི་མང་དབོར་འདྲེན་བྱེད་མུས་ཡིན་འདུག

རྒྱ་གར་ནི་འཛམ་གླིང་ནང་མེ་འཁོར་དོན་རྐྱེན་མང་ཤོས་འབྱུང་མཁན་གྱི་རྒྱལ་ཁབ་ཅིག་ཡིན་པ་དང་། དེ་སྔ་རྒྱ་གར་བྷི་ཧར་མངའ་སྡེའི་ནང་མེ་འཁོར་དོན་རྐྱེན་བྱུང་ནས་མི་གྲངས ༧༥༠ ལྷག་རྐྱེན་འདས་སུ་གྱུར་ཡོད་ཅིང་། དེ་ནི་རྒྱ་གར་ནང་མེ་འཁོར་དོན་རྐྱེན་ཁྲོད་རྐྱེན་འདས་སུ་གྱུར་བའི་མི་གྲངས་མང་ཤོས་དེ་རེད་འདུག་ལ། འདི་ལོ་གཅིག་པུར་རྒྱ་གར་ནང་མེ་འཁོར་གྱི་དོན་རྐྱེན་ཆེ་ཆུང་མི་འདྲ་བ་གྲངས་ ༥ ལྷག་བྱུང་ཟིན་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese