མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མང་པོ་ཞིག་བཙན་འཁྲིད་བྱས་འདུག  

བོད་ཀྱི་དུས་བབ།
༢༠༢༣/༠༦/༠༥
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཧོང་ཀོང་ནང་དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མི་གྲངས་ ༢༣ ལྷག་ས་གནས་ཉེན་རྟོག་པས་བཙན་འཁྲིད་བྱས་ཏེ་འདྲི་ཞིབ་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་འདུག

League of Social Democrats leader Chan Po-ying, center, argues with police before being taken away in Hong Kong’s Causeway Bay shopping district on 4th june 2023.Photo :AFP

ཁ་སང་ཕྱི་ཟླ ༦ ཚེས  ༤ ཉིན་ནི་འཛམ་གླིང་ས་ཕྱོགས་གང་སར་ཡོད་པའི་རྒྱ་རིགས་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་རྒྱ་ནག་ཏུ་དྲུག་བཞིའི་དམར་གསོད་ཆེན་མོ་བྱུང་ནས་མི་ལོ ༣༤ འཁོར་བའི་དུས་དྲན་སྲུང་གཙི་བྱས་ཡོད་པ་ལྟར། རྒྱ་ནག་གཞུང་གི་སྟངས་འཛིན་འོག་ཡོད་པའི་ཧོང་ཀོང་གི་ཉེན་རྟོག་པས་སྤྱི་ཚོགས་དམངས་གཙོ་འབྲེལ་མཐུད་ཚོགས་པའི་ཚོགས་གཙོ་ཁྲན་པོ་ཡིན་(Chan Po Ying)དང་། ཧོང་ཀོང་གི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་ཟུར་པ་མག་ཡིན་ཊི་སོགས་ཀྱི་གཙོས་དམངས་གཙོ་དོན་གཉེར་བ་མི་གྲངས ༢༣ བཙན་འཁྲིད་བྱས་ཏེ་འདྲི་ཞིབ་བྱེད་མུས་ཡིན་འདུག

ཁ་སང་ཧོང་ཀོང་ནང་གི་མེ་འཁོར་བབ་ཚུགས་དང་། མི་མང་འདུ་སའི་ས་གནས་མང་པོ་ཞིག་ཏུ་ཉེན་རྟོག་པ་མང་པོ་ཆེད་གཏོང་བྱས་ཏེ། དུས་དྲན་དེ་དང་བསྟུན་ནས་ཧོང་ཀོང་ནང་སླར་ཡང་ཞི་རྒོལ་ལས་འགུལ་སྤེལ་བར་དམ་དྲག་ཤུགས་ཆེན་བྱས་ཡོད་ཅིང་། ཉིན་མོ་དེ་དང་འབྲེལ་བའི་ལས་འགུལ་དང་མཆོད་འབུལ་བྱེད་མཁན་མང་དག་ཅིག་ལ་དམ་དྲག་དང་འཛིན་བཟུང་ཡང་བྱས་ཡོད་འདུག དཔེར་ན། བུད་མེད་ཅིག་གིས་ལག་པར་སྒྲོན་མེ་དང་སྟོད་ལྭ་སེར་པོ་གྱོན་པ་དེས།  དྲུག་བཞིའི་དོན་རྐྱེན་དང་། ཧོང་ཀོང་གི་ཆར་གདུགས་གསར་བརྗེ་ལ་རྒྱབ་སྐྱོར་བྱས་པར་བསྙད་ནས་བཀག་ཉར་བྱས་ཡོད་འདུག 

ད་ལྟ་རྒྱལ་སྤྱི་དང་ཐའེ་ཝན་གྱི་གསར་ལམ་ཁག་ཏུ་ཧོང་ཀོང་ཉེན་རྟོག་པས་དྲུག་བཞིའི་དོན་རྐྱེན་ལ་རྗེས་དྲན་ཞུ་མཁན་མི་གྲངས ༢༣ བཀག་ཉར་བྱས་པའི་གནས་ཚུལ་ཐོན་ཡོད་པ་ཙམ་ལས། ཁོང་ཚོ་ཕྱིས་སུ་ཀློད་གྲོལ་བཏང་ཡོད་མེད་དང་གནས་སྟངས་ག་འདྲ་ཡོད་སོགས་གང་ཡང་གསལ་མི་འདུག  དེ་བཞིན་ཟླ་འདིའི་ཕྱི་ཚེས ༣ གྱི་དགོང་མོར་ཡང་ཁྲིམས་སྒྲིག་དང་སྲིད་གཞུང་གི་བཀའ་ལ་གཏོར་བརླག་བཏང་པའི་དོགས་གཞིའི་འོག་མི་གྲངས་ ༤ འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་འདུག 

དྲུག་བཞིའི་དོན་རྐྱེན་ནི་ཕྱི་ལོ་ ༡༩༨༩ ལོའི་ཟླ་ ༦ ཚེས་ ༤ ཉིན་གནམ་བདེ་སྒོ་མོ་ཆེའི་ཐང་ཆེན་དུ་སློབ་ཕྲུག་སྟོང་ཕྲག་མང་པོའི་དམངས་གཙོའི་ལས་འགུལ་ལ་རྒྱ་ནག་གཞུང་གིས་དྲག་གནོན་བྱས་ཏེ། སློབ་ཕྲུག་དང་ལས་འགུལ་བ་སྟོང་ཕྲག་མང་པོ་སྡེབ་གསོད་བྱས་པའི་དོན་རྐྱེན་ཡ་ང་བ་བྱུང་ཡོད་པ་དང་། དུས་ད་ལྟའང་སྐབས་དེར་དམར་གསོད་ཐེབས་མཁན་ཚོའི་ནང་མི་འབྲེལ་ཡོད་སོགས་ནས་ལོ་ལྟར་རྗེས་དྲན་ཞུ་ཡི་ཡོད་ཀྱང་། རྒྱ་ནག་ནང་ལོགས་ཙམ་མ་ཟད་ཉེ་བའི་ལོ་ཤས་ནས་བཟུང་ཧོང་ཀོང་ནང་དུའང་རྗེས་དྲན་ཞུ་རུ་འཇུག་གི་མེད་པ་རེད།

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese