མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྷོ་ཀོ་རི་ཡས་རྒྱ་ནག་གི་གསང་བའི་ཉེན་རྟོག་ཁང་ཟེར་བ་རྩད་ཞིབ་གཏོང་གི་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༦/༡༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་ཁུང་ཙི་སློབ་གསོ་ལྟེ་གནས་ཁང་དང་ཕྱིའི་ཉེན་རྟོག་ཟེར་བ་གཉིས་བེད་སྤྱད་ཀྱིས། ལྷོ་ཀོ་རི་ཡའི་ནང་རྒྱ་ནག་གི་ཤུགས་རྐྱེན་རྒྱ་སྐྱེད་དང་དམར་ཤོག་ཚོགས་པའི་ཁ་གཏད་གཅོག་མཁན་རྣམས་ལ་འཇིགས་སྐུལ་བྱེད་བཞིན་པ་ལྷོ་ཀོ་རི་ཡས་ཤེས་རྟོགས་བྱུང་སྟེ་རྩད་ཞིབ་གཏོང་གི་འདུག

South Korea is probing the activities of suspected Chinese “police stations” across the country. PHOTO: REUTERS

དེ་རིང་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ལྷོ་ཀོ་རི་ཡའི་ནང་གི་རྒྱ་རིགས་དང་རྒྱ་ནག་གཞུང་གི་ཁ་གཏད་དུ་ལངས་མཁན་རྣམས་ལ་དམིགས་པའི་ཕྱིའི་ཉེན་རྟོག་ཁང་གསར་འཛུགས་བྱས་དང་བྱེད་མུས་ཡིན་པར་བརྟེན། ལྷོ་ཀོ་རི་ཡའི་གཞུང་གིས་རྒྱལ་ཡོངས་སུ་རྒྱ་ནག་གི་ཉེན་རྟོག་ཁང་དེ་དག་གང་དུ་ཡོད་མེད་སོགས་རྩད་གཅོད་དང་ཞིབ་འཇུག་བྱེད་བཞིན་པ་ཡོངས་བསྒྲགས་བྱས་འདུག

དེ་ཡང་ཐོག་མར་འདི་ལོའི་ལོ་མགོར་ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་ (Seoul) ནང་རྒྱ་ནག་གི་ཕྱིའི་ཉེན་རྟོག་ཁང་ཟེར་བ་བཙུགས་ཡོད་པའི་གནས་ཚུལ་ཐོན་པ་དང་འབྲེལ། ལྷོ་ཀོ་རི་ཡའི་གསང་བའི་ལས་ཁུངས་དང་ཉེན་རྟོག་པས་རྩད་ཞིབ་བྱས་ཏེ། རྒྱལ་ས་སོལ་ནང་ཙམ་མིན་པར་ཇེ་ཇུ་(Jeju Island) གླིང་ཕྲན་ཚུད་པའི་ས་ཁུལ་མང་པོའི་རྒྱ་ནག་གི་ཉེན་རྟོག་ཁང་ཟེར་བ་ཡོད་པའི་དོགས་གཞི་བྱུང་ཡོད་འདུག

ཁ་སང་ལྷོ་ཀོ་རི་ཡའི་གཞུང་འཛིན་ཚོགས་པའི་མགྲིན་ཚབ་པ་ཆའོ་ཇེ་ (Choe Jae-hyeong) ཡིས། རྒྱ་ནག་གཞུང་གིས་ལྷོ་ཀོ་རི་ཡའི་ནང་ཁུང་ཙི་སློབ་གསོ་ལྟེ་གནས་ཁང་བཙུགས་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་དྲིལ་བསྒྲགས་རྒྱ་སྐྱེད་དང་། ཧོང་ཀོང་གི་མང་གཙོའི་ལས་འགུལ་ལ་རྒྱབ་སྐྱོར་བྱེད་པའི་ལས་འགུལ་གྱི་རིགས་དང་རྒྱ་ནག་ལ་ཁ་གཏད་གཅོག་ཐབས་སོགས་ཀྱི་ལས་འགུལ་རིགས་ལ་གདོང་ལེན་དང་གནོད་ཤུགས་སྤྲོད་ཀྱི་ཡོད་པ་མ་ཟད། དམིགས་བསལ་རྒྱ་ནག་དང་འབྲེལ་བའི་ལྷོ་ཀོ་རི་ཡ་རྒྱལ་ཡོངས་ཀྱི་སློབ་ཆེན་སློབ་མའི་ལས་འགུལ་རིགས་ལ་གནོད་ཤུགས་སྤྲོད་ཐབས་བྱེད་བཞིན་འདུག་ཅེས་བརྗོད་ཡོད་པ་དང་།  ཡང་འདི་ལོའི་ཕྱི་ཟླ་ ༥ པའི་ནང་ལྷོ་ཀོ་རི་ཡའི་གསང་བའི་ལས་ཁུངས་ཀྱིས་ཞིབ་འཇུག་བྱས་པ་བརྒྱུད། རྒྱ་ནག་གཞུང་གིས་ལྷོ་ཀོ་རི་ཡའི་རྒྱལ་ས་སོལ་གྱི་སོང་པ་ (Songpa) རྫོང་དུ་ཡོད་པའི་རྒྱ་ནག་གི་ཟ་ཁང་ཞིག་གིས་རྒྱ་ནག་གཞུང་གི་ཚབ་ཏུ་ཉེན་རྟོག་ཁང་ཟེར་བའི་ལས་དོན་སྒྲུབ་ཀྱི་ཡོད་པ་ཤེས་རྟོགས་བྱུང་ཡོད་འདུག

ལྷོ་ཀོ་རི་ཡའི་ཇེ་ཇུ་གླིང་ཕྲན་དུ་ཡོད་པའི་རྒྱ་ནག་གི་དོན་གཅོད་ལས་ཁུངས་ཀྱིས། ང་ཚོས་དངོས་བདེན་མིན་པའི་གནས་ཚུལ་འདི་ལ་མཐའ་གཅིག་ཏུ་ངོ་རྒོལ་བྱེད་བཞིན་ཡོད། ཅེས་དང་ལྷོ་ཀོ་རི་ཡའི་ཇེ་ཇུ་གླིང་ཕྲན་ནང་རྒྱ་ནག་གི་གསང་བའི་ཉེན་རྟོག་ཁང་མེད་པ་དང་། གསར་ཁང་ཁག་གིས་དྲང་བདེན་མིན་པའི་གནས་ཚུལ་སྤེལ་གྱི་ཡོད་པའི་ལན་འདེབས་བྱས་འདུག་ལ། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༥ ཉིན་རྒྱ་ནག་གི་ཕྱི་སྲིད་ལྷན་ཁང་གི་མགྲིན་ཚབ་པ་ཝང་ཝེ་བྷིན་ (Wang Wenbin) གྱིས། ཕྱིའི་རྒྱལ་ཁབ་ཁག་ཏུ་རྒྱ་ནག་གི་ཉེན་རྟོག་ཁང་མེད་པ་དང་། རྒྱ་ནག་གཞུང་གིས་རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་ཇུས་མི་བྱེད་པ་དང་། རྒྱལ་ཁབ་གཞན་གྱི་དབང་ཚད་ལ་བརྩི་བཀུར་བྱེད་ཀྱི་ཡོད་སྐོར་བརྗོད་ཡོད་འདུག

འོན་ཀྱང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་པའི་ (Safeguard Defenders) ཚོགས་པའི་གནས་ཚུལ་ལྟར་ན། རྒྱ་ནག་གཞུང་གིས་ལྷོ་ཀོ་རི་ཡ་ཙམ་དུ་མ་ཟད། འཛམ་གླིང་རྒྱལ་ཁབ་ ༥༣ ལྷག་གི་ནང་གསང་བའི་ཉེན་རྟོག་ཁང་ཟེར་བ་བཙུགས་ཏེ། རྒྱལ་སྤྱིའི་སྟེང་རྒྱ་ནག་གི་ཤུགས་རྐྱེན་རྒྱ་སྐྱེད་གཏོང་ཐབས་བྱེད་ཞོར་དུ། རྒྱ་ནག་དམར་ཤོག་ཚོགས་པའི་ཁ་གཏད་དུ་ལངས་མཁན་དང་རྒྱ་ནག་གི་མང་གཙོ་དང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་སོགས་སུ་འཇིགས་སྐུལ་བྱེད་བཞིན་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སེའེ་ཊབ་ཀེ་སར་ལོ་འཁོར་བོད་རིག་པའི་ཚོགས་འདུ་ཞིག་འཚོག་མུས་ཡིན་འདུག པར་འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༦།༡༡།༩
Mobile App

དུས་རབས་ ༡༣ ནས་ ༡༤ བར་གྱི་བོད་ཀྱི་ཆོས་སྲིད་རིག་གནས་ཀྱི་ཚོགས་འདུ་ཞིག་དབུ་བཙུགས།

ཆུ་ཚོད་ ༡༣ སྔོན་ལ།
(L-R) Dylan Douglas, Michael Douglas and Carys Zeta Douglas attend the Tibet House US Art of Freedom Gala 2026 in New York City. (Photo by Noam Galai/Getty Images for Tibet House US) (Getty Images for Tibet House US)
Mobile App

ཨ་རིའི་བོད་ཁང་གི་ཕྱི་ལོ་ ༢༠༢༦ ལོའི་རང་དབང་གི་སྒྱུ་རྩལ་གཟེངས་རྟགས་དེ་གློག་བརྙན་འཁྲབ་སྟོན་པ་ཞིག་ལ་ཕུལ།

ཆུ་ཚོད་ ༡༣ སྔོན་ལ།
པར་དྲ་ལམ་ནས་བླངས།
Mobile App

བོད་ཀྱི་འབྲོག་ཁུལ་གྱི་སློབ་ཕྲུག་སྟོང་ཕྲག་མང་པོ་གྲོང་ཁྱེར་གྱི་བཅའ་སྡོད་སློབ་གྲྭར་སྤོས།

༢༠༢༦/༡༡/༠༧
རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༡༡།༧
Mobile App

རྒྱ་ནག་གཞུང་ཚབ་ཁང་གིས་སྲིད་སྐྱོང་གི་སྐོར་སྐྱོད་ལ་ངོ་རྒོལ་བསྒྲགས་གཏམ་སྤེལ།

༢༠༢༦/༡༡/༠༧
Screenshot
Front Slider

འབུམ་རམས་པ་འཇམ་དབྱངས་དོན་གྲུབ་ལགས་དང་ལྷན་དུ་ཁོང་གི་སློབ་ཐོན་དཔྱད་རྩོམ་སྐོར་གླེང་མོལ།

༢༠༢༦/༡༡/༠༧
Mobile App

ཨ་རིས་རྒྱ་ནག་གི་བཟོ་ཚོང་ཁང་གཉིས་ལ་ཉེས་ཆད་བཏང་།

༢༠༢༦/༡༡/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese