མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

Aha Moments! དང་བསྟན་འཛིན་ཀུན་གསལ། 

བོད་ཀྱི་དུས་བབ།
༢༠༢༣/༠༧/༡༧
Share on FacebookShare on TwitterShare on EmailShare on Whatsapp

གངས་ལྷ་མེ་ཏོག

ཨ་ཧ་ལེ་ཚན་གྱིས་གཞས་མ་བསྟན་འཛིན་ཀུན་གསལ་ལགས་སུ་བཅར་འདྲི་བྱས་པ།

ཐོག་མར་ག་དུས་འགོ་བཙུགས་མིན་མི་ཤེས་ལ། དོ་སྣང་ཀྱང་བྱས་མེད། འོན་ཀྱང་། དོ་སྣང་བྱུང་བ་ནི་ཉེ་དུས་དྲྭ་ལམ་ལ་ Aha Moments! ཨ་ཧ། ཞེས་པའི་བཅའ་འདྲི་དང་། བགྲོ་གླེང། གླེང་མོལ། ཅི་འཕྲོས་མོལ་འཕྲོས་ཀྱི་ལེ་ཚན་གཅིག་མུ་མཐུད་ནས་འདོན་སྤེལ་བྱེད་བཞིན་པ་མཐོང་ཆོས་སུ་གྱུར་པ་དེ་རེད། ལེ་ཚན་དེ་གཉེར་མཁན་ནི་ཆུང་དུས་བོད་ནས་རྒྱ་གར་ལ་སློབ་སྦྱོང་ཆེད་འབྱོར་བ་དང་། རྒྱ་གར་ལ་ཚེ་འདིའི་ཤ་ཁྲག་འདྲེས་པའི་སྤུན་ཉེ་མེད་ཀྱང་། ༧གོང་ས་མཆོག་གི་ཐུགས་རྗེའི་འོད་ཟེར་འོག་བོད་ཁྱིམ་དང་། བོད་མིའི་སྒྲིག་འཛུགས་ནས་རོགས་སྐྱོར་འོག་གཞི་རིམ་དང་། མཐོ་རིམ་སློབ་གསོ་ཐོབ་པ་མ་ཟད། དེང་སྐབས་རང་མགོ་ཐོན་ངེས་ཀྱི་གནས་སྟངས་ཆགས་པའི་བོད་པའི་ཕོ་གསར་གཅིག་རེད་འདུག

ཐོག་མར་ལེ་ཚན་དེའི་མིང་ལ་དོ་སྣང་བྱུང་། Aha moment ཞེས་པ་ཐོག་མར་ལེ་ཚན་དེའི་མིང་མི་ཤེས་སྔོན་ལ། ཕྲན་བྱང་ཨ་རིའི་མཐོ་སློབ་གཅིག་ལ་སློབ་སྦྱོང་བྱེད་སྐབས་སློབ་ཚན་སྦྱངས་ཟིན་རྗེས་བརྗོད་གཞི་དེ་དང་དེ་སྦྱངས་པ་དང་བསམ་བློ་བཏང་རྗེས་ Aha moment ག་རེ་བྱུང་བ་དང་། སློབ་ཚན་དང་འབྲེལ་བའི་དྲྭ་རྒྱའི་ཐོག་ལ་བགྲོ་གླེང་དང་། མཉམ་སྤྱོད། སྐབས་རེ་ནང་སྦྱོང་ནང་ལ་ཡང་འབྲི་དགོས་ཀྱི་ཡོད། ཐོག་མར་གོ་ཁག་ཙམ་བྱུང་ཡང་། རྗེས་སུ་བྱང་ཨ་རིའི་མཐོ་སློབ་གཞན་གཅིག་གི་དགེ་རྒན་ནང་ཆོས་མཁས་པ་གཅིག་གི་གསུང་བཤད་ལས། Aha moment ཞེས་པ་ནི་ཁྱེད་རང་གིས་སྦྱངས་པའི་སློབ་ཚན་གྱི་ནང་དོན་གཅིག་ཐོས་པ་ཙམ་མིན་པར་། དེའི་ཐོག་ལ་བསམ་བློ་བཏང་པ་དང་། བརྟག་དཔྱད་བྱས་རྗེས་དེ་འདྲ་རེད་འདུག་བསམ་ནས་སེམས་ནང་ལ་ངེས་ཤེས་རྙེད་པའི་གནས་སྐབས་ལ་ཟེར་གྱི་ཡོད་རེད་ཅེས་གསུངས། ཟེར་ལོ་ཐོས་ལོ་ཙམ་མིན་པར་བསམ་བྱུང་གི་ཤེས་བརྟེན་ནས་གནས་དོན་གང་ཡང་རུང་བར་ངེས་ཤེས་རྙེད་པའི་དོན་ལ་ཟེར་གྱི་ཡོད་འདུག ཇི་ལྟར་ཐོས་པའི་དོན་ལ་རིགས་པ་བཞིས་ཡང་ཡང་བརྟག་དཔྱད་དང་བསམ་བྱུང་ཤེས་རབ་ལ་བརྟེན་ནས་བསམ་བྱའི་གནས་ལ་རྣམ་དཔྱོད་ཀྱིས་ཐེ་ཚོམ་སེལ་བའི་སྐབས་སུ་ཨ་ཧ་ཞེས་སེམས་ནང་སྤྲོ་སྣང་ཆེན་པོ་བྱུང་བའི་གནས་སྐབས་དེ་འདྲ་ལ་ཟེར་གྱི་ཡོད་པ་འདྲ།

དེ་རིང་གཟའ་མཇུག་ལ་ལས་ཀ་མེད་ཀྱང་། གཉིད་སྔ་པོ་ནས་སད་པ་དང་། དབྱར་དུས་ནམ་ཡང་སྔ་པོ་ལངས་ཀྱི་ཡོད་སྟབས། དྲྭ་ཐོག་ནས་ཨ་ཧ་ལེ་ཚན་ཐོག Tenzin Kunsel | Artist | Bioinformatics Engineer #53 ཞེས་པའི་བརྙན་ཐུང་ཆུ་ཚོད་ ༡ གཅིག་གི་གོང་ལ་དྲྭ་ཐོག་ལ་བཞག་པ་དེ་མཐོང་བས་བལྟ་ཉན་བྱས་པ་དང་། དེ་དང་མཉམ་དུ་བརྗེད་ཐོའམ་ཡིག་ཉོག་འདི་བྲིས་པ་ཡིན། བོད་ཡིག་འབྲི་བསྐལ་དབེན་པའི་ནུབ་ཕྱོགས་སུ་གུང་སེང་སྐབས་རང་ཁྱིམ་ལ་བོད་ཡིག་མ་བྲིས་ན་འབྲི་ས་དཀོན་པས་བོད་ཡིག་འབྲི་སྦྱོང་ཐེངས་ཤིག་ཡིན། ཀུན་གསལ་ལགས་ལ་དངོས་སུ་ཐུག་འཕྲད་བྱ་མྱོང་མེད་ཀྱང་། དྲྭ་ཐོག་ནས་མང་པོ་མཐོང་མྱོང་། ད་དུང་རང་ཉིད་གཞས་ལ་དོ་དབྱིངས་དེ་ཙམ་མེད་ཀྱང་། བོད་མིའི་འདུ་འཛོམས་སྐབས་སུ་ཀུན་གསལ་ལགས་ཀྱིས་གསར་རྩོམ་དང་། བོད་ནང་གི་གཞས་སྣ་བསྐྱར་ལེན་གནང་བ་མང་པོ་མཐོང་ཐོས་ཡོང་མྱོང་། དམིགས་གསལ་ཀུན་གསལ་ལགས་ཆུང་དུས་༧རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ལ་ (དང་པོ་ནང་ནས་ཡོང་དུས། སྐེ་ལ་ཁ་བཏགས་གྱོན་ཡོད། ་་་ གམ་པ་ལ་མོ་རྒྱབ་དུས། །སུས་ཀྱང་ཡ་བྱེད་མཁན་མི་འདུག ཕར་ལ་མིག་གཅིག་བལྟས་པས། ཚུར་ལ་སྤྱན་གཅིག་གཟིགས་བྱུང་། ༧སྐྱབས་མགོན་ཡིད་བཞིན་ནོར་བུ་མཇལ་དུས། མིག་ཆུ་རང་དབང་མེད་པར་ཤོར་བྱུང་།) ཞེས་པའི་གཞས་དེ་ཐོས་པ་ནས་བཟུང་སེམས་ནང་ལ་དགའ་སྐྱོ་འདྲེས་མའི་ཚོར་སྣང་གཅིག་གིས་བག་ཆགས་གཟབ་མོ་བཞག་པར་བརྟེན་ངས་ཀུན་དགའ་ལགས་ག་དུས་དྲྭ་ལམ་ནས་མཐོང་ནའང་། སྐབས་དེ་དུས་ཀྱི་བུ་མོ་ཆུང་ཆུང་དེ་རང་སྣང་བར་འཆར་གྱི་འདུག བག་ཆགས་ཟེར་པ་དེ་སྟོབས་ཤུགས་ཆེན་པོ་རེད་མི་འདུག་གམ། ངའི་དགེ་རྒན་གཅིག་གིས་བག་ཆགས་ལ་ black box ཞེས་འགྲེལ་བརྗོད་སྙིང་རྗེ་པོ་ཞིག་སྐྱོན་གྱི་རེད། རྒན་ལགས་ཁོང་ཨ་རིའི་ནང་གཞི་རིམ་སློབ་གྲྭའི་ཨིན་ཡིག་རྩོམ་རིགས་དགེ་རྒན་ལོ་མང་གནང་ནས་ད་ལྟ་བགྲེས་ཡོལ་ལ་ཕེབས་ཡོད། རྒན་ལགས་ཀྱིས། ངས་དུས་རབས་མང་པོའི་ཨིན་ཡིག་སྒྱུ་རྩལ་རྩོམ་རིགས་ཀྱི་བསྟན་བཅོས་ཆ་ཚང་སྦྱངས་པ་ཡིན། སྐད་ཡིག་གི་སྒྱུ་རྩལ་དང་སྙན་ཆ་ཧ་ལས་པ་རེད། ཡིན་ནའང་། ནང་པའི་བཀའ་བསྟན་མཇལ་བ་ཁག་དང་བསྡུར་ན་ཆུ་ཆུ་རྐྱང་རེད། ཅེས་ང་ཚོ་ལ་ལན་མང་གསུངས་མྱོང་ཡོད་ལ། ཉེ་ལམ་དྲྭ་ཐོག་ནས་རྒན་ལགས་ཀྱིས་ཟབ་སྦྱོང་གནང་བ་གཅིག་མཇལ་དེའི་ནང་ལ་ཡང་གསུངས་པ་མཇལ། རྒན་ལགས་ཁོང་ནི་དེ་སྔ་ཨ་རིའི་གཞི་རིམ་སློབ་གྲྭའི་ཨིན་རྩོམ་དགེ་རྒན་གནང་བ་ཙམ་དུ་མ་ཟད། ཨིན་ཡིག་དགེ་རྒན་ཡོངས་ཀྱི་རྒྱུས་སྟོན་པ་ཡང་གནང་མྱོང་ཡོད། ད་ལྟ་རྒན་ལགས་བགྲེས་ཡོལ་ལ་ཕེབས་ཡོད་ནའང་། ཆོས་ཚོགས་ཀྱི་གསུང་བསྒྱུར་ཞབས་ཞུ་བསྒྲུབ་བཞིན་པ་གོ་ཐོས་བྱུང་། ད་ལྟ་བསྟན་འཛིན་ཀུན་གསལ་ལགས་དང་། ངའི་རྒན་ལགས་གཉིས་ཨ་རིའི་མངའ་སྡེ་གཅིག་གི་ནང་ལ་བཞུགས་ཡོད། བཅའ་འདྲི་ཞུ་མཁན་གྱིས་ཀུན་གསལ་ལགས་སུ་མི་ཚེའི་ནང་ལ་ད་བར་དུ་འཁྲབ་སྟོན་བྱས་པ་ལས་རང་ཉིད་ལ་ཤུགས་རྐྱེན་ཆེ་ཤོས་ག་རེ་ཡིན་ནམ་དྲིས་པར། ཀུན་གསལ་ལགས་ཀྱིས་ལམ་སེང་ལན་མ་རྒྱབ་པར་བསམ་བློ་ཡུན་རིང་བཏང་པ་དང་། དེ་ནས། ང་ལོ་ ༡༡ ཙམ་ལ་༧རྒྱལ་བ་རིན་པོ་ཆེའི་སྐུ་མདུན་ལ་ (མིག་ཆུ་རང་དབང་མེད་པ་ཤོར་བྱུང་།) ཞེས་པའི་གཞས་ཕུལ་པ་དེ་ཡིན། སྐབས་དེ་དུས་ངའི་སེམས་ནང་ལ་ལྷ་ཞེས་པ་ཡོད་པ་དང་། ལྷ་ཞེས་སེམས་ནང་ལ་འཆར་པ་དང་༧གོང་ས་མཆོག་གི་སྐུ་པར་དྲན་གྱི་ཡོད། གཞས་དེ་ཕུལ་དུས་ལྷ་ཡི་མདུན་ལ་གཞས་ཕུལ་པ་ལྟ་བུའི་ཚོར་བས་མིག་ཆུ་རང་དབང་མེད་པར་ཤོར་ནས་ཚོར་བ་ཤུགས་ཆེ་ཤོས་བྱུང་སོང་། ཅེས་ལན་བཏབ་སོང་། ༧གོང་ས་མཆོག་གི་སྐུ་མདུན་ལ་གཞས་སྣ་གཟིགས་འབུལ་ཞུས་པ་དེ་ཀུན་གསལ་ལགས་ཀྱིས་རྩ་ཆེན་པོར་བརྩིས་ནའང་། བཅའ་འདྲི་བྱེད་མཁན་གྱིས་གལ་ཆེན་པོར་ངོས་འཛིན་བྱེད་ས་ནི་ཀུན་གསལ་ལགས་ཀྱིས་ཀར་ནི་ཀི་ལྡིངས་ཆའི་ཐོག་ལ་གཞས་བཏང་པ་དེ་ཡིན་ས་རེད། རིན་ཐང་བལྟ་ཚུལ་མི་འདྲ་བ་ཟེར་པ་དེ་ཁྱད་མཚར་པོ་མ་རེད་དམ།

བསྟན་འཛིན་ཀུན་གསལ་ལགས་ཀྱིས་མགོ་རིན་ཆེན་རྒྱན་ཆ་མང་པོ་བཏགས་པ་ལྟར། གཞས་མ་དང་། གློག་བརྙན་འཁྲབ་སྟོན་པ། ད་དུང་། Bioinformatics Engineer ལས་རིགས་འདྲ་མིན་གྱི་དབུ་རྒྱན་མང་པོ་བཏགས་འདུག ཀུན་གསལ་ལགས་ཀྱི་ལས་རིགས་ཀྱི་མིང་ཐོས་པ་ལས་རིགས་གང་ཡིན་ནམ་བསམ་པ་དང་། རང་ཉིད་བོད་པའི་སྤྱི་ཚོགས་ནང་ལ་ཤེས་ལྡན་མི་སྣ་མང་པོས་ལས་རིགས་འདེམས་སྟངས་ཐོག་ལ་དེ་སྔ་ནས་བསམ་ཚུལ་གཅིག་ཡོད་པ་དེའི་ཐོག་བསམ་གཞིགས་ཀྱི་ཀློང་དུ་ཚུད་སོང་། ཕྲན་གྱི་ད་ལྟའི་སྡོད་གནས་བྱང་ཨ་རིའི་ནང་ལ་ཡོད་པ་དང་། འདི་གར་བོད་པའི་གཞོན་སྐྱེས་མཐོ་སློབ་ཐོན་པ་མང་པོ་ཞིག་ལ་འབྲེལ་བ་ཡོད། ཁོ་ཚོའི་ཨིན་སྐད་ཀྱི་ཆུ་ཚད་ནི་སྐད་ཡིག་དང་པོའི་གནས་བབ་ལ་ཡོད་པ་དང་། གཞི་རིམ་སློབ་གྲྭའི་ཤེས་ཚད་ཀྱང་གང་ལེགས་ཡོད་ཀྱང་། མང་པོ་ཞིག་གིས་བོད་དང་བོད་མི་རིགས་ལ་བསམ་གཞིགས་མེད་པར་རང་ཉིད་ཀྱི་འཚོ་བའི་གནས་སྟངས་བརྟན་པོ་ཡོང་ཆེད་དང་། ཕ་མ་སྤུན་མཆེད་ཀྱི་རེ་བ་ལྟར་སྨན་ཞབས་པ་བྱེད་མཁན་ཧ་ཅང་མང་པོ་ལས། བོད་ལུང་པ་འཛིན་སྐྱོང་བྱེད་རྒྱུར་མཁོ་བའི་ལས་རིགས་སྣེ་འཛོམས་ཐོག་ལ་ཕྱག་ལས་མཁན་དཀོན་ཙམ་རེད་འདུག ངའི་གྲོགས་པོ་གཅིག་གིས། བོད་པའི་ཕྲུ་གུ་དང་ཚོང་པ་ཚང་མ་གཅིག་རེད་འདུག དང་པོ་ཡར་བླུགས་དུས་གྲུ་བཞི་དང་། མར་བཏོན་དུས་ཀྱང་ཚང་མ་གྲུ་བཞི་གྲུ་རྐྱང་ཡིན་པ་ལས་བཟོ་བལྟ་མི་འདྲ་བ་དེ་འདྲ་ཐོན་གྱི་མི་འདུག ལོ་གཞོན་པ་མང་ཆེ་བ་སྨན་ཞབས་པ་དང་། རྒྱ་གར་ནང་ལ་ཚོང་པ་མང་ཆེ་བ་བལ་གོས་བསིལ་ཚོང་རྒྱབ་མཁན་རེད་འདུག འགྱུར་བ་གཅིག་དགོས་ཀྱི་འདུག་ཀྱང་། འགྱུར་བ་མི་འགྲོ་བ་གང་རེད་དམ། ཅེས་བཤད་པ་དེ་དྲན། ད་ལྟ་ཀུན་གསལ་ལགས་ཀྱི་ལས་ཀ་དེ་འདྲ་གནང་མཁན་ཨ་རིའི་ནང་ལ་བོད་ཕྲུག་ག་ཚོད་ཡོད་དམ། སྨན་ཞབས་པ་གནང་མཁན་ག་ཚོད་ཡོད་དམ། ངས་སྨན་ཞབས་པའི་ལས་ཀ་ཡག་པོ་མ་རེད་ཟེར་གྱི་མེད་ལ། བྱ་མི་དགོས་པ་དེ་བས་ལབ་ཀྱི་མེད། གཞན་ཕན་གྱི་བྱ་བ་རླབས་ཆེན་རེད། ཡིན་ནའང་། བོད་མི་རིགས་མི་རིགས་གཞན་དང་འདྲ་མཉམ་གྱིས་འགྲོ་དགོས་ན། མ་འོངས་པར་བོད་ལ་ལོག་ནས་ལུང་པ་འཛིན་སྐྱོང་བྱ་དགོས་ན། ཚང་མ་སྨན་ཞབས་པ་བྱས་པས་ཕན་ཐོགས་ཡོད་དམ། ད་ལྟ་མི་རིགས་གཞན་དང་དཔུང་མཉམ་གཤིབ་ཀྱིས་འགྲོ་དགོས་ན། ཚང་མ་སྨན་ཞབས་པ་བྱས་པས་འགྲིག་གམ།

ནད་ཡམས་སྔོན་ལ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེས་འཁྲབ་འཁྲིད་གནང་བའི་གློག་བརྙན་མཁའ་འགྲོ་མ་ཞེས་པའི་གློག་བརྙན་ནང་ལ་ཀུན་གསལ་ལགས་ཀྱིས་གཙོ་འཁྲབ་པའི་འགན་བླངས་འདུག་ལ། གློག་བརྙན་དེ་དངོས་སུ་འགྲེམས་སྤེལ་བྱས་ཟིན་ཡོད་འདུག གློག་བརྙན་འཁྲབ་སྟོན་དང་། གཞས་གཏོང་བའི་གནས་བབ་ཐོག་ལ་ཀུན་གསལ་ལགས་ཀྱིས། གཞས་གཏོང་སྐབས་ངས་ང་རང་གི་ངོ་བོའི་ཐོག་ནས་གཏོང་གི་ཡོད་པ་དང་། གློག་བརྙན་འཁྲབ་དུས་ངས་མི་གཞན་གྱི་ཚབ་བྱས་ནས་འཁྲབ་དགོས་སྟབས་གཞས་གཏོང་དུས་རང་ཉིད་ལ་གདེངས་ཚོད་ཆེ་བ་དང་། བདེ་སྣང་ཆེ་བ་འདུག ཡིན་ནའང་། གློག་བརྙན་འཁྲབ་དུས་གཞན་གྱི་ཚབ་བྱེད་དགོས་པས་མི་བདེ་བ་ཡོང་གི་འདུག ད་ལན་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་གུ་ཡངས་པོ་དང་། འདྲིས་བདེ་པོ། ཆོབ་ཚ་པོ། སེམས་ཞི་བདེའི་ཐོག་ལ་གནས་མཁན་ཞིག་ཡིན་སྟབས་ཁོང་དང་མཉམ་དུ་ལས་ཀ་བྱེད་རྒྱུ་བྱུང་བ་དེ་ནི་གནས་སྟངས་མི་འདྲ་བ་ཤིག་རེད་ལ། གློག་བརྙན་འཁྲབ་ཡུལ་བལ་ཡུལ་ནི་ང་ལ་མཚོན་ན་ས་ཆ་གཞན་དང་མི་འདྲ་བ་ཞིག་ཡིན་པ་ཚོར་སོང་། ཅེས་སོགས་དགད་མོ་དང་། དགའ་སྣང་བཅས་འགྲེལ་བརྗོད་བྱས། ཀུན་གསལ་ལགས་ཀྱིས་བཅའ་འདྲི་ལེ་ཚན་ནང་ལ་སྐད་ཆ་ཤོད་སྐབས་ཚབ་སྣང་དང་ཞེད་སྣང་གང་ཡང་མེད་པར། སྔར་བྱུང་གི་ལོ་རྒྱུས་སོ་སོ་དང་སེམས་ཐག་ཧ་ཅང་ཉེ་བའི་ཨ་མ་ལགས་སུ་བཤད་པ་ལྟ་བུ་ཡོད་པ་དེ་ཡང་སྐད་ཆ་བཤད་རྩལ་ communication skills ཡིན་ངེས། ཨ་རི་སོགས་ནུབ་ཕྱོགས་རྒྱལ་ཁབ་ནང་ལ་སློབ་སྦྱོང་ཟེར་པ་ནི། བློ་འཛིན་དང་ངག་སྐྱོར་གཏོང་ཐུབ་མཁན་ཙམ་ལ་མི་ཟེར་པར་། soft skills ཞེས་མི་གཞན་ལ་སྐད་ཆ་ཤོད་སྟངས་ཡག་པོ་དང་། སྐད་ཆ་ཤོད་མཁས་པོ་དང་འབྲེལ་བ་བྱ་མཁས་པོ་སོགས་ནི་ཉིན་རེའི་མི་ཚེའི་ནང་དང་། ཚོང་ལས་ལས་རིགས་ནང་ལ་མེད་ན་མེད་ཐབས་ཀྱི་རྩལ་ཡིན་པ་བརྗོད་པ་མ་ཟད། མཐོ་སློབ་ཀྱི་སློབ་ཚན་མང་པོའི་ནང་ལ་ Business Communication ཞེས་པའི་སློབ་ཚན་སྦྱོང་དགོས་ཀྱི་ཡོད།

བསྟན་འཛིན་ཀུན་གསལ་ལགས་ཀྱིས་འཁྲབ་པའི་གློག་བརྙན་མཁའ་འགྲོ་མ་ཞེས་པ་དེ་གང་འདྲ་ཞིག་ཡིན་ནམ། ངས་གློག་བརྙན་དེ་བལྟ་མྱོང་མེད་ལ། ལེ་ཚན་དེ་བརྒྱུད་ནས་མིང་ཐོས་པ་ཐེངས་དང་པོ་ཡིན། ཡིན་ནའང་། ཀུན་གསལ་ལགས་ཀྱིས་གློག་བརྙན་གྱི་ནང་དོན་འགྲེལ་བཤད་མདོར་ཙམ་གནང་བ་དེ་ལྟར། གློག་བརྙན་དེའི་ནང་ལ་གཙོ་འཁྲབ་པ་ཕོ་གསར་གཅིག་ཡོད་པ་ཁོང་ཆོས་དད་མེད་པ་ཙམ་དུ་མ་ཟད་ཆོས་ལ་དགག་པ་བྱེད་མཁན་གཅིག་ཡིན་པ་དང་། ཁོང་ལ་རྨི་ལམ་འཚུབ་པོའམ། ཡང་ན། འཆར་སྣང་ཁྱད་མཚར་པོ་གཅིག་བྱུང་བའི་ནང་ལ་ཁོ་རང་གི་སྤུན་མཆེད་འདས་པོ་དྲན་ལམ་ལ་འཆར། ཁོས་དེ་དོན་ཁོ་རང་གི་གྲོགས་པོ་ཆོས་དད་ཅན་དང་། ད་དུང་རྨོངས་དད་ལ་ཡིད་ཆེས་བྱེད་མཁན་ལ་བརྗོད་པར། གྲོགས་པོས་དེ་ནི་ངན་ལྟས་ཡིན་པས་ལྷ་དང་བླ་མར་ཡར་ཞུ་གསོལ་འདེབས་བྱ་དགོས་པ་བརྗོད། སྒྲུང་གི་ནང་དོན་ལས་མི་ཚེའི་ནང་ལ་ཆོས་དད་དང་། དངོས་ཡོད་འཚོ་བ་གཉིས་གཤིབ་བསྡུར་བྱ་དགོས་པ་བསྟན་སྐོར་བརྗོད། ངས་སྒྲུང་གི་ནང་དོན་མདོར་ཙམ་ཐོས་པ་དང་། ལམ་སེང་དྲན་ལམ་ལ་འཆར་པ་ནི་གློག་བརྙན་དེའི་འཁྲབ་འཁྲིད་པ་མི་རིགས་འབྲུག་པ། ནང་ཆོས་དར་ཁྱབ་ཆེ་བའི་ལུང་པ་ནས་སྐྱེས་པ་དང་། ད་དུང་བོད་ཀྱི་བླ་མའི་མིང་མཚན་གནས་ཐོབ་པ་རྫོང་གསར་མཁྱེན་བརྩེ་རིན་པོ་ཆེ་དང་། ཁོང་གིས་དེ་སྔ་འཁྲབ་འཁྲིད་གནང་བའི་གློག་བརྙན་དང་། རྩོམ་ཡིག་ཁ་ཤས་དྲན། ནད་ཡམས་སྐབས་སུ་ངས་ཁོང་གི་ཨིན་དེབ་གཉིས་བཀླགས་པ་ཡིན། དེབ་གཅིག་ཁོ་རང་གི་ལོ་རྒྱུས་དང་། གཞན་དེ་ནི་ ་་་ གང་ལྟར། ཁོང་གི་མི་ཚེའི་ལོ་རྒྱུས་ནང་ལ་ཅུང་ཟད་དྲང་པོ་བྲིས་མེད་དམ་བསམ། ཡིན་ནའང་། འབྲུག་པ་ཀུན་ལེགས་ཀྱི་རང་རྣམ་ལྟ་བུ་འབྲི་རྒྱུར་འབད་བརྩོན་བྱས་ཡོད་སྲིད་ཀྱང་དེ་ལྟར་བྱུང་མེད་པ་གསལ་པོ་རེད་འདུག རྫོང་གསར་མཁྱེན་བརྩེ་ཁོང་གིས། མཁའ་འགྲོ་མ་ ཞེས་པའི་གློག་བརྙན་འཁྲབ་འཁྲིད་གནང་དགོས་དོན་སོགས་བརྗོད་འདོད་ཆེ་ཡང་སྔོན་ལ་གློག་བརྙན་བལྟ་དགོས་པ་དང་། དེ་ནས་བསམ་གཞིགས་བྱ་དགོས། དངོས་དོན་རྙེད་ན་ཕན་ཐོགས་ཆེ་བས་དེ་མུར་འཇོག་རྒྱུ་ལས་མ་འདས།

དེ་སྔ་ཨེ་མོ་རི་གཙུག་ལག་སློབ་ཆེན་ལ་ཡོད་པའི་བོད་པ་འབུམ་རམས་པ་གཅིག་གིས། ཕྱི་མི་གཞིས་སྤོས་པ་ཚོས་གལ་སྲིད་མི་རིགས་གཞན་དང་དཔུང་མཉམ་གཤིབ་ཀྱིས་འགྲོ་བསྐྱོད་བྱ་དགོས་ན། ཐབས་ལམ་ལེགས་ཤོས་ནི་སློབ་སྦྱོང་ཚད་ལྡན་བྱ་དགོས། ཅེས་བཤད་པ་དེ་རེད། ཐོག་མར་ཉན་སྐབས་བཤད་མཁན་ཁོ་རང་ལ་ལམ་འགྲོ་རྒྱུགས་ནས་འབུམ་རམས་པའི་སློབ་སྦྱོང་གོ་སྐབས་ཐོབ་པས་གཞན་ལ་སྤོབས་སེམས་ཀྱིས་བཤད་པ་འདྲ་པོ་མཐོང་མཁན་བྱུང་འདུག་ཀྱང་། ཕྲན་གྱིས་དང་པོ་ཉིད་ནས་ཡིད་སྨོན་དང་རྒྱབ་སྐྱོར་ཞུ་དགོས་བྱུང་། ང་ལ་མཚོན་ན་ཆེས་དགའ་ཤོས་ནི་ཤེས་ཡོན་སློབ་སྦྱོང་སྤྱི་དང་། དམིགས་བསལ་དེང་དུས་ཤེས་ཡོན་དང་། སེམས་ཁམས་རིག་པའི་ཐོག་ལ་སློབ་སྦྱོང་གྲུབ་འབྲས་ཐོན་མཁན་གྱི་མི་སྣའི་གཏམ་བཤད་དང་། སློབ་སྦྱོང་གི་བརྒྱུད་ཉན་རྒྱུར་དགའ་པོ་ཡོད། དེ་རིང་ངས་ལེ་ཚན་དེ་ཉན་དགོས་དོན་གཙོ་བོ་ཀུན་གསལ་ལགས་ཀྱི་སློབ་སྦྱོང་བརྒྱུད་རིམ་ཉན་རྒྱུ་དེ་ཡིན། ཀུན་གསལ་ལགས་ཀྱིས། ངས་ Bioinformatic Engineer ཐོག་ལ་སློབ་སྦྱོང་བྱས་པ་ཡིན་ལ། Genetic ཐོག་ལ་ལས་ཀ་བྱེད་ཀྱི་ཡོད། གཙུག་ལག་སློབ་ཆེན་ནང་ལ་ཉེ་བའི་གཙུག་ལག་རབ་འབྱམས་སློབ་སྦྱོང་བྱེད་སྐབས་ Physics and Bio-Chimestry ཐོག་སློབ་སྦྱོང་བྱས་པ་དང་། དེ་ནས་ལོ་གཉིས་བར་མཚམས་བཞག་ནས་གཞས་དང་། གློག་བརྙན་འཁྲབ་པར་རྒྱ་གར་དང་བལ་ཡུལ་ལ་སྐོར་བ་རྒྱབ་པ་ཡིན། ཉེ་བའི་གཙུག་ལག་རབ་འབྱམས་སློབ་སྦྱོང་བྱ་སྐབས་སློབ་ཚན་ཆེན་པོ་གཉིས་མཉམ་དུ་བླངས་པས་ཡིད་ཐང་ཆད་ནས་སློབ་སྦྱོང་བྱེད་ཀྱི་མིན་བསམ་པའི་བསམ་ཚུལ་སླེབས་སོང་། དེ་ནས་བར་མཚམས་བཞག་ནས་རྒྱ་གར་དང་བལ་ཡུལ་ལ་ཕྱིན་པ་ཡིན། ཅེས་བཤད་པ་དང་། བར་མཚམས་འདིར་བཅའ་འདྲི་བྱེད་མཁན་གྱིས། གལ་སྲིད་ངས་ནོར་མེད་ན། ཁྱེད་རང་ Physics and Bio-Chimestry སློབ་སྦྱོང་གནང་དགོས་དོན་དེ་ཡང་ནང་ཆོས་ཀྱིས་ཤུགས་རྐྱེན་ཐེབས་ནས་གནང་བ་རེད་ཟེར་པ་བདེན་པ་རེད་དམ། ཅེས་དྲིས་པར། ཀུན་གསལ་ལགས་ཀྱིས། རེད། རེད། སྤྱིར་བཏང་ང་སློབ་ཚན་དེར་ཆུང་དུས་ནས་དགའ་མོས་ཡོད། ངས་སྐྱེས་མཚར་བྱུང་ས་ནི་གཞིས་ཆགས་སུ་ཡིན་པ་དང་། ཆུང་དུས་སློབ་ཁྲིད་གནང་མཁན་གྱིས་མ་འོངས་པར་དགེ་རྒན་དང་སྨན་པ་སོགས་བྱེད་རྒྱུ་ཡོད་པ་སོགས་སྣེ་ཁ་ལྔ་ཙམ་ལས་བཤད་ཀྱི་མེད། ང་ཆུང་དུས་ཚན་རིག་དང་ཨང་རྩིས་ལ་དགའ་པོ་ཡོད་ནའང་། Enginner བྱ་རྒྱུའི་གོ་སྐབས་ཡོད་མེད་ཤེས་ཀྱི་མེད། དེ་ནས་རིམ་པས་སོ་སོའི་གཟུགས་པོའི་ནང་དང་། ན་ཚའི་རིགས་ལ་དོ་སྣང་སླེབས་སོང་། དེ་ནས་ང་ལ་དགེ་རྒན་ཡག་པོ་རགས་སོང་། སྔོན་མ་རྒྱ་གར་ནང་ལ་ཡིན་ན་སློབ་སྦྱོང་ཡག་པོ་ཡོད་ཟེར་པ་ནི་ངག་སྐྱོར་དང་བློ་འཛིན་ཡག་པོ་བྱེད་མཁན་ལ་ལབ་ནའང་། རྒན་ལགས་ཁོང་གིས་སློབ་ཁྲིད་དེ་དང་མི་འདྲ་བ་གནང་གི་ཡོད། ངས་སློབ་སྦྱོང་བྱེད་སྐབས་དབྱར་ཀ་རྟག་པར་རྒྱ་གར་ལ་བསྐྱོད་ནས་ཚན་རིག་དང་ལྟ་གྲུབ་སོགས་སློབ་སྦྱོང་བྱས་པ་ཡིན། ཨ་རིར་ལྷ་ཞེས་ངོས་འཛིན་བྱེད་སྟངས་ནི་ལྷ་གནམ་ལ་ཡོད་པ་དང་། ཚང་མ་ལྷས་བཟོས་ཡོད་པ་ལབ་དུས་ངས་དེ་ལ་ཡིད་ཆེས་བྱེད་ཁག་པོ་བྱུང་། དེ་ནས་ཨ་རིར་རྒན་ལགས་གཅིག་གིས་འཛིན་གྲྭའི་ནང་ལ་བོད་ཀྱི་ནང་ཆོས་སྐོར་སྐར་མ་གཉིས་ཙམ་གསུངས་པ་དང་། བོད་བརྒྱུད་ནང་ཆོས་ནང་ལ་ GOD (འཇིག་རྟེན་བཀོད་པ་པོ་) ཡོད་མ་རེད་ལབ་པས། སྐབས་དེ་དུས་ང་ཧ་སངས་པ་དང་། ངས་ཡོད་རེད་ལབ་པ་ཡིན། དེའི་དགོང་དྲོ་ང་བསམ་བློ་གཏོང་དགོས་པ་བྱུང་བ་དང་། ངས་དྲྭ་ཐོག་ནས་འཚོལ་བཤེར་བྱས་པ་བརྒྱུད་བོད་ཀྱི་ནང་ཆོས་ནང་ལ་ GOD (འཇིག་རྟེན་བཀོད་པ་པོ་) མེད་པ་ཤེས་པས་ངའི་བསམ་བློ་དང་མཐུན་པ་མཐོང་པ་མ་ཟད། ལོ་རྒྱུས་རྒན་ལགས་ཁོང་གིས་ངའི་བསམ་བློ་གཏོང་སྟངས་ལ་གསར་བརྗེ་ཆེན་པོ་ཞིག་བྱས་སོང་། དེ་ནས་རྒྱ་གར་ལ་དབྱར་ཀ་བསྐྱོད་ནས་བོད་ཡིག་དང་ནང་ཆོས་དགེ་རྒན་གསུམ་ལ་བརྟེན་ནས་སྦྱངས་པས་དངོས་གནས་ཡག་པོ་བྱུང་། མདོར་བསྡུས་ནས་བཤད་ན་ངས་བདེན་པ་ཤེས་ཐབས་བྱ་ཡི་ཡོད། ཅེས་བཤད་སོང་། བདེན་པ་འཚོལ་བ་ཞེས་པ་དེ་ཐོས་པ་ཙམ་གྱིས། ངའི་སེམས་ལ་གཡོ་འགུལ་ཆེན་པོ་ཞིག་ཐེབས་བྱུང་། གཅིག་བྱས་ན། ངས་དེང་སྐབས་བལྟ་བཞིན་པའི་སྟོན་པ་སངས་རྒྱས་བཅོམ་ལྡན་འདས་ཀྱི་མཛད་རྣམ་བོད་བསྒྱུར་འཁྲབ་ཁྲིད་གནང་བ་དེའི་ནང་ལ། གཞོན་ནུ་དོན་གྲུབ་ཀྱིས་བདེན་པ་འཚོལ་ཕྱིར་རྒྱལ་སྲིད་དང་། བཙུན་མོ། སྲས་སྒྲ་གཅན་འཛིན་སོགས་བཞག་ནས་ནགས་ཁྲོད་ཕེབས་པའི་གནས་སྟངས་དེ་ཡང་དྲན་དུ་བཅུག་པ་དང་། དེས་ཀྱང་ཤུགས་རྐྱེན་བྱས་པ་མིན་ནམ། ད་དུང་། བོད་ཀྱི་དཔེ་མཛོད་ཁང་གི་དགེ་བཤེས་ལགས་གཅིག་གིས། ཞི་བདེ་འདོད་ན་བདེན་པ་འཚོལ། ཞེས་པའི་བརྗོད་གཞིའི་ཐོག་ལ་སློབ་ཁྲིད་མང་པོ་གནང་པ་ཡང་དྲན་དུ་བཅུག འོན་ཀྱང་། བདེན་པ་ཡོད་དམ། གནས་ལུགས་རྟོགས་པའི་དོན་དམ་བདེན་པ་ཡོད་དམ། ཨ་ཕ་འཚོལ་ནས་ཨ་མ་རྙེད་པ་གསུངས་པ་ལྟར། ཀུན་རྫོབ་བདེན་པ་འཚོལ་ནས་དོན་དམ་བདེན་པའི་གནས་ལུགས་ཤེས་ཐུབ་པ་ཤོག

༢༠༡༧ ལོར་ཀུན་གསལ་ལགས་ཀྱིས་མི་འགྱུར་རིན་པོ་ཆེ་མཇལ་འདུག སྐབས་དེ་དུས་ཀུན་གསལ་གྱི་སེམས་ཁམས་ནི་ནང་ཆོས་ལ་དོ་སྣང་ཡོད་པ་དང་མཉམ་དུ་སེམས་ནང་གི་དྲི་བ་མང་པོར་ལན་ཐེབས་རྒྱུར་གང་ཡོང་ཡོང་གི་འཚོལ་ཐབས་བྱེད་ཀྱི་ཡོད་ཀྱང་། ནང་སེམས་ཀྱི་རྣམ་རྟོག་སྤྲེའུ་ནང་བཞིན་ཡོད་པ་ཞི་ཐབས་སུ་མི་འགྱུར་རིན་པོ་ཆེས་སྒོམ་གྱི་སློབ་ཁྲིད་ཀྱང་གནང་འདུག་ལ། ད་ལྟ་ཡིན་ནའང་མི་འགྱུར་རིན་པོ་ཆེ་གྲོགས་པོ་ལྟ་བུ་བློ་ཐག་ཉེ་པོས་དྲི་བ་ཁ་པར་ཐོག་ནས་འདྲི་བཞིན་ཡོད་སྐོར་བརྗོད། གཞོན་སྐྱེས་དང་། དམིགས་བསལ་ཕྱི་གླིང་བ་ཚོར་ནང་ཆོས་སྤྱི་དང་དམིགས་བསལ་སྒོམ་ཁྲིད་ལ་དོ་སྣང་བསྐྲུན་རྒྱུའི་ཐད་མི་འགྱུར་རིན་པོ་ཆེའི་ཕྱག་རྗེས་ཆེན་པོ་ཡིན་པ་མངོན་གསལ་ཡིན་པ་ར་སྤྲོད་བྱས་སོང་དྲན།

ཡོངས་གྲགས་སུ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་ཀུན་གསལ་ནི་གཞས་མ་རེད་ལབ་ནའང་། མོ་རང་ཆུང་དུས་སྐད་ཡག་པོ་ཡོད་པ་ངོ་འཕྲོད་མི་འདུག རྒྱ་གར་ནས་ཨ་རིར་ཆུང་དུས་སླེབས་དུས་བོད་སྐད་གཙང་མ་རྒྱབ་པའི་གནས་སྟངས་ལ་རྒན་དབང་རྒྱལ་ལགས་ཞུ་བས་བསྟོད་བསྔགས་དང་། གཞས་གཏོང་རྒྱུའི་གོ་སྐབས་གནང་བར་བརྟེན་པ་དེས་རྒྱུ་རྐྱེན་འཛོམས་པ་ལྟ་བུས་གཞས་གཏོང་རྒྱུའི་ལམ་བུར་ཞུགས་འདུག དེ་ནས་ཨིན་ཡིག་འབྲིང་རིམ་སློབ་གྲྭའི་གཞས་སྣ་འགྲན་བསྡུར་ལ་ཚུད་རྒྱུགས་གཏོང་བར་འགྲོ་སྐབས་རེ་དོགས་ཀྱི་དྲ་བར་མ་ཚུད་པར་ལྷད་མེད་ཀྱི་ཀུན་སློང་ཐོག་ནས་བསྐྱོད་པར་བརྟེན་ནས་གྲུབ་འབྲས་བཟང་པོ་བྱུང་འདུག སྐབས་དེ་དུས་ངའི་སེམས་ནང་ལ་དྲན་པ་ནི། ༧གོང་ས་མཆོག་གིས་བཀའ་སློབ་གནང་སྐབས་མཐའ་གཅིག་ཏུ་གཞན་ཕན་ལ་དམིགས་པ་ལས་གྲགས་འདོད་ཁེ་འདོད་ཀྱི་ཀུན་སློང་རྩ་བ་ནས་མེད་པར་བརྟེན་ཡག་པོ་ཡོང་གི་འདུག་ཅེས་གསུངས་པ་དྲན་ལ། ཕྲན་གྱི་ལས་ཀའི་འགོ་ཁྲིད་བཀུར་དུ་འོས་པ་གཅིག་གིས། སོ་སོས་ལས་ཀ་ལྷག་བསམ་རྣམ་དག་གིས་བྱས་ནས་གཞན་གྱིས་རང་ལ་མགོ་ལྕགས་ཞུས་ནའང་བློ་ཕངས་དགོས་དོན་ཡོད་མ་རེད། ཅེས་གསུངས་པ་སོགས་དྲན། བཙན་བྱོལ་ནང་གི་གཞས་པ་མང་པོ་གཅིག་ནི་སྐད་ཡག་པོ་ཡོད་པར་བརྟེན་ནས་གཞས་བཏང་པ་ཙམ་ལས། གཞས་གཏོང་སྟངས་སོགས་ཆེད་ལས་སློབ་སྦྱོང་ཐོབ་མཁན་བརྒྱ་ཆ་ཉུང་ཉུང་རེད། བོད་པའི་གཞས་པ་དང་། གསར་འགོད་པ་སོགས་ལ་ཆེད་ལས་སློབ་སྦྱོང་ཐོབ་མྱོང་མཁན་དཀོན་པོ་ཡིན་དོན་ནི། འགྲིག་འགྲོ་ཡི་རེད། ཅེས་པའི་བསམ་བློ་གཏོང་སྟངས་ཀྱིས་ལན་པ་རེད་དྲན། ཀུན་གསལ་ལགས་ལ་གཞི་རིམ་སློབ་གྲྭའི་གནས་སྐབས་ནས་ཉིན་རེ་ལ་གཞས་གཏོང་སྟངས་སྦྱོང་བརྡར་ཆུ་ཚོད་གསུམ་ཙམ་རེའི་སློབ་སྦྱོང་གོ་སྐབས་ཐོབ་འདུག གཞས་དང་རོལ་དབྱངས་ཐོག་ལ་གོ་རྟོགས་དམན་པའི་ང་དང་ང་འདྲ་བ་ཚོས་མི་ཤེས་པའི་གནས་ཚུལ་མང་པོ་བཤད་སོང་། དཔེར་ན། ཀུན་གསལ་ལགས་ཀྱིས། གཞས་གཏོང་སྟངས་སྦྱོང་སྐབས། སྐད་ངག་ལ་མིད་པ་ནས་ཐོན་པའི་སྐད་དང་། མགོ་ནས་ཐོན་པའི་སྒྲ། བྲང་ཁོག་ནས་ཐོན་པའི་སྒྲ་སྐད་སོགས་དབྱེ་བ་མང་པོ་ཡོད་པ་དང་། སྐད་འདོན་སྟངས་སློབ་ཁྲིད་བྱེད་ཀྱི་ཡོད་འདུག ཀུན་གསལ་ལགས་ཀྱིས། གཅིག་བྱས་ན་རྩུབ་པོ་འདྲ་པོ་རེད། ཡིན་ནའང་། ངས་གོ་སྐབས་བཟང་པོ་ག་རེ་རགས་ནའང་ལེན་གྱི་ཡོད། ཅེས་བཤད། ང་སློབ་གྲྭར་ཡོད་དུས། རྒན་ལགས་ཀྱིས། གོ་སྐབས་རག་དུས་ལེན་དགོས་པ་ལས། གོ་སྐབས་ཀྱིས་ཁྱེད་རང་སྒུག་ནས་སྡོད་ཀྱི་མ་རེད། ཅེས་གསུངས་པ་དྲན། ངའི་མི་ཚེའི་ནང་ལ་གོ་སྐབས་རེ་ཟུང་མིག་མདུན་ནས་ཤོར་པས་ད་ལྟ་འགྱོད་ཀྱང་ཕྱིས་དྲགས་པ་དང་། ཕན་ཐོགས་མེད་པའི་དངོས་ར་འཕྲོད་པ་བྱུང་སོང་།

ཀུན་གསལ་ལགས་ཀྱིས་བདེ་རྩའི་དཔལ་འབྱོར་འདུ་འགོད་ཆེད་དུ་ཁོང་གིས་བྲིས་པའི་རི་མོ་རིན་ཚད་འགྲན་བསྡུར་ཚོང་འགྲེམས་བྱས་འདུག་ལ། ད་དུང་། བདེ་རྩའི་དཔལ་འབྱོར་འདུ་འགོད་ལ་དམིགས་ནས་ (ཀུན་གསལ་གྱི་བྱམས་བརྩེ་དགོང་ཚོགས།) ཞེས་པའི་གཞས་སྣ་གོ་སྒྲིག་ཀྱང་བྱས་འདུག མངོན་དགའ་སློབ་གྲྭ་སོགས་ལ་ཕན་པའི་ལས་གཞི་གཅིག་ཡིན་སྐོར་བརྗོད། ཀུན་གསལ་ལགས་ཀྱིས། ངས་དེའི་སྔོན་ལ་བོད་པའི་སྤྱི་ཚོགས་ནང་ལ་མངོན་དགའ་སློབ་གྲྭ་ལྟ་བུ་དམིགས་བསལ་སློབ་གྲྭ་དེ་འདྲ་ཡོད་པ་ཤེས་ཀྱི་མེད་ལ། ངའི་བསམ་པར་དེ་དུས་བོད་པ་མང་པོས་དེ་འདྲ་ཡོད་པ་ཤེས་ཀྱི་ཡོད་མ་རེད་བསམ་གྱི་འདུག བོད་པས་བོད་པར་རོགས་པ་བྱེད་རྒྱུའི་བསམ་བློ་དང་ལས་འགུལ་རྩོམ་རྒྱུར་ཀུན་སློང་བྱ་རྒྱུར་དམིགས་ནས་ལས་གཞི་བརྩམས་པ་ཡིན། ཞེས་བཤད།

ཀུན་གསལ་ལགས་ཀྱི་མིག་ལམ་དུ་འཆར་བ་དང་། སེམས་ནང་ལ་དྲན་པའི་རླབས་ཆེན་གྱི་མི་སྣ་གཅིག་ནི་མོ་རང་གི་ཨ་མ་ལགས་རེད་འདུག དེ་ནི་དེང་སྐབས་ནུབ་ཕྱོགས་སུ་ཡོད་པའི་བོད་ཕྲུག་ཚོས་དྲན་ན་བསམ་པའི་ངའི་རེ་སྨོན་གཅིག་ཡིན། རྒྱུ་མཚན་ནི། ནུབ་ཕྱོགས་སུ་གཞོན་སྐྱེས་དང་སློབ་ཕྲུག་ལ་རྩ་ཆེ་ཤོས་སུ་ཡིན་པས་ལབ་ན། ཕ་མ་ལབ་པའི་ཚབ་ལ་ཁྱི་དང་ཞི་མི་སོགས་ལབ་མཁན་ཧ་ཅང་མང་པོ་དང་། སློབ་གྲྭ་ཁག་གི་ནང་ལ་ཡང་སློབ་ཕྲུག་གི་སེམས་མྱོང་རྒྱབ་སྐྱོར་ emotion support བྱེད་མཁན་ཁྱི་དང་ཞི་མི་སོགས་དགོས་པ་སྨན་པས་ལམ་སྟོན་བྱས་པ་དང་། སློབ་ཕྲུག་གིས་སློབ་གྲྭར་འཁྲིད་ཡོང་བའི་ཁྱི་དང་ཞི་མི་སོགས་ཉར་འཇོག་བྱེད་སའི་མཐུན་རྐྱེན་བསྐྲུན་གྱི་ཡོད་ཚོད་འདུག ཉེ་དུས་ཕྲན་གྱིས་དྲྭ་ཐོག་གནས་ཚུལ་ཆོབ་ཚ་པོ་གཅིག་ཐོས་པ་ནི། ནུབ་ཕྱོགས་ཀྱི་སློབ་གྲྭ་གཅིག་ལ་སློབ་ཕྲུག་གཅིག་གིས་ཁོ་རང་གིས་དགའ་པོ་བྱེད་སའི་སེམས་ཅན་རྟ་གཅིག་སློབ་གྲྭར་འཁྲིད་ནས་སླེབས་པར་སློབ་གྲྭས་རྟ་འཇོག་ས་བཟོ་རྒྱུར་དཀའ་ངལ་འཕྲད་པའི་གནས་ཚུལ་དེ་རེད།

དེ་ནས་ཀུན་གསལ་ལགས་ཀྱིས་མི་ཚེའི་ནང་གི་སྙིང་དོན་གཅིག་དང་། དངོས་ཡོད་གནས་ཚུལ་གཅིག་བཤད་པ་དེར་དོ་སྣང་བྱུང་། དེ་ནི་ཀུན་གསལ་ལགས་ཀྱིས། མི་ཚེའི་ནང་ལ་གདོང་པ་གསར་པ་སླེབས་པ་དང་། གདོང་པ་རྙིང་པ་བརླག་པའི་གནས་སྟངས་ཡོང་གི་རེད། ཅེས་པ་དེ་རེད། ཨིན་སྐད་ཐོག་ལ་གོང་གི་བརྗོད་པ་དེ་ལབ་པ་ཐད་བསྒྱུར་བྱས་པར་གོ་མི་བདེ་བ་ཡོད་ནའང་། ཡིན་རྒྱུ་ནི་མི་ཚེའི་ནང་ལ་ངོ་ཤེས་གསར་པ་ཐུག་པ་དང་མཉམ་དུ་ངོ་ཤེས་རྙིང་པ་མང་པོ་ཞིག་འདས་གྲོངས་སུ་གྱུར་པ་སོགས་ཀྱི་དངོས་ཡོད་གནས་སྟངས་ལ་ཁས་ལེན་བྱ་དགོས་པ་དེ་རེད། འཛོམས་པའི་མཐའ་མ་བྲལ་རྒྱུ་དེ་ཞེས་པ་དེ་རེད་དྲན། གང་ལྟར་དེ་རིགས་འབྲི་མཚམས་འདིར་འཇོག་གི་ཡིན། གུང་གསེང་ཕྱི་ལ་རང་བྱུང་ཁམས་ཀྱི་མཛེས་སྡུག་ལོངས་སྤྱོད་ཆེད་རི་སྟེང་ལ་འཛེགས་པ་དང་། ཆུ་འགྲམ་ལ་འགྲོ་དགོས་ཡོད། རྗེས་སུ་མཇལ་ཡོང་། ཐུགས་རྗེ་ཆེ། ནོར་ཡོད་ན་དགོངས་སེལ་ཞུ་གི་ཡོད་ལ། ཀློག་མཁན་རྣམས་ལ་བོད་ཡིག་ཀློག་རྒྱུའི་གོ་བསྐལ་ཙམ་ཐོབ་ཡོད་པར་སྨོན། །

འབྲེལ་ཡོད་གསར་འགྱུར།

US Secretary of State Marco Rubio on Sunday demanded the immediate release of Gedhun Choekyi Nyima, the 11th Panchen Lama, who was abducted by Chinese authorities 30 years ago at the age of six. | X @CTA_TibetdotNet & File Pi
Mobile App

རྒྱལ་སྤྱིའི་གནད་ཡོད་མི་སྣས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་དགོས་པའི་འབོད་སྐུལ་གནང་།

ཆུ་ཚོད་ ༦ སྔོན་ལ།
Front Slider

༧པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ཏེ་ལོ་ངོ་ ༣༠ འཁོར་བ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་མཛད་རྣམ་རྗེས་དྲན་གྱི་དབྱིན་ཡིག་ཐོག་ཡོད་པའི་ཕྱག་དེབ་ (Tibet's Stolen Child) ཅེས་པ་དབུ་འབྱེད་གནང་བ། དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

དྷ་ས་ཉེ་འཁོར་གྱི་བོད་སློབ་ནང་ཁུལ་དབར་ངག་རྩལ་འགྲན་བསྡུར་ཞིག་འཚོགས།

༢༠༢༥/༠༥/༡༧
དྷ་ས་ས་གནས་གཞོན་ནུ་ལྷན་ཚོགས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་གནད་དོན་དང་འབྲེལ་ནས་ལས་འགུལ་སྤེལ་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༧
Mobile App

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གར་སོང་ཆ་མེད་དུ་གྱུར་ནས་ལོ་ངོ་ ༣༠ འཁོར་བའི་ཉིན་མོ་སྲུང་གཙི་ཞུས།

༢༠༢༥/༠༥/༡༧
དྷ་ས་ས་གནས་མགོ་འཛིན་གྱི་ཚོགས་ཁང་དུ་མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་རིན་པོ་ཆེ་མཆོག་གི་རྗེས་དྲན་བགྲོ་གླེང་ཞིག་འཚོག་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༥།༥།༡༦
Mobile App

མཆོག་སྤྲུལ་ཧཱུྃ་ཀར་རྡོ་རྗེ་མཆོག་སྐུ་བཀྲོངས་པ་ཁ་གསལ་བཟོ་ངེས་ཡིན་པའི་བསྒྲགས་གཏམ་སྤེལ།

༢༠༢༥/༠༥/༡༦
Exile Tibetan Buddhist nuns carry placards during a protest march demanding the release of their religious leader Gedhun Choekyi Nyima, the 11th Panchen Lama, who was put under house arrest by the Chinese authorities this day in 1995 in Tibet, in Dharmsala, India, Wednesday, May 17, 2017. © 2017 AP Photo/Ashwini Bhatia
Mobile App

༧པཎ་ཆེན་རིན་པོ་ཆེ་ནང་མི་སྐུ་འཁོར་དང་བཅས་པ་འཕྲལ་དུ་ཀློད་གྲོལ་གཏོང་དགོས་པའི་སྐུལ་མ་བྱས་འདུག

༢༠༢༥/༠༥/༡༦

མཆན། 4

  1. Fnu Tashi says:
    ལོ་ 2 སྔོན།

    ང་ད་ལྟ་འཚིག་ཇ་ཁང་ཞིག་ཏུ་རོང་ཟོམ་བརྙན་འཕྲིན་གྱི་ལེ་ཚན་རྗེ་བཙུན་མི་ལ་རས་པའི་ཞབས་རྗེས་ཟེར་བ་ཞིག་ལྟ་ནས་ཡོད།། དེ་ཚར་བ་དང་ངོ་དེབ་ཐོག་ལ་ཀུན་གསལ་དང་ཨ་ཧ་གཉིས་ཀྱི་གླེང་མོལ་དང་འབྲེལ་བའི་རྩོམ་ཞིག་མཇལ་བ་དང་ཤར་མར་ཀློག་པ་ཡིན།། ཧ་ཅང་ཡག་པོ་བྲིས་འདུག ང་འདུག་ས་ནི་བྱང་ཨ་རིར་ཡིན་པས་ཞོར་དུ་གངས་ལྷ་མེ་ཏོག་ཀྱང་ངོ་ཤེས་ན་འདོད།། ཧ་ཅང་ཡག

    Reply
  2. tensang says:
    ལོ་ 2 སྔོན།

    ངས་ཁ་སྔོན་རྩོམ་ཡིག་བཀླགས་རྗེས་མཆན་ཐུང་ཞིག་བྲིས་ཡིན། དེ་ཡང་ “རྩོམ་ཡིག་དེ་ཡག་པོ་བྲིས་འདུག མུ་མཐུད་ནས་གང་མང་སྤེལ་རོགས།” ཞེས་བྲིས་པ་ལས་མ་རུང་བ་དང་མ་འཚམས་པ་གང་ཡང་བྲིས་མེད། ཡིན་ནའང་། མཆན་ཐུང་དེ་ནག་བསུབ་བཏང་འདུག དེ་རྒྱུ་མཚན་ག་རེ་ཡིན་པ་ངས་ཤེས་མ་སོང་། བོད་ཡིག་འབྲི་རྒྱུ་འགོག་རྐྱེན་བཟོ་ཡོད་རེད་དམ། ཡང་ན། བོད་ཀྱི་རྩོམ་ཡིག་གང་མང་སྤེལ་རོགས་ཟེར་བའི་སྐུལ་མ་གཏོང་བ་དེ་ནོར་རེད་ཟེར་གྱི་ཡོད་རེད།
    ངས་གསར་ཁང་དེའི་གཞུང་འབྲེལ་གློག་འཕྲིན་ཁ་བྱང་ཐོག་ཡི་གེ་ཞིག་བཏང་ཡིན། འོན་ཀྱང་ལན་གང་ཡང་ཐོབ་མ་བྱུང་།

    Reply
    • བོད་ཀྱི་དུས་བབ། says:
      ལོ་ 2 སྔོན།

      བསྟན་བཟང་ལགས། ཁྱེད་ཀྱི་གློག་འཕྲིན་ལ་ཉིན་དེར་རང་ལ་གསལ་བཤད་དང་བཅས་ལན་སྤྲད་ཚར་ཡིན། དང་པོ་གློག་འཕྲིན་ནང་གཟིགས་རོགས།

      Reply
  3. བསྟན་བཟང་། says:
    ལོ་ 2 སྔོན།

    ཆ་ཚང་བཀླགས་པ་ཡིན། ཧ་ཅང་ཡག་པོ་བྲིས་འདུག མུ་མཐུད་ནས་རྩོམ་ཡིག་གང་མང་སྤེལ་རོགས་གནང་།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese