མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལྟ་གྲུབ་སྐོར་ལ་བསམ་བློ་བཏང་ནས་ནང་ཆོས་སློབ་སྦྱོང་བྱེད་པར་བོད་པ་ཡག་ཤོས་རེད་ཅེས་གསུངས་སོང་།

བོད་ཀྱི་དུས་བབ།
༢༠༢༣/༠༧/༠༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ང་ཚོ་ཆོས་པ་ཡིན་ཟེར་ནས་བསམ་བློ་གུ་དོག་པོ་མིན་པར་ཤེས་བྱའི་རྣམ་གཞག་ལ་བརྟག་དཔྱད་བྱས་ཏེ་ཕྱི་དངོས་པོའི་རིམ་པ་གཏན་ལ་ཕབ་པ་དང་། སེམས་འདུལ་བའི་རིམ་པ་འགྲོ་བར་གལ་ཆེན་ཡིན་སྐོར་བཀའ་སློབ་བསྩལ་སོང་།

༧གོང་ས་མཆོག་གིས་ཕྱི་རྒྱལ་གྱི་བོད་པའི་གཞོན་སྐྱེས་རྣམས་བཀའ་སློབ་བསྩལ། དགའ་ལྡན་ཕོ་བྲང་གི་བརྙན་ལས་བླངས། ༢༠༢༣།༠༧།༠༤

དེ་རིང་ཕྱི་ཚེས་ ༤ ཉིན་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཅིག་གི་བོད་རིགས་གཞོན་སྐྱེས་རྣམས་ལ་མཇལ་ཁ་སྩལ་སྐབས། ངོས་ཀྱི་ཉམས་མྱོང་གི་ཐོག་ནས་བྱང་ཆུབ་ཀྱི་སེམས་ཀྱིས་གཞན་ཕན་གྱི་བློ་བསམ་གཏོང་ཡོང་དུས། ངོས་ཀྱི་སེམས་ལ་རང་བཞིན་གྱི་ཞི་བདེ་ཞིག་ཡོང་བར་ཕན་ཐོགས་ཞེ་བོ་འདུག བྱས་ཙང་ང་ཚོ་ཚང་མས་སེམས་པོ་བཟང་པོ་བྱེད་དགོས་རེད། འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་ཞིང་ནས་སྐྱེས་པའི་མི་རེད། ལོ་ངོ་སྟོང་ཕྲག་རིང་དུ་བོད་པར་སེམས་པ་བཟང་པོ་བྱེད་དགོས་པའི་མིག་དཔེ་ཡོད་པ་རེད། མ་འོངས་བ་ཡང་སེམས་པ་བཟང་པོ་བྱེད་དགོས་པའི་གོམས་གཤིས་མུ་མཐུད་བསྡད་དགོས་པའི་འབད་བརྩོན་བྱ་དགོས། འཛམ་བུ་གླིང་གི་ཞི་བདེ་ཟེར་བ་དེ་མེ་མདའ་འཁྱེར་ནས་ཡོང་ཐབས་ཡོད་པ་མ་རེད། སེམས་པ་བཟང་པོས་ཞི་བདེ་ཡོང་གི་རེད། དེ་བོད་པའི་ཐུན་མོང་མ་ཡིན་པ་རེད། སེམས་པ་བཟང་པོ་བྱེད་པར་སོ་སོའི་ཉམས་ལེན་དང་། སོ་སོའི་སྤུན་ཟླ་དང་བུ་ཕྲུག་ཚོའང་སེམས་པ་བཟང་པོ་བྱ་དགོས་པའི་འགྲེལ་བཤད་ཡག་པོ་བྱས། ཞེས་གསུངས།

ཡང་༧མགོན་པོ་གང་ཉིད་ཀྱིས། སློབ་གྲྭའི་ཆོས་ཀྱི་དགེ་རྒན་ལ་ཆོས་དགེ་མ་བཏགས་པར། ལྟ་གྲུབ་དགེ་རྒན་བཏགས་དགོས་ཀྱི་འདུག བོད་ཀྱི་སངས་རྒྱས་པའི་ཆོས་དེ་ལྟ་གྲུབ་ཀྱི་ཐོགས་ནས་འགྲེལ་བཤད་རྒྱག་རྒྱུ་ཞེ་དྲགས་ཡོད་པ་རེད། ང་ཚོའི་ཆོས་ནི་དཔལ་ནལེནྡྲ་ནས་བརྒྱུད་ཡོང་བ་ཞིག་རེད། ནལེནྡྲའི་མཁས་པའི་དབང་བོ་ཚོས་ཐོས་བསམ་སྒོམ་གསུམ་ཟུང་འབྲེལ་བྱས་ཡོད་པ་དང་། རིག་པ་བེད་སྤྱོད་ཀྱིས་ཕྱི་དངོས་བོའི་གནས་ཚུལ་དང་། ནང་སེམས་ཀྱི་རྣམ་གཞག་དེ་དག་དཔྱད་པ་བཏང་ཡོད་པ་མ་གཏོགས། བླ་མས་གསུང་ཆོས་གནང་ནས་བསྡད་ཡོད་པ་འདྲ་ཞིག་ཆགས་ཀྱི་ཡོད་པ་མ་རེད། ཆོས་དགེ་མ་བཏགས་པར་ལྟ་གྲུབ་དགེ་རྒན་དགོས་དོན་ཡང་ཆོས་པ་དང་ནང་པ་ཡིན་དགོས་པ་ཡོད་པ་མ་རེད། གང་ལྟར་མིའི་བསམ་བློ་རྒྱ་ཆེན་པོ་འཁོར་བར་ཕན་ཐོགས་ཞེ་དྲགས་ཡོད་བསྡད་པ་ཞིག་རེད། སྔོན་མའི་ཆོས་དགེ་མིང་འགྱུར་བ་བཏང་ནས་ལྟ་གྲུབ་དགེ་རྒན་ཞེས་མིང་བཏགས་པའི་རྒྱུ་མཚན་དེ་འདྲ་ཡིན། ནང་པའི་ཆོས་ཀྱི་འགྲོ་སྟངས་དེ་ལྟ་གྲུབ་ཀྱི་ཐོག་ནས་བསམ་བློ་རྒྱ་ཆེན་པོ་བཏང་ཡོོད།

དེང་སང་ཚན་རིག་པའི་ནང་ནས་དོ་སྣང་བྱས་ཡོང་གི་འདུག ང་ཚོས་ཆོས་ཀྱི་འགྲོ་སྟངས་བྱས་ནས་འདོན་པ་བཏོན་པ་དང་། གཟུངས་སྔགས་བགྲངས་བསྡད་ན་ཚན་རིག་པས་དོ་སྣང་བྱེད་ཀྱི་མ་རེད། ལྟ་གྲུབ་ཀྱི་སྐོར་ནས་བཤད་དུས་ཚན་རིག་པའི་ནང་ནས་དགའ་བོ་བྱེད་མཁན་ཞེ་དྲགས་འདུག ཁྱེད་ཚོས་ཀྱང་སྨོན་ལམ་བརྒྱབ་བསྡད་པ་གཅིག་པོ་མ་ཡིན་པར། དཔལ་ནལེནྡྲའི་མཁས་པའི་དབང་བོ་ཚོས་མཛད་པའི་གཞི་ལམ་འབྲས་གསུམ་གྱི་རྣམ་གཞག་ཐོག་ནས་ལྟ་གྲུབ་ཡག་པོ་ཞིག་ཤེས་དགོས། ཡིད་ཆེས་བྱེད་མིན་སོ་སོའི་རང་དབང་རེད། གང་ལྟར་ལྟ་གྲུབ་གཏིང་ཟབ་པོ་ཞིག་ཡོད་པ་དེར་དོ་སྣང་བྱས་ནས་ཤེས་པ་བྱས་པ་ཡིན་ན། བློ་གྲོས་རྒྱ་བསྐྱེད་པར་ཕན་ཐོགས་ཞེ་དྲགས་ཡོད་པ་རེད། ཕྱི་དངོས་པོའི་གནས་ཚུལ་དང་། ལམ་བགྲོད་པའི་རིམ་པ། འབྲས་བུ་མངོན་ཏུ་བྱས་ཚུལ་ཟེར་བ་དེ་བསམ་བློ་རྒྱ་ཆེན་པོ་བཏང་ནས་ཤེས་པ་ཡིན་ན་ཕན་ཐོགས་ཡོད་པ་རེད། ངོས་ཀྱིས་ཆོས་རྒྱལ་སྲོང་བཙན་སྒམ་པོ་གྲུང་པོ་མཐོང་གི་འདུག   རྒྱ་བཟའ་མཉམ་དུ་ཆང་ས་བསྐྱོན་པ་མ་ཟད། རྒྱ་མིའི་ཁ་ལག་བཞེས་ཡོད་པ་རེད་དེ། ང་ཚོ་བོད་པ་བསམ་བློ་བཏང་ནས་རྒྱ་སྐད་དང་རྒྱ་ཡིག་ལ་དོ་སྣང་མ་གནང་བ་རེད། བོད་པ་རང་ལ་ཡི་གེ་ཞིག་དགོས་ཀྱི་འདུག་དགོངས་ནས་བོད་ཡིག་བཟོས་པ་རེད། དེ་བ་ན་གྷར་ལ་དཔེ་བལྟས་ནས་བོད་ཡིག་བཟོས་པ་རེད། དེ་ནས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ཕེབས་ཡོང་དུས་ཙ་ན། བོད་ཀྱི་ནང་ཆོས་འདོན་པ་བཏོན་པ་ཙམ་མ་ཡིན་པར། དཔལ་ནལེནྡྲའི་མཁས་པ་ཚོའི་གཞུང་ཆེན་མོ་ལས། ལྟ་སྒོམ་དཔྱོད་གསུམ་གྱི་རྣམ་གཞག་གཏིང་ཟབ་མོ་གཏོང་རྒྱུ་ཡོད་པ་དེར། མཁན་ཆེན་ཞི་བ་འཚོ་བོད་དུ་གདན་ཞུ་གནང་སྟེ། ལྟ་སྒོམ་དཔྱོད་གསུམ་ལ་རིག་པའི་ལམ་ནས་དཔྱད་པ་གཏོང་བར་དཔེ་ཆ་བསླབ་པར་གལ་ཆེན་པོ་ཡིན་པར་ལམ་སྟོན་གནང་བ་རེད། སྔོན་གྱི་ཆོས་རྒྱལ་ཚོའི་ཐུགས་རེ་གནང་བ་བཞིན། ལྟ་གྲུབ་སྐོར་ལ་བསམ་བློ་བཏང་ནས་ནང་ཆོས་སློབ་སྦྱོང་བྱེད་པར་བོད་པ་ཡག་ཤོས་རེད། ངོས་ཀྱིས་ཐེ་ལན་ཌི་དང་ཝི་ཏི་ནམ་གྱི་ནང་པ་མང་པོ་ཐུག་གི་ཡོད། དེ་འདྲའི་ལྟ་གྲུབ་སྐོར་ལ་བཤད་རྒྱུ་མི་འདུག བོད་པ་ཚོས་ལྟ་གྲུབ་སྐོར་ལ་སློབ་སྦྱོང་བྱས་པ་ཡིན་དུས།  བསམ་བློ་གྲུང་བོ་དང་རྒྱ་ཆེ་བ་འདུག བོད་ཀྱི་ནང་ཆོས་གཙོ་བོ་ལྟ་གྲུབ་ཀྱི་ཐོག་ནས་ཡག་པོ་ཤེས་དགོས་པ་དང་། དེ་ནས་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱེད་ཐུབ་ཀྱི་ཡོད་པ་རེད། ང་ཚོ་ཆོས་པ་ཡིན་ཟེར་ནས་བསམ་བློ་གུ་དོག་པོ་མིན་པར་ཤེས་བྱའི་རྣམ་གཞག་ལ་བརྟག་དཔྱད་བྱས་ནས་བཤད་ཐུབ་རྒྱུ་གལ་ཆེན་པོ་རེད། དེ་དག་གིས་ཕྱི་དངོས་པོའི་རིམ་པ་གཏན་ལ་ཕབ་པ་དང་། སེམས་འདུལ་བའི་རིམ་པར་འགྲོ་དུས་ཞེ་བོ་ཡག་པོ་རེད་འདུག་ཅེས་བཀའ་སློབ་བསྩལ་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

The abbot of Namgyal Monastery Thomthog Rinpoche offering long life pills to His Holiness the Dalai Lama during the Long Life Prayer Offering at His Holiness’s residence in Dharamsala, HP, India on February 14, 2024, Photo by Ven Zamling Norbu
༸གོང་ས་མཆོག གསར་འགྱུར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

༢༠༢༤/༠༢/༡༥
His Holiness the Dalai Lama with Prince Mangosuthu Buthelezi during a visit to South Africa.
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལྷོ་ཨ་ཧྥི་རི་ཀའི་རྒྱལ་སྲས་ཤིག་སྐུ་གྲོངས་པར་ཐུགས་གསོ་མཛད།

༢༠༢༣/༠༩/༡༡
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་ཝི་ཏི་ནམ་གྱི་དད་ལྡན་མཇལ་བཅར་བ་ཁག་ཅིག་ལ་བཀའ་སློབ་བསྩལ།

༢༠༢༣/༠༩/༠༧
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་ཐའེ་ཝན་གྱི་ཚན་རིག་པ་ཁག་ཅིག་ལ་བཀའ་སློབ་བསྩལ།

༢༠༢༣/༠༩/༠༤
His Holiness the Dalai Lama's brief talk to students from Harvard University at Leh Ladakh 2023/08/21
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་ཧ་ཝར་ཌི་སློབ་ཆེན་གྱི་སློབ་མ་ཁག་ཅིག་ལ་བཀའ་སློབ་བསྩལ།

༢༠༢༣/༠༨/༢༡
༧གོང་ས་མཆོག གསུང་འཕྲིན།

རང་བྱུང་གོད་ཆག་ཁྲོད་རྐྱེན་འདས་སུ་ཕྱིན་པའི་འཛམ་གླིང་མི་མང་ལ་ཐུགས་གསོ་མཛད།

༢༠༢༣/༠༨/༡༡

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese