མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་ཕྱག་དེབ་ཅིག་རྒྱལ་སྤྱིའི་སྟེང་ཚོང་སྒྱུར་བྱེད་མགོ་བརྩམས།

བོད་ཀྱི་དུས་བབ།
༢༠༢༣/༠༦/༡༣
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སི་ཌི་ཤིའི་ཁོར་ཡུག་ལས་འགུལ་བ་རྣམ་གཉིས་ཀྱི་ཐུགས་དགོངས་ལས་འཁྲུངས་པའི་དཔེ་དེབ་ཅིག་ཚོང་སྒྱུར་བྱེད་བཞིན་འདུག

Photo Courtesy: Shambhala Publication

དེ་རིང་རྒྱལ་སྤྱིའི་དཔེ་དེབ་པར་བསྐྲུན་ཁང་ཁག་ཅིག་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་མངའ་སྡེ་ (Virginia) ཝིར་ཇི་ན་ཡའི་གྲོང་ཁྱེར་(Charlottesville) ནང་རྟེན་གཞི་བྱས་པའི་ཚན་རིག་པ་དང་དགེ་རྒན། སེམས་དང་སྲོག་ལྟེ་གནས་ཁང་གི་གཙོ་འཛིན་སོའུ་ཟན་ (SUSAN BAUER-WU) ལགས་ཀྱིས་བརྩམས་ཤིང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་གོ་ལའི་གནམ་གཤིས་ཚ་དྲོད་སྲུང་སྐྱོབ་དང་ཁོར་ཡུག་ལས་འགུལ་བ་གྲགས་ཆེན་གཞོན་ནུ་མ་གྷེ་རེ་ཊ་ཐན་བྷག་(Greta Thunberg) རྣམ་གཉིས་ཀྱི་ཐུགས་དགོངས་ནས་བསྐྱེད་པའི་༼   ང་ཚོས་གཅེས་པར་འོས་པའི་མ་འོངས་པ་ཞིག༽་་ (A Future We Can Love) ཅེས་པའི་དཔེ་དེབ་ཅིག་ཚོང་སྒྱུར་བྱེད་མགོ་བརྩམས་འདུག

དཔེ་དེབ་དེ་ཚོང་སྒྱུར་ཡོངས་བསྒྲགས་བྱས་པ་དང་བསྟུན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ངོ་དེབ་སྟེང་། ངོས་ནས་ཆེས་ཛ་དྲག་ཆེ་བའི་དཀའ་ངལ་དག་གུ་ཡངས་དང་དྲང་བདེན། ཕན་ཚུན་གུས་ཞབས་ལྡན་པའི་ངང་ནས་གྲོས་མོལ་བྱས་ཏེ་སེལ་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད། ངོས་དང་ཁོར་ཡུག་ལས་འགུལ་བ་གྷེ་རེ་ཊ་ཐན་བྷག་ངེད་གཉིས་བར་བྱུང་བའི་སྐད་ཆ་དག་གིས་ཚན་རིག་པ་དང་སེམས་གཙོ་སྨྲ་བའི་བསམ་བློ་བ་ཚོ་ཁ་ཕྱོགས་གཅིག་ཏུ་འཁྲིད་ཐུབ་ཡོད་པ་མ་ཟད། ཚན་རིག་པ་དང་སེམས་གཙོ་སྨྲ་བའི་བསམ་བློ་བ་གཉིས་ཀྱིས་ང་ཚོ་ཚང་མ་གཅིག་ལ་གཅིག་བརྟེན་ཡིན་པ་དང་ད་ལྟ་ང་ཚོར་འཕྲད་བཞིན་པའི་ཁོར་ཡུག་གི་དཀའ་ངལ་ལ་ལྟ་སྟངས་གསར་པ་ཞིག་འཛིན་དགོས་པའི་མཁྱེན་རྟོགས་བྱུང་ཡོད། ད་དུང་ངེད་གཉིས་བར་བྱུང་བའི་དམིགས་བསལ་གྱི་གླེང་མོལ་དེ་དག་ལས་ ང་ཚོས་གཅེས་པར་འོས་པའི་མ་འོངས་པ་ ཞེས་པའི་དཔེ་དེབ་འདི་བྱུང་བ་རེད། ངོས་ནས་གྷེ་རེ་ཊ་ལ་རྒྱབ་སྐྱོར་དང་ཁོར་ཡུག་སྲུང་སྐྱོབ་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་མ་ཟད། ཆེས་གནད་འགག་ཆེ་བ་ནི་འཛམ་གླིང་ནང་སེམས་ཁྲལ་གྱིས་ཁེངས་པའི་མི་རྒན་གཞོན་དབྱེར་མེད་ཡོངས་ལ་རེ་བ་ཞིག་སྤྲོད་དགོས། ང་ཚོས་ལྷན་དུ་ཐུན་མོང་གི་གཞི་རྩ་བཙལ་ཏེ་འོད་སྟོང་འཕྲོས་པའི་མ་འོངས་པ་ཞིག་གསར་དུ་བསྐྲུན། ཞེས་གསུངས་འདུག

དཔེ་དེབ་ཚོང་སྒྱུར་གྱི་དྲ་སྟེང་ནས་དེབ་ཀྱི་ནང་དུ་ཞིབ་ཚེ། དཔེ་དེབ་དེ་ལ་ཤོག་ངོས་ཁྱོན་ ༢༦༥ ལྡན་ཞིང་ནང་གསེས་སྡེ་ཚན་བདུན་བཅས་ཀྱིས་བཅད་འདུག དེ་དག་གི་ཁྲོད་ཚན་རིག་དང་བསམ་བློ སའི་གོ་ལའི་ཤོང་ཚད། འགྲོ་བ་མིའི་ཁོག་རྒྱ། གས་ཆགས་ཤོར་བའི་སེམས། ༼  མུན་པ་དང་འོད ༽   ངོ་མཚར། རེ་བ་གསར་པའི་དུས་རབས་ཤིག་གི་མགོ་བཅས་འདུག་ལ། ད་ལྟ་དཔེ་དེབ་དེར་རིན་གོང་ཨ་སྒོར་ ༢༤།༩༥ བྱས་ནས་སྔོན་མངག་བྱེད་ཐུབ་ཀྱི་འདུག

དཔེ་དེབ་དེ་ནི་སེམས་དང་སྲོག་ལྟེ་གནས་ཁང་གི་གཙོ་འཛིན་སོའུ་ཟན་ (SUSAN BAUER-WU) ལགས་ཀྱིས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་གོ་ལའི་གནམ་གཤིས་ཚ་དྲོད་སྲུང་སྐྱོབ་དང་ཁོར་ཡུག་ལས་འགུལ་བ་གྷེ་རེ་ཊ་ཐན་བྷག་(Greta Thunberg) གཉིས་ཀྱི་བཀའ་མོལ་ཁྲོད་ནས་བསྐྱེད་པའི་དེབ་ཅིག་ཡིན་པ་གསལ་བོར་བརྗོད་འདུག་ལ། ༧གོང་ས་མཆོག་དང་གྷེ་རེ་ཊ་གཉིས་ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༡༠ ཉིན་དྲ་ལམ་བརྒྱུད་གོ་ལའི་གནམ་གཤིས་ཚ་དྲོད་སྲུང་སྐྱོབ་དང་འབྲེལ་བའི་ཚོགས་ཆེན་ཞིག་གི་སྟེང་ཐོག་མར་མཇལ་འཕྲད་བྱུང་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

The Dalai Lama offers blessings to his followers at his Himalayan residence in the northern hill town of Dharamshala, India, on December 20, 2024 [Priyanshu Singh/Reuters]
༸གོང་ས་མཆོག གསར་འགྱུར།

ཡུ་རོབ་གྲོས་ཚོགས་སུ་༧གོང་ས་མཆོག་གི་ཡང་སྲིད་དང་འབྲེལ་བའི་གྲོས་ཆོད་ཅིག་གཏན་འབེབས་བྱུང་། 

ཆུ་ཚོད་ ༡ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་ཝི་ཏི་ནམ་གྱི་དད་ལྡན་མཇལ་བཅར་བ་ཁག་ཅིག་ལ་བཀའ་སློབ་བསྩལ།

༢༠༢༣/༠༩/༠༧
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་ཐའེ་ཝན་གྱི་ཚན་རིག་པ་ཁག་ཅིག་ལ་བཀའ་སློབ་བསྩལ།

༢༠༢༣/༠༩/༠༤
His Holiness the Dalai Lama's brief talk to students from Harvard University at Leh Ladakh 2023/08/21
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་ཧ་ཝར་ཌི་སློབ་ཆེན་གྱི་སློབ་མ་ཁག་ཅིག་ལ་བཀའ་སློབ་བསྩལ།

༢༠༢༣/༠༨/༢༡
His Holiness the Dalai Lama at the University of Hawaii on April 15, 2012. Photo/JHook/Civil Beat
༧གོང་ས་མཆོག གསུང་འཕྲིན།

ཨ་རིའི་ཧཱ་ཝེ་མངའ་སྡེ་མི་མང་ལ་ཐུགས་གསོ་མཛད།

༢༠༢༣/༠༨/༡༡
༧གོང་ས་མཆོག གསུང་འཕྲིན།

རང་བྱུང་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པའི་འཛམ་གླིང་མི་མང་ལ་ཐུགས་གསོ་མཛད།

༢༠༢༣/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese