མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡང་བོད་ཀྱི་བུ་མོ་བསྟན་འཛིན་འཛོམས་སྐྱིད་ལགས་ལ་ཨང་དང་པོ་ཐོབ་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༦/༢༢
Share on FacebookShare on TwitterShare on EmailShare on Whatsapp

བོད་ཀྱི་བུ་མོ་བསྟན་འཛིན་འཛོམས་སྐྱིད་ལགས་སུ་ཕྱི་ལོ་ ༢༠༢༣ ལོའི་ (Miss Glam World) མཛངས་མའི་འགྲན་སྡུར་ཁྲོད་ཨང་རིམ་དང་པོ་ཐོབ་ཡོད་འདུག

ཕྱི་ལོ་ ༢༠༢༣ ལོའི་འཛམ་གླིང་ (Miss Glam World) མཛངས་མའི་འགྲན་སྡུར་ཁྲོད་ཨང་རིམ་དང་པོ་ཐོབ། བསྟན་འཛིན་འཛོམས་སྐྱིད་ལགས་ཀྱི་ཨིན་ཌ་ར་གྷ་རམ་ (Instagram) ནས་བླངས། ༢༠༢༣།༠༦།༢

ཟླ་འདིའི་ཕྱི་ཚེས་ ༡༥ ནས་ ༢༡ བར་རྒྱ་གར་ཀེ་རེ་ལ་མངའ་སྡེའི་ཁུལ་དུ་ (Pegasus Global Pvt Ltd.) ཚོགས་པས་གོ་སྒྲིག་བྱས་པའི་རྒྱལ་སྤྱིའི་མཛངས་མའི་འགྲན་སྡུར(Miss Glam World) ནང་། བོད་ཀྱི་བུ་མོ་བསྟན་འཛིན་འཛོམས་སྐྱིད་ལགས་སུ་ཕྱི་ལོ་ ༢༠༢༣ ལོའི་ (Miss Glam World) མཛངས་མའི་འགྲན་སྡུར་ཁྲོད་ཨང་རིམ་དང་པོ་ཐོབ་ཡོད་པ་མ་ཟད། ཁོང་མོས་བོད་ཀྱི་བུད་མེད་དག་གིས་རྒྱལ་སྤྱིའི་གར་སྟེགས་སུ་ཆ་ཤས་བླང་དགོས་པ་མ་ཟད། མི་སུ་ཞིག་ཡིན་རུང་ཕུགས་བསམ་མངོན་འགྱུར་གྱི་ཆེད་ནམ་ཡང་སེམས་ཤུགས་ཆག་མི་ཉན་པའི་རེ་སྐུལ་གནང་སོང་།

བསྟན་འཛིན་འཛོམས་སྐྱིད་ལགས་ཀྱིས་འདི་གའི་གསར་འགོད་པར། ད་ལན་གྱི་འགྲན་སྡུར་དེ་ནི་གཙོ་བོ་ཀེ་ར་ལའི་ཐུན་མོང་མ་ཡིན་པའི་རིག་གཞུང་གསལ་སྟོན་དང་། ཡུལ་སྐོར་སྤྲོ་འཆམ་གོང་སྤེལ་གཏོང་ཐབས།  དེ་བཞིན་རྒྱལ་སྤྱིའི་མཛངས་མ་རྣམས་ཀྱིས་སྒེག་ཉམས་ངོམ་སའི་གར་སྟེགས་གསར་པ་ཞིག་རེད། ང་རང་ལ་གར་སྟེགས་དེའི་ཐོག་ལ་རྒྱུས་མངའ་ཡོད་པས། ལོ་ཤས་གོང་ནས་དེའི་ནང་འཛུལ་ཞུགས་བྱ་རྒྱུར་ཐོ་འགོད་བྱས་པ་ཡིན། ད་ལོར་ང་རང་ལ་གོ་སྐབས་དེ་ཐོབ་བྱུང་། ཞེས་བརྗོད་བྱུང་།

 ཁོང་མོས། ང་རང་ཕྱི་ལོ་ ༢༠༢༣ ལོའི་ (Miss Glam World) མཛངས་མའི་འགྲན་སྡུར་གྱི་ཨང་རིམ་དང་པོ་ཐོབ་ཡོད་ཅིང་། དེ་ནི་བློ་ཡུལ་དུ་ཤོང་དཀའ་བ་ཞིག་ཡིན་ཡང་།  ངས་མུ་མཐུད་ (Glam) འཛམ་གླིང་མཛངས་མའི་མཚན་སྙན་གྱི་གཟི་བརྗིད་མ་བརླག་པར་བྱས་ཏེ་མདུན་སྐྱོད་བྱ་རྒྱུ་ཡིན། ཞེས་བརྗོད་འདུག

འདི་གའི་གསར་འགོད་པས་ཁྱེད་རང་བོད་མི་ཞིག་ཡིན་པའི་ཆ་ནས་ཕྱི་ལོ་ ༢༠༢༣ ལོའི་ (Miss Glam World) མཛངས་མའི་འགྲན་སྡུར་གྱི་ཨང་རིམ་དང་པོ་ཐོབ་པར་ཚོར་སྣང་ག་རེ་བྱུང་ཡོད་དྲིས་པར། ཁོང་མོས། ང་རང་ལ་རྒྱལ་ཁ་ཐོབ་པ་དེའི་བརྒྱུད་ནས་མི་མང་པོར་རེ་བ་སྤྲད་ཡོད་པ་མ་ཟད། བོད་པའི་གཞོན་སྐྱེས་བུད་མེད་རྣམས་ཀྱིས་མཛེས་མའི་གར་སྟེགས་ནང་འཛུལ་ཞུགས་བྱ་རྒྱུའི་སེམས་ཤུགས་དང་རེ་བ་སྤྲད་ཐུབ་ཡོད་བསམ་གྱི་ཡོད་ལ། མི་སུ་ཞིག་ཡིན་རུང་རང་གི་ཕུགས་བསམ་མངོན་འགྱུར་སླད་གཏན་ནས་སེམས་ཤུགས་ཆག་མི་ཉན་པ་ཡིན། ཞེས་བརྗོད་བྱུང་།

 བསྟན་འཛིན་འཛོམས་སྐྱིད་ལགས་ནི་རྒྱ་གར་ལྷོ་ཕྱོགས་མོན་གྷོ་འདོད་རྒུ་གླིང་བོད་མིའི་གཞིས་ཆགས་ནས་འཚར་ལོངས་བྱུང་སྟེ། ད་ལྟའི་ཆར་སྦེལ་ཇམ་ནང་གནས་སྡོད་བྱེད་ཀྱིན་འདུག་ལ།  ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༤ ནང་སྦེལ་ཇམ་གྱི་བུད་མེད་ཤོམ་སྟོན་མ་རྩེ་ཕུད་ཀྱི་(Belgium Top Model) འགྲན་སྡུར་ཞིག་གི་ནང་དུའང་མཉམ་ཞུགས་བྱས་མྱོང་ཡོད་པ་དང་། འགྲན་སྡུར་དེའི་ཁྲོད་མཉམ་ཞུགས་པ་བུད་མེད་ ༤༠༠ ཡོད་པའི་ནང་ནས། དངོས་གཞིའི་འགྲན་སྡུར་ཁྲོད་བུད་མེད་ ༦༥ ནང་འདེམས་ཐོན་བྱུང་ཡོད་འདུག་ལ། དེ་བཞིན་ཁོང་མོར་ཕྱི་ལོ་ ༢༠༢༡ ལོར་སྦེལ་ཇམ་མཛངས་མ་ཆེན་པོའི་འགྲན་སྡུར་ཁྲོད་ཨང་རིམ་དང་པོ་ཐོབ་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

མཛངས་མ་བསྟན་འཛིན་དཔལ་སྒྲོན་ལགས་ཀྱི་པར་རིས་ཕྱོགས་སྒྲིག
Mobile App

བོད་ཀྱི་མཛངས་མ་བསྟན་འཛིན་དཔལ་སྒྲོན་ལགས་གོ་ལའི་མཛངས་མའི་འགྲན་སྡུར་ཁྲོད་ནས་ཕྱིར་འབུད་བཏང་།  

༢༠༢༤/༠༡/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese