མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གླེ་ཇོ་ཁང་དུ་ཐུགས་སྨོན་རྒྱ་ཆེན་མཛད།

བོད་ཀྱི་དུས་བབ།
༢༠༢༣/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ལ་དྭགས་རྒྱལ་ས་གླེ་རུ་ནང་པ་དང་ཁ་ཆེ་སོགས་ཀྱི་སེར་སྐྱ་མི་མང་ལ་ཆོས་ལུགས་ཚང་མས་དམ་ཚིག་གཙང་མའི་ཐོག་ནས་གཅིག་གིས་གཅིག་ལ་གུས་ཞབས་དང་མཐུན་སྒྲིལ་བྱ་རྒྱུ་གལ་ཆེན་པོ་ཞེ་དྲགས་ཡིན་སྐོར་བླང་དོར་བཀའ་སློབ་བསྩལ།

༧གོང་ས་མཆོག་གླེ་ཇོ་བོའི་གཙུག་ལག་ཁང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་བ། དུས་བབ་ཀྱི་པར། ༢༠༢༣།༠༧།༡༤

དེ་རིང་ཞོགས་པར་༧གོང་ས་རྒྱལ་བ་རིན་པོ་མཆོག་ལ་དྭགས་ཞི་བའི་ཚལ་ཕོ་བྲང་ནས་ལ་དྭགས་ཀྱི་རྒྱལ་ས་གླེའི་ཇོ་ཁང་དུ་ཆིབས་བསྒྱུར་གྱིས་ཇོ་བོ་ཐུགས་རྗེ་ཅན་གྱི་སྐུ་མདུན་དུ་ཐུགས་སྨོན་མཛད་རྗེས། དད་ལྡན་སེར་སྐྱ་མི་མང་ལ་བཀའ་སློབ་བསྩལ་བ་མ་ཟད། ལྷ་ས་ཁ་ཆེ་བ་རྣམས་ལ་དམིགས་བསལ་མཇལ་ཁ་བསྩལ་གནང་སོང་། སྐབས་དེར་མགོན་པོ་གང་ཉིད་ཀྱིས་ཆོས་ལུགས་ཚང་མའི་ཕན་ཚུན་གཅེན་གཅུང་གི་འདུ་ཤེས་བཟུང་ནས་ཆོས་ལུགས་མཐུན་འབྲེལ་གནང་སྟེ་འཛམ་གླིང་ཞི་བདེ་བསྐྲུན་ཐབས་གནང་རྒྱུ་གལ་ཆེན་ཡིན་སྐོར་སོགས་བཀའ་སློབ་བསྩལ་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ངོས་རང་གིས་ནམ་མཁའ་མ་ཟད་ཀྱི་བར་དུ་གཞན་དོན་བསྒྲུབ་བསམ་པའི་སྨོན་ལམ་རྒྱག་གི་ཡོད། བཅོམ་ལྡན་འདས་ཁྱེད་ལ་ཆ་བཞག་ནའང་གྲངས་མེད་གསུམ་གྱི་ཚོགས་བསག་རྒྱུའི་རྩ་བའི་ཀུན་སློང་སྟེ། གཞན་དོན་གྱི་བསམ་པ་དེས་ཀུན་ནས་བསླངས་ཏེ། གྲངས་མེད་གསུམ་གྱི་ཚོགས་བསགས་ནས་མཐར་མངོན་པར་རྫོགས་པར་སངས་རྒྱས་པ་རེད། ང་རང་ཚོ་ཚང་མའི་རྒྱུད་ལ་ཁམས་བདེ་གཤེགས་སྙིང་པོ་ཡོད་རེད། སེམས་རང་བཞིན་གྱིས་འོད་གསལ་བ་ཟེར་བ་དེ་ང་རང་ཚོ་ཚང་མའི་རྒྱུད་ལ་ཡོད་ཡོད་པ་རེད། གསར་དུ་བསྒྲུབ་དགོས་པ་ཞིག་མ་རེད། སེམས་རང་བཞིན་གྱིས་འོད་གསལ་བའི་བློ་ཞིག་ཡོད་པ་འདི། སྟོན་པ་བཅོམ་ལྡན་འདས་ཀྱི་གསུང་ལ་བརྟེན་ནས་གློ་བུར་བའི་དྲི་མ་དེ་དག་གསལ་ནས། མཐར་གཉུག་མ་ལྷན་ཅིག་སྐྱེད་པའི་འོད་ཟེར་སྟོན་པ་བཅོམ་ལྡན་འདས་ཀྱི་ཡེ་ཤེས་ཆོས་ཀྱི་སྐུ་དེ་མངོན་བར་བྱས་པའི་རྒྱུ་ཆ་དེ་ང་ཚོ་ལ་ཡོད་ཡོད་པ་རེད། ང་ཚོས་བཅོམ་ལྡན་འདས་ལ་སྐྱབས་སུ་མཆི་ཟེར་དུས་སྟོན་པའི་སྐྱབས་འདི་འདྲ་ཞིག་ལ་བཞག་ནས། ང་ཚོ་འདི་ནས་གྲོལ་བ་ཟེར་བའི་སྐད་ཆ་ཞིག་མ་རེད། རང་རྒྱུད་ལ་སེམས་རང་བཞིན་གྱིས་འོད་གསལ་བའི་རང་བཞིན་རྣམ་དག་ཅིག་ང་ཚོའི་རྒྱུད་ལ་ཡོད་ཡོད་པ་རེད།  རང་བཞིན་རྣམ་དག་ཡོད་ཡོད་པ་དེ་གློ་བུར་བའི་དྲི་མས་སྒྲིབ་པ་འདི། བསླབ་པ་གསུམ་གྱི་ཉམས་ལེན་གྱི་བསམ་བློ་ག་ལེར་གཏོང་ཡོང་དུས། གློ་བུར་བའི་དྲི་མ་དེ་དག་སྲབ་ཏུ་སྲབ་ཏུ་ཕྱིན་ནས་མཐར་དྲི་མ་མཐའ་དག་སྤང་ཡོང་དུས། བཅོམ་ལྡན་འདས་ཁྱེད་ཀྱི་ཐུགས་ཡེ་ཤེས་ཆོས་སྐུ་དེ་ནང་བཞིན་ཞིག་ང་རང་ཚོས་མངོན་དུ་བྱེད་ཐུབ་པ་ཞིག་ཡིན་པ་རེད། སྟོན་པ་བཅོམ་ལྡན་འདས་ལ་སྐྱབས་སུ་འགྲོ་སྟངས་ངོ་མ་དེ་རང་གི་མངོན་དུ་བྱ་རྒྱུའི་འབྲས་སྐྱབས་ལ་སྐྱབས་སུ་འགྲོ་རྒྱུ་དེ་གལ་ཆེ་ཤོས་རེད་འདུག  ཅེས་གསུངས་སོང་།

༧གོང་ས་མཆོག་གླེ་ཇོ་བོའི་གཙུག་ལག་ཁང་དུ་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་བ། དུས་བབ་ཀྱི་པར། ༢༠༢༣།༠༧།༡༤

ཡང་༧མགོན་པོ་གང་ཉིད་ཀྱིས། ང་རང་ཚོ་ཚང་མས་ཤེས་གསལ་རེད། འཛམ་བུ་གླིང་འདིའི་སྒང་ལ་ཆོས་ལུགས་འདྲ་མི་འདྲ་མང་པོ་ཡོད་རེད། ངོས་རང་གིས་ངོས་ཤེས་པ་དེ་སྔ་བོད་ནས་ངོས་རང་གི་གྲོགས་པོ་ཁ་ཆེ་མང་པོ་ཡོད། ལྷ་སར་ཡོད་པའི་ཁ་ཆེ་ཚོ་བོད་གཞུང་གིས་ངོས་འཛིན་ཡོད་པ་བྱས་ནས་བོད་གཞུང་གི་མཛད་སྒོ་ཁག་ལ་ལྷ་ས་ཁ་ཆེ་ཡི་ཚོགས་པ་ཞིག་རྟག་པར་ཐུག་བསྡད་ཀྱི་ཡོད་རེད། ང་ཚོ་བོད་ལ་སྔ་ས་ནས་ཁ་ཆེ་གྲོགས་པོ་མང་པོ་ཞིག་ཡོད། དུས་རབས་གསར་པའི་ནང་ལ་ཆོས་མེད་མཁན་ནང་བོད་ཀྱི་རིག་གཞུང་ལ་དགའ་མོས་བྱེད་མཁན་མང་པོ་ཞིག་ཡོང་གི་འདུག དེ་སྔ་སངས་རྒྱས་ཀྱི་ཆོས་དར། བར་སྐབས་ཏོག་ཙམ་ཉམས་ཆག་ཕྱིན་པའི་ལུང་པ་དེ་ཚོའི་གྲས་དང་། དེ་སྔ་སངས་རྒྱས་ཀྱི་ཆོས་མ་དར་སའི་ལུང་པ་ཚོས་ཀྱང་སངས་རྒྱས་ཀྱི་ཆོས་སྙིང་རྗེ་རྩ་བར་འགྱུར་བའི་སེམས་སྐྱེད་བཟང་པོ་བྱ་རྒྱུ་དེར་དགའ་མོས་བྱེད་ཀྱི་འདུག བྱས་ཙང་ཁ་ཆེའི་ཆོས་པ་ཚོ་ཡིན་ན་འདྲ། དེ་བཞིན་མུ་སྟེགས་པའི་ཆོས་པ་སོགས་དངོས་གནས་དྲང་གནས་འཛམ་བུ་གླིང་འདིའི་སྒང་ལ་ཡོད་པའི་སྤུན་ཟླ་མི་རིགས་ཚང་མ་གཅིག་གྱུར་རེད། ང་ཚོ་ཚང་མས་གཅིག་གིས་གཅིག་ལ་ཕན་སེམས་ཀྱི་ཐོག་ནས་རོགས་བྱས། ཞབས་འདེགས་བསྒྲུབས། དེ་འདྲ་ཞིག་གི་ཐོག་ནས་དངོས་གནས་འཛམ་གླིང་ཞི་བདེ་ཡོང་ཐུབ་ཐབས་ཤིག དེ་རིང་ཁ་སང་སེམས་སྐྱོ་བ་ཞིག་ལ་ཆོས་ལུགས་མི་འདྲ་བ་རྒྱུ་མཚན་དུ་བྱས་ནས་ཏོག་ཙམ་འཐེན་འཁྱེར་ཡོང་བའི་ཟོལ་ཞིག་ཡོང་གི་འདུག ང་རང་ཚོ་ཆོས་པ་ཚང་མར་ལྟ་གྲུབ་མི་འདྲ་བ་ཡོད་རེད་དེ། ཆོས་ལུགས་ཚང་མས་སེམས་པ་བཟང་པོ་བྱ་དགོས་རེད། གཞན་ལ་རོགས་བྱ་དགོས་རེད་ཅེས་པ་ཆོས་ལུགས་ཚང་མས་གསུངས་ཀྱི་ཡོད་རེད། དེ་འདྲ་ཡིན་དུས་འཛམ་བུ་གླིང་འདིའི་སྒང་ལ་ཡོད་པའི་ཆོས་ལུགས་རིས་སུ་མ་ཆད་པའི་ཆོས་བྱེད་མཁན་ཚང་མ་དངོས་གནས་དྲང་གནས་ཀྱི་སྤུན་ཟླ་ནང་བཞིན་གྱི་འདུ་ཤེས་བཞག་ནས་མཐུན་སྒྲིལ་གོང་བུ་གཅིག་གྱུར་ཅིག་ཡོང་རྒྱུར་ངོས་རང་གིས་འབད་བརྩོན་བྱེད་ཀྱི་ཡོད། ངོས་ལ་གྲོགས་པོ་མང་པོ་ཡོད་རེད། ངོས་རང་ས་གནས་འདྲ་མི་འདྲར་འགྲོ་བའི་སྐབས་ཁ་ཆེ་ལྷ་ཁང་ལ་རྟག་པར་འགྲོ་བསྡད་ཀྱི་ཡོད། ཧིན་དྷུ་ལྷ་ཁང་དང་ཇེན་གྱི་ལྷ་ཁང་ལ་འཆར་ཅན་འགྲོ་བསྡད་ཀྱི་ཡོད། ངོས་རང་སྒེར་གྱི་ངོས་ནས་ནང་པའི་ཆོས་པ་ཞིག་རེད། ཡིན་ན་ཡང་། འཛམ་བུ་གླིང་གི་ཆོས་ལུགས་ཚང་མས་སེམས་པ་བཟང་པོ་དང་མི་ལ་རོགས་བྱ་རྒྱུའི་བསླབ་བྱ་གཅིག་གྱུར་རེད། ནང་པ་སངས་རྒྱས་པའི་ཆོས་ལུགས་ལ་ཆ་བཞག་ན་མདོ་སྡེ་པ། བྱེ་བྲག་སྨྲ་བ། སེམས་ཙམ་པ། དབུ་མ་པ་བྱས་ནས་འདྲ་མི་འདྲ་མང་པོ་ཞིག་ཡོད་པ་རེད་དེ། ཐམས་ཅད་སངས་རྒྱས་པའི་ཆོས་པ་གཅིག་པ་ཆགས་བསྡད་ཡོད་རེད། དེ་བཞིན་འཛམ་གླིང་སྒང་གི་ཆོས་བརྒྱུད་ཚོར་རང་རང་གི་ལྟ་གྲུབ་ཀྱི་ཐོག་ནས་མི་འདྲ་བ་གསུང་རྒྱུ་ཡོད་རེད་དེ། སེམས་པ་བཟང་པོ་བྱ་རྒྱུ་དང་། མི་ལ་གནོད་པ་མི་བྱ་རྒྱུ། གཞན་ཕན་བསྒྲུབ་རྒྱུའི་བསླབ་བྱ་གཅིག་གྱུར་རེད། དེ་འདྲ་ཡིན་དུས་ཆོས་ལུགས་ཚང་མས་དམ་ཚིག་གཙང་མའི་ཐོག་ནས་གཅིག་གིས་གཅིག་ལ་གུས་ཞབས་དང་ཆོས་ལུགས་མཐུན་སྒྲིལ་བྱ་རྒྱུ་གལ་ཆེན་པོ་ཞེ་དྲགས་རེད། ཅེས་གསུངས་སོང།

༧མགོན་པོ་གང་ཉིད་ཀྱིས། ང་ཚོ་སྐྱེས་པའི་ཁ་ཐུག་ནས་ཨ་མས་གསོ་སྐྱོང་བྱས་ནས་ནུ་ཆུ་འཐུང་ནས་འཚར་ལོངས་བྱས་པ་རེད། ང་ཚོའི་མི་ཚེ་མགོ་བཙུགས་པའི་ཁ་ཐུག་ནས་མ་ཡི་བྱམས་བརྩེ་ཡིས་འཚོ་ཐུབ་པར་བྱས་ཡོད་སྟབས། ང་ཚོའི་ལུས་འདི་ཨ་མའི་འོ་མས་འཚོ་བསྡད་པ་ཞིག་དང་ཨ་མའི་བྱམས་བརྩེས་འཚོ་བསྡད་པ་ཞིག་ཡིན་དུས། ལུས་འདིའི་སྟེང་ནས་བྱམས་པ་དང་བརྩེ་བའི་ཐོག་ནས་གཞན་ལ་ཕན་ཐོགས་བྱ་དགོས་པ་མ་གཏོགས། སུ་གཅིག་ལ་གནོད་པ་མི་བྱ་རྒྱུ་དེ་རང་བཞིན་ཆོས་ཉིད་ཀྱི་འགྲོ་སྟངས་ཤིག་ཆགས་འདུག འཛམ་གླིང་འདིའི་སྟེང་དུ་མི་གྲངས་ཐེར་འབུམ་བདུན་བརྒྱད་ཅིག་ཡོད་པ་ཚང་མ་མ་ཡི་མངལ་ནས་བཙས། མ་ཡི་ནུ་ཞོས་བསྐྱངས་བསྡད་པ་གཅིག་པ་རེད། དེ་འདྲ་ཡིན་དུས་འཛམ་གླིང་གི་མི་ཚང་མའི་བརྩེ་བའི་བསམ་པ་འདི་ཀུན་ལ་ཕན་བདེ་བསྒྲུབ་རྒྱུ་ཞིག་མ་གཏོགས། གཞན་ལ་གནོད་པ་བྱ་རྒྱུ་དེ་ང་ཚོར་རང་བཞིན་གྱིས་ལན་པོ་ཡོད་མ་རེད། ང་ཚོ་མི་ཞིག་ལ་ཐུག་དུས་སེམས་ཀྱི་གཏིང་ནས་མཛའ་བོ་བྱས་ནས་གད་མོ་བགད་ན་སྐྱིད་པོ་འདུག་ག རླུང་ལངས་ནས་བསྡད་ན་སྐྱིད་པོ་མི་འདུག་ག བྱས་ཙང་མི་ཚང་མ་མའི་མངལ་ནས་བཙས་ནས་མའི་ནུ་ཞོས་བསྐྱངས་པ་ཡིན་དུས། ང་ཚོས་དངོས་གནས་དྲང་གནས་བརྩེ་བ་ཡག་པོ་ཞིག་ཡོད་པ་བྱས་ནས། ཀུན་ལ་ཕན་བདེ་བསྒྲུབ་རྒྱུའི་ལྷག་བསམ་བརྟན་པོ་དགོས་རྒྱུ་གལ་ཆེན་པོ་རེད་འདུག ཅེས་གསུངས་སོང།

གསར་འགོད་པ་དཔལ་ལྡན་དང་དོན་གྲུབ་བཀྲིས་ཀྱིས་གླེ་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese