མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཀུ་ལུ་མ་ན་ལིའི་བོད་མིའི་གཞིས་ཆགས་ནང་ཆུ་ལོག་གནོད་སྐྱོན་བྱུང་།

བོད་ཀྱི་དུས་བབ།
༢༠༢༣/༠༧/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་བྱང་ཤར་ཁུལ་གྱི་མངའ་སྡེ་མང་པོའི་ནང་འདས་པའི་ཉིན་ཤས་རིང་དྲག་ཆར་བབས་པའི་རྐྱེན་གྱིས་ཆུ་ལོག་དང་རི་ཉུལ་བྱུང་སྟེ་མི་མང་སྟོང་ཕྲག་མང་པོའི་འཚོ་གནས་ལ་གནོད་སྐྱོན་ཐེབས་བཞིན་ཡོད་འདུག

Mandi district of Himachal Pradesh (Photo: PTI)

སྤྱི་ཚོགས་དྲ་ལམ་ཁག་ཏུ་ཧི་མ་ཅལ་མངའ་སྡེའི་མ་ན་ལིའི་ཁུལ་དུ་ཆུ་ལོག་གནོད་སྐྱོན་བྱུང་སྟེ་ས་གནས་བོད་མིའི་གཞིས་ཆགས་ནང་ལའང་དཀའ་ངལ་འཕྲད་པའི་བརྙན་ཐུང་ཁག་ཅིག་ཁྱབ་བཞིན་ཡོད་པ་ལྟར། དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་མ་ན་ལིའི་ས་གནས་མགོ་འཛིན་ཚུལ་ཁྲིམས་རྡོ་རྗེ་ལགས་སུ་ས་གནས་ཀྱི་གནས་སྟངས་གང་འདྲ་ཡོད་སྐོར་དྲིས་པར། ཁོང་གིས། ཀུ་ལུ་མ་ན་ལིའི་ཁུལ་དུ་ཆར་པ་ཤུགས་ཆེན་བབས་པར་བརྟེན། ཆུ་རགས་གཏོར་ནས་གཞིས་ཆགས་ཀྱི་གཞུང་ལམ་ལའང་གནོད་སྐྱོན་ཐེབས་ཡོད་པ་མ་ཟད། གཞིས་ཆགས་ཀྱི་ཁང་པ་ཁག་ཅིག་ནང་ཆུས་ཁེངས་པར་བརྟེན། ས་གནས་མགོ་འཛིན་དང་བརྒྱ་དཔོན་སོགས་ཀྱིས་སྣེ་འཁྲིད་དེ་གནས་སྤོས་བྱས་དང་བྱེད་མུས་ཡིན་ལ། ལོ་ན་རྒན་པ་རྣམས་ལ་མགྲོན་ཁང་གྲ་སྒྲིག་བྱས་ཏེ་གནས་སྤོས་བྱས་ཟིན་ཡོད་འདུག་ལ། ད་བར་མི་ལ་སྲོག་སྐྱོན་བྱུང་མེད་སྐོར་དང་། ཆུ་ལོག་གནོད་སྐྱོན་བྱུང་རྗེས་ཉིན་གྲངས་ ༢ རིང་གློག་ཆད་པ་དང་། དྲ་ལམ་མེད་པར་བརྟེན་བོད་མིའི་སྒྲིག་འཛུགས་ལའང་འབྲེལ་ཞུ་ཐུབ་མེད་སྐོར་བརྗོད་བྱུང་།

དེང་སང་རྒྱ་གར་གྱི་བྱང་ཕྱོགས་ཁུལ་དུ་ཆར་པ་ཤུགས་ཆེན་འབབ་བཞིན་ཡོད་པའི་རྐྱེན་གྱིས། རྒྱ་གར་རྒྱལ་ས་ལྡི་ལི་དང་ཧི་མ་ཅལ་མངའ་སྡེའི་ནང་ཉིན་གྲངས་གསུམ་ནང་ཆུ་ལོག་དང་ས་རུད་བྱུང་སྟེ། ཉུང་མཐར་མི་གྲངས་ ༡༥ ཙམ་རྐྱེན་འདས་སུ་ཕྱིན་འདུག་ལ། ས་གནས་ཀྱི་སློབ་ཆུང་དང་མཐོ་སློབ་ཁག་ཉིན་གྲངས་ ༢ རིང་སྒོ་བརྒྱབ་ཡོད་འདུག  དེ་བཞིན་རྒྱ་གར་གྱི་ཨུ་ཏ་ར་ཁན་ཌི་ཁུལ་དུའང་ཆར་ཆུས་གནོད་སྐྱོན་ཐེབས་བཞིན་ཡོད་པར་བརྟེན་ཡུལ་སྐོར་སྤྲོ་འཆམ་གྱི་ས་ཁུལ་མང་དག་ཅིག་སྒོ་བརྒྱབ་ཡོད་འདུག

ཧི་མ་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་སུག་ཝིན་ཌར་སིང་ (Sukhvinder Singh Sukhu) མཆོག་གིས། མི་མང་གིས་མཉམ་རུབ་ཐོག་དཀའ་ངལ་དེ་ལ་གདོང་ལེན་བྱ་རྒྱུ་དང་། མི་རྣམས་རང་ཁྱིམ་དུ་སྡོད་དགོས་པའི་སྐུལ་མ་གནང་འདུག་ལ། གལ་ཏེ་ཛ་དྲག་གི་རོགས་རམ་དགོས་ཚེ་ཁ་པར་ཨང་གྲངས་ ༡༡༠༠ དང་ ༡༠༧༠། ༡༠༧༧ ལ་འབྲེལ་བ་གནང་དགོས་སྐོར་གསུངས་འདུག པན་ཇབ་སྤྱི་ཁྱབ་བློན་ཆེན་བྷག་ཝན་ཊི་ (Bhagwant Mann)མཆོག་གིས། རྒྱ་གར་གཞུང་པན་ཇབ་ཀྱི་མི་མང་དང་མཉམ་དུ་ཡོད་པས་ཞེད་སྣང་མི་དགོས་ལ། གནོད་ཐེབས་མི་མང་ལ་རོགས་སྐྱོར་གང་ཐུབ་གནང་གི་ཡོད་སྐོར་བརྗོད་འདུག་ལ། པན་ཇབ་ནང་ཆུ་ལོག་གནོད་སྐྱོན་མུ་མཐུད་ཡོང་བཞིན་ཡོད་པའི་རྐྱེན་གྱིས་ཟླ་འདིའི་ཕྱི་ཚེས་ ༡༣ བར་སློབ་གྲྭ་ཡོངས་རྫོགས་སྒོ་བརྒྱབ་ཡོད་འདུག རྒྱ་གར་བྱང་ཤར་ཁུལ་གྱི་ཨ་སམ་དང་ན་ག་ལེན་ཌི་ནང་ཆར་པ་ཤུགས་ཆེན་འབབ་བཞིན་ཡོད་པར་བརྟེན། ཆུ་ལོག་རྐྱེན་གྱིས་ཨ་སམ་ཁུལ་གྱི་ཡུལ་མི་སྟོང་ཕྲག་ལྷག་གནས་སྤོ་དགོས་ཁེལ་ཡོད་འདུག

རྒྱ་གར་གྱི་གནམ་གཤིས་བརྟག་དཔྱད་ཁང་གིས། རྒྱ་གར་གྱི་བྱང་ཕྱོགས་ཁུལ་དུ་མུ་མཐུད་ཆར་པ་ཤུགས་ཆེན་བབ་ཉེན་ཡོད་པའི་ཉེན་བརྡ་བཏང་འདུག

འབྲེལ་ཡོད་གསར་འགྱུར།

Wang Weidong, Deputy Director of Zhangye Cultural Relics Research and Management Institute. 张掖市文物研究管理所副所长王卫东 © 李隽辉 / Greenpeace / 华风创新
Mobile App

ཏུན་ཧོང་བྲག་ཕུག་གི་གནའ་རྫས་རྣམས་ལ་འཇིག་ཉེན་ཆེན་པོ་ཡོང་གི་ཡོད་འདུག

༢༠༢༣/༠༧/༢༤
ལྡི་ལི་བསམ་ཡས་གླིང་དུ་ཆུས་ཁེངས་པ།
Mobile App

ཆུ་ལོག་གི་རྐྱེན་གྱིས་ལྡི་ལིའི་བོད་མི་ཁག་ཅིག་གནས་སྤོ་དགོས་བྱུང་།

༢༠༢༣/༠༧/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese