མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཆུ་ལོག་གི་རྐྱེན་གྱིས་ལྡི་ལིའི་བོད་མི་ཁག་ཅིག་གནས་སྤོ་དགོས་བྱུང་།

བོད་ཀྱི་དུས་བབ།
༢༠༢༣/༠༧/༡༤
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་རྒྱ་གར་རྒྱལ་ས་ལྡི་ལི་ཁུལ་དུ་ཆར་པ་ཤུགས་ཆེན་བབས་པའི་རྐྱེན་གྱིས་གཙང་པོ་རྒྱས་ཏེ་སྡོད་ཁང་དང་ཚོང་ཁང་། ཞིང་ས་སོགས་སུ་ཆུས་ཁེངས་ཏེ་དཀའ་ངལ་ཆེན་པོ་འཕྲད་བཞིན་ཡོད་འདུག

ལྡི་ལི་བསམ་ཡས་གླིང་དུ་ཆུས་ཁེངས་པ།

འདས་པའི་ཉིན་ཤས་ནས་སྤྱི་ཚོགས་དྲ་ལམ་ཁག་ཏུ་ལྡི་ལི་བསམ་ཡས་གླིང་གི་ཟ་ཁང་ཚོང་ཁང་དང་སྡོད་ཁང་སོགས་སུ་ཆུས་ཁེངས་བའི་བརྙན་ཐུང་མང་པོ་ཁྱབ་བཞིན་འདུག་པས། དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ལྡི་ལི་ས་གནས་མགོ་འཛིན་རྡོ་རྗེ་ཚུལ་ཁྲིམས་ལགས་སུ་གནས་སྟངས་གང་འདྲ་ཆགས་ཡོད་སྐོར་དྲིས་པར་ཁོང་གིས། ས་གནས་མགོ་འཛིན་ལས་ཁུངས་ནས་ཉེན་སྐྱོབ་ཚན་པར་འབྲེལ་བ་བྱས་ཏེ་མ་ཇ་ནུ་ཀ་ཊི་ལའི་ (Majnukatila) ཆུའི་ཉེ་འགྲམ་དུ་དཀའ་ངལ་འཕྲད་བཞིན་པའི་བོད་མི་རྣམས་ལ་རོགས་རམ་བྱས་ཏེ་སྡོད་ཁང་སོགས་གྲ་སྒྲིག་བྱས་ཡོད་པ་དང་། ཁ་སང་ལྡི་ལིའི་བྷུ་དྷ་ཝི་ཧར་ (Budh Vihar) ཁུལ་དུ་ཡོད་པའི་བོད་མི་ ༥༠ ཙམ་ས་གནས་གཞན་དུ་སྤོ་བཅུག་ཡོད་པ་མ་ཟད། དེ་རིང་བར་འཐུང་ཆུ་ལི་ཊར་ ༡༨༠༠ དང་འོ་མ་སོགས་སྤྲད་ཡོད་སྐོར་འགྲེལ་བརྗོད་གནང་བྱུང་།

ཡང་ཁོང་གིས། ཉེ་ལམ་རྒྱ་གར་གྱི་ས་གནས་མང་པོའི་ནང་ཆར་པ་ཤུགས་ཆེན་བབས་ཀྱི་ཡོད་པར་བརྟེན། ལྡི་ལི་ལ་ཡོད་པའི་ (Hathni Kund) ཆུ་མཛོད་ནས་ཆུ་ཤུགས་ཆེན་བཏང་བ་དང་ཡ་མུ་ནའི་ (Yamuna) རྒྱས་པའི་རྐྱེན་གྱིས། ལྡི་ལིའི་ནང་ཆུས་ཁེངས་པ་དང་། ཆུ་འགྲམ་དུ་ཡོད་པའི་ཚོང་ཁང་དང་སྡོད་ཁང་ནང་དུ་ཆུ་བླུགས་འདུག ད་ལྟའི་ཆར་ལྡི་ལིའི་ཡུལ་མི་ཁག་ཅིག་གིས་ཆུ་མར་འདོན་ཐབས་བྱེད་ཀྱི་ཡོད་པ་དང་། སང་ཉིན་བར་དུ་ཆུ་ཉུང་དུ་འགྲོ་རྒྱུའི་རེ་བ་བྱེད་བཞིན་འདུག ད་ལྟའི་ཆར་ཡུལ་མི་ལ་འཐུང་ཆུའི་དཀའ་ངལ་ཤུགས་ཆེན་འཕྲད་བཞིན་ཡོད་པར་བརྟེན། ས་གནས་མགོ་འཛིན་ལས་ཁུངས་ནས་ཁ་སང་འཐུང་ཆུ་ལི་ཊར་ ༦༠༠ (600litre) སྤྲད་ཡོད་པ་དང་། དེ་རིང་ཡང་འཐུང་ཆུ་ལི་ཊར་ ༦༠༠ སྤྲོད་འཆར་ཡོད། ཅེས་བརྗོད་བྱུང་།

ལྡི་ལི་བསམ་ཡས་གླིང་དུ་ཆུས་ཁེངས་པ།

རྒྱ་གར་གཞུང་གིས་རོགས་སྐྱོར་ག་རེ་གནང་གི་ཡོད་མེད་ཐད་ལ་ཁོང་གིས། རྒྱ་གར་གྱི་ཉེན་རྟོག་པ་དང་ཉེན་སྐྱོབ་ཚན་པས་མི་མང་ལ་རོགས་རམ་གནང་མུས་ཡིན་པ་མ་ཟད། མི་སྒེར་སུ་འདྲ་ཞིག་ལ་དཔལ་འབྱོར་གྱི་དཀའ་ངལ་དང་སྡོད་ཁང་མེད་པའི་དཀའ་ངལ་སོགས་བྱུང་ཚེ་མཐུན་འགྱུར་རོགས་རམ་གནང་གི་ཡོད་པ་དང་། ཁ་ལག་སོགས་ཀྱི་རོགས་རམ་ཡང་གནང་བཞིན་འདུག ཅེས་བརྗོད་བྱུང་།

རྒྱ་གར་གྱི་གསར་ལམ་ཁག་ཏུ་གནས་ཚུལ་ཐོན་པ་ལྟར་ན། ད་ལྟ་བར་དུ་ལྡི་ལི་ཁུལ་གྱི་མི་གྲངས་ ༤༠,༠༠༠  ཙམ་གནས་སྤོ་དགོས་བྱུང་ཡོད་འདུག་ལ། དེ་རིང་སྔ་དྲོར་རྒྱ་གར་ནང་སྲིད་ལྷན་ཁང་གིས། ཆུ་ཚོད་ཉེར་བཞིའི་ནང་ལྡི་ལིའི་ཆུའི་ཚད་གཞི་དམའ་རུ་འགྲོ་རྒྱུ་ཡིན་སྐོར་བརྗོད་འདུག་ལ། གཟའ་ཉི་མ་བར་དུ་སློབ་གྲྭ་དང་མཐོ་སློབ་སོགས་གནས་སྐབས་རིང་སྒོ་བརྒྱབ་ཡོད་འདུག

ད་ལན་ལྡི་ལིའི་ནང་བྱུང་བའི་ཆུ་ལོག་གི་དཀའ་ངལ་ནི་འདས་པའི་ལོ་ངོ་ ༤༨ གོང་སྟེ་ཕྱི་ལོ་ ༡༩༧༨ ནས་ད་བར་གྱི་དཀའ་ངལ་ཆེ་ཤོས་ཤིག་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་འདུག་ལ། དེ་ཡང་ཕྱི་ལོ་ ༡༩༧༨ ཟླ་ ༩ ཚེས་ ༦ ཉིན་ལྡི་ལིའི་ནང་ཆུ་ལོག་བྱུང་སྟེ། མི་གྲངས་འབུམ་ ༢།༥ གནས་སྤོས་དང་། མི་གྲངས་ ༢༠ རྐྱེན་འདས་སུ་ཕྱིན་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

རྒྱ་གར་རྒྱལ་ས་ལྡི་ལི་རུ་རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་དྲུག་པ་འཚོགས་བཞིན་པ། ༢༠༢༣།༨།༡༧
Mobile App

རྒྱལ་སྤྱིའི་བོད་རང་བཙན་ཚོགས་ཆེན་ཐེངས་དྲུག་པས་བསྒྲགས་གཏམ་དོན་ཚན་ ༡༣ ཅན་ཞིག་སྤེལ།

༢༠༢༣/༠༨/༡༨
Mandi district of Himachal pradesh (Photo: PTI)
Mobile App

ཀུ་ལུ་མ་ན་ལིའི་བོད་མིའི་གཞིས་ཆགས་ནང་ཆུ་ལོག་གནོད་སྐྱོན་བྱུང་།

༢༠༢༣/༠༧/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese