མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནོར་བྷེལ་གཟེངས་རྟགས་བཞེས་མཁན་དགུང་ལོ་ཆེ་ཤོས་དེ་སྐུ་གྲོངས་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༦/༢༨
Share on FacebookShare on TwitterShare on EmailShare on Whatsapp

ནོར་བྷེལ་རྫས་འགྱུར་གྱི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ཇོན་བྷི་ལགས་དགུང་ལོ་བརྒྱའི་ཐོག་སྐུ་གྲོངས་པའི་གནས་ཚུལ་ཐོན་འདུག

Mr Goodenough was also awarded the National Medal of Science in 2013

ཟླ་འདིའི་ཕྱི་ཚེས་ ༢༦ ཉིན་ཨ་རིའི་གྲོང་ཁྱེར་ཨོ་སི་ཊིན་དུ་རྟེན་གཞི་བྱས་པའི་ཊེག་སི་སུ་གཙུག་ལག་སློབ་གཉེར་ཁང་( University of Texas ) གིས་གནས་ཚུལ་བསྒྲགས་པ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ལི་ཐི་ཡིམ་གློག་རྫས་གསར་སྐྲུན་ཐད་ལ་ནུས་པ་ཆེན་པོ་བཏོན་ནས། ཕྱི་ལོ་ ༢༠༡༩ ལོར་ནོར་བྷེལ་རྫས་འགྱུར་གྱི་གཟེངས་རྟགས་བཞེས་མཁན་སྐུ་ཞབས་ཇོན་(John B. Goodenough) ལགས་དགུང་ལོ་ ༡༠༠ ཡི་ཐོག་སྐུ་གྲོངས་ཡོད་པ་རེད།

ཊེག་སི་སུ་གཙུག་ལག་སློབ་གཉེར་ཁང་གི་འགན་འཛིན་ཇེ་ཧར་ཛེལ་(Jay Hartzell) ལགས་ཀྱིས། ཁོང་གི་མི་ཚེའི་ཁྲོད་རྣོ་ངར་ལྡན་པའི་ཐོག་ནས་ཚན་རྩལ་ཞིབ་འཇུག་གི་ལས་དོན་གྱི་དབུ་འཁྲིད་གནང་ཡོད་ཅིང་། ཚན་རྩལ་རིག་གནས་ཀྱི་གྲུབ་དོན་འཚོལ་ཞིབ་སླད་ཁོང་གིས་ལས་དོན་མཚམས་འཇོག་བྱས་མ་མྱོང་། ཁོང་ནི་ཚན་རྩལ་རིག་གནས་ཀྱི་ཉམས་ཞིབ་པ་ཚད་ལྡན་ཞིག་ཡིན་པ་མ་ཟད། རླབས་ཆེན་གྱི་དགེ་རྒན་ཚད་ལྡན་ཞིག་ཀྱང་ཡིན་ལ།  ཁོང་གི་ཚན་རྩལ་གྱི་གྲུབ་དོན་ལས་མི་གྲངས་ཐེར་འབུམ་ལྷག་གི་འཚོ་གནས་ལ་རོགས་འདེགས་ཆེན་པོ་བྱས་ཡོད་སྐོར་སོགས་བརྗོད་འདུག

སྐུ་ཞབས་ཇོན་ལགས་ནི་ཕྱི་ལོ་ ༡༩༢༢ ཟླ་ ༧ ཚེས་ ༢༥ ཉིན་འཇར་མན་གྱི་ཇི་ན་གྲོང་ཁྱེར་དུ་ཨ་མི་རི་ཁའི་ཁྱིམ་ཚང་ཞིག་གི་བུར་སྐྱེས། སྐབས་དེར་ཁོང་གི་པཱ་ལགས་ཀྱིས་ཧ་ཝར་ཌིར (Harvard Divinity School) འབུམ་རམས་པའི་སློབ་གཉེར་བྱེད་མུས་ཡིན་ཞིང་། ཕྱིས་སུ་ཡ་ལི་གཙུག་ལག་སློབ་གཉེར་ཁང་(Yale University) གི་སློབ་དཔོན་ཆེན་མོར་གྱུར། སྐུ་ཞབས་ཇོན་ལགས་ཀྱིས་གཞི་རིམ་དང་འབྲིང་རིམ་གྱི་སློབ་གཉེར་ཡོངས་སུ་བྱས་རྗེས་ཡ་ལི་གཙུག་ལག་སློབ་གཉེར་ཁང་དུ་འགྲིམས། འཛམ་གླིང་གི་དམག་ཆེན་གཉིས་པའི་སྐབས་སུ་ཁོང་ཨ་རིའི་དམག་ཁོངས་སུ་ཞུགས་ནས་གནམ་གཤིས་རིག་པ་བའི་ལས་གནས་གཉེར། དམག་ཆེན་གཉིས་པ་མཇུག་སྒྲིལ་རྗེས་ཆི་ག་གྷོ་གཙུག་ལག་སློབ་གཉེར་ཁང་(The University of Chicago) དུ་སློབ་ཞུགས་བྱས་ཏེ་དངོས་ཁམས་རིག་པའི་འབུམ་རམས་པའི་ལག་ཁྱེར་བླངས།

ཕྱི་ལོ་ ༡༩༧༠ དོན་གྲངས་ནས་ ༡༩༨༠ ལྷག་བར་ཨོ་སི་ཧྥོ་ཌི་གཙུག་ལག་སློབ་གཉེར་ཁང་(University of Oxford) དུ་ལས་གནས་གཉེར། ཕྱི་ལོ་ ༡༩༨༦ ལོ་ནས་ཊེག་སི་སུ་གཙུག་ལག་སློབ་གཉེར་ཁང་དུ་དགེ་རྒན་ཆེན་མོའི་ལས་གནས་གཉེར་མགོ་བཙུགས་ཤིང་། སློབ་ཁྲིད་ཀྱི་ཞོར་དུ་ཚན་རྩལ་ཞིབ་འཇུག་དང་འཚོལ་ཞིབ་སྣ་ཚོགས་གནང་མཐར། ཁོང་གིས་ཚན་རིག་གི་གྲུབ་དོན་མང་པོ་ཞིག་རྙེད་དེ། རྫས་འགྱུར་དང་དངོས་ཁམས་ཀྱི་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་མང་པོ་ཞིག་བླངས་པའི་ཁྲོད། ཕྱི་ལོ་ ༢༠༡༣ ལོར་ཨ་རིའི་སྲིད་འཛིན་ཨོ་བྷ་མས་སྐུ་ཞབས་ཁོང་ལ་རྒྱལ་ཡོངས་གཟེངས་ཐོན་ཚན་རིག་པའི་བྱ་དགའ་གནང་ཡོད་པ་མ་ཟད། ཕྱི་ལོ་ ༢༠༡༩ སྟེ་ཁོང་ཉིད་དགུང་ལོ ༩༧ སྟེང་ནོར་བྷེལ་རྫས་འགྱུར་གྱི་བྱ་དགའ་ཐོབ།

ཁོང་གིས་ད་བར་ཊེག་སི་སུ་གཙུག་ལག་སློབ་གཉེར་ཁང་དུ་འཕྲུལ་ལས་དང་། དངོས་ཁམས་ཚན་རིག གློག་རྡུལ་སོགས་ཀྱི་སྐོར་ལ་སློབ་ཁྲིད་གནང་ཡོད་ཅིང་། ཁོང་གིས་གསར་གཏོད་བྱས་པའི་ལི་ཐི་ཡིམ་གློག་རྫས་(lithium-ion battery) ནི་དེང་སང་གི་གློག་ཆས་ཕལ་ཆེ་བའི་ནང་བཀོལ་སྤྱོད་བྱེད་ཀྱི་ཡོད་པ་མ་ཟད།  དེ་ནི་ལི་ཐི་ཡིམ་གྱིས་བཟོས་པའི་གསོག་འཇོག་བྱ་རྒྱུ་ཡོད་པའི་གློག་རྫས་ཀྱི་རིགས་ཤིག་ཡིན་འདུག་ལ། དེས་ཁ་པར་སོགས་ཀྱི་འཆར་ངོས་ཤར་ཐུབ་པར་བྱེད་ཀྱི་ཡོད་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese