མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡོད་ཚད་སློབ་གྲྭ་ནས་འགོ་བརྩམས་པ་ཡིན།

བོད་ཀྱི་དུས་བབ།
༢༠༢༣/༠༧/༢༠
Share on FacebookShare on TwitterShare on EmailShare on Whatsapp

ཡིག་སྒྱུར་བ། མགོ་ལོག་ལྕགས་མོ།

འབུམ་རམས་པ་རྒྱལ་ལོ་ལགས་ཀྱིས་རྒྱ་ནག་དམར་གཞུང་གིས་རིགས་རྒྱུད་རྩ་གཏོར་གྱི་སྲིད་ཇུས་ལ་སྐྱོན་བརྗོད་བྱས་པ།

གལ་ཏེ་རྒྱ་ནག་དམར་གཞུང་གིས་གདུག་རྩུབ་ལྡན་པའི་ཤེས་ཡོན་སྲིད་ཇུས་དེ་མི་ལོ་ ༡༥ ནས་ ༢༠ བར་མུ་མཐུད་དུ་བོད་ཀྱི་བྱིས་པའི་སྡེ་ཁག་ཏུ་བཙན་བཀོལ་བྱས་པ་ཡིན་ན། བོད་མི་རིགས་ཀྱི་ལོ་ངོ་བཞི་སྟོང་བདུན་བརྒྱའི་རིང་གི་རིག་གཞུང་དེ་རྩ་བ་ནས་མེད་པར་འགྱུར་སྲིད།

Dr. Gyal Lo in the Italian Senate, July 4, 2023.
Photo: Bitter Winter

འབུམ་རམས་པ་རྒྱལ་ལོ་ལགས་ནི་སྙན་གྲགས་ལྡན་པའི་བོད་ཀྱི་ཤེས་ཡོན་པ་དང་། འཐབ་རྩོད་ཀྱི་ལམ་དུ་ཞུགས་པའི་ཤེས་ལྡན་སྤྱི་ཚོགས་ཚན་རིག་པ་ཞིག་ཡིན། ཁོ་རང་གིས་ཤེས་ཡོན་དང་ཆེད་ལས་གཞིར་བཞག་ནས་འཇིགས་ཉེན་གྱི་འོག་ཏུ་ལུས་ཡོད་པའི་རང་གི་མི་རིགས་ལ་ཞབས་འདེགས་ཞུ་བཞིན་ཡོད།

ཁོང་ནི་ཕྱི་ལོ ༢༠༡༦ ལོར་བརྩམས་པའི (སྤྱི་ཚོགས་རིག་པའི་དགོངས་འགྲེལ) ཞེས་པའི་དཔེ་དེབ་ཀྱི་རྩོམ་པ་པོ་དང། རྒྱ་ནག་དམར་གཞུང་གི་མི་རིགས་བརྗེ་བསྒྱུར་དང་བོད་མི་རིགས་རྩ་མེད་གཏོང་བྱེད་ཀྱི་གོག་འཇབ་སྲིད་ཇུས་ཐོག་ཆེད་མཁས་པ་གཙོ་གྲས་ཤིག་ཡིན།  རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་ལ་ཐུགས་རྗེ་ཆེ་ཞུ། རྒྱལ་ལོ་ཁོང་འཛམ་གླིང་ཐོག་གི་རྒྱལ་ས་དང་གྲོང་ཁྱེར་འདྲ་མིན་ནང་རྒྱ་ནག་དམར་གཞུང་གི་གསར་བཟོ་བྱས་པའི་ཨུ་ཚུགས་ལྡན་པའི་ཐབས་ཇུས་སོགས་ལན་འདེབས་དང་སྐྱོན་བརྗོད་བྱེད་བཞིན་ཡོད། ཁོང་གིས་ “Bitter Winter,” གསར་ཁང་ལ་བཤད་པ་ལྟར་ན། དོན་ངོ་མར་ངས་རྒྱ་ནག་གི་འཛམ་གླིང་ཐོག་གི་རིག་གཞུང་ཡོད་ཚད་དང་མི་རིགས་ཐམས་ཅད་རྩ་གཏོར་མི་བྱེད་པར་སྔོན་འགོག་བྱེད་བཞིན་ཡོད་ཟེར།

དྲི་བ། འབུམ་རམས་པ་རྒྱལ་ལོ་ལགས། ངེད་ “Bitter Winter” ཀློག་པ་པོ་རྣམས་ལ་ཁྱེད་རང་ངོ་སྤྲོད་ཅིག་བྱེད་རོགས།

”བོད་ཡུལ་ཨ་མདོའི་ལུང་པ་ད་ལྟ་རྒྱ་ནག་གིས་བཤད་པ་ལྟར་ཡིན་ན་ཀན་སུའུ་ཞིང་ཆེན་ནས་སྐྱེས་པ་ཡིན། ང་ཆུང་དུས་རང་གི་ཡུལ་ཚོ་ནས་སློབ་གྲྭ་འགྲིམས་པ་དང་། རྗེས་སུ་ལན་ཀྲུ་ན་ཡོད་པའི་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་སྐད་ཡིག་དང་རིག་གཞུང་གི་སྡེ་ཚན་ནས་ཞིབ་འཇུག་སློབ་མའི་སློབ་མཐར་ཕྱིན། ཕྱི་ལོ་ ༡༩༩༥ ལོར་ངས་སློབ་ཆེན་དེའི་སྐད་ཡིག་དང་རིག་གཞུང་སྡེ་ཚན་དུ་དགེ་རྒན་ཆེན་མོའི་ལས་རོགས་ཀྱི་ལས་ཀ་བསྒྲུབས། དེ་ལྟར་ལོ་རབས་གཅིག་གི་རིང་ལ་སློབ་ཆེན་དེར་སློབ་ཁྲིད་དང་བོད་ཀྱི་ཤེས་ཡོན་སྐོར་ཀྱི་ཞིབ་འཇུག་གཞི་རྒྱ་ཆེན་པོ་བྱས།  ཁེ་ཎ་ཌའི་ཁྲའོ་རོན་ཁྲའོ་གཙུག་ལག་སློབ་ཆེན་ནས་འབུམ་རམས་པའི་སློབ་མཐར་ཕྱིན་རྗེས། ཕྱིར་རྒྱ་ནག་ཏུ་ལོག་ནའང་ལོ་ཤས་རིང་ནུབ་ཕྱོགས་རྒྱལ་ཁབ་ཏུ་སློབ་སྦྱོང་བྱས་པ་ཆབ་སྲིད་ཀྱི་ངོ་བོར་རྩིས་རྐྱེན་སྔར་གྱི་ལས་གནས་སུ་ལས་ཀ་བྱེད་པར་བཀག་འགོག་བྱས།

རྗེས་སུ་ཕྱི་ལོ་ ༢༠༡༧ ནས་ ༢༠༢༠ བར་རྒྱ་ནག་གི་ཁོན་མེན་ཞིང་ཆེན་ནང་དུ་ཡོད་པའི་ཡུན་ནན་གཙུག་ལག་སློབ་ཆེན་དུ་གཏན་འཇགས་སློབ་དཔོན་ཆེན་མོའི་ལས་གནས་རག ཕྱི་ལོ ༢༠༢༠ ལོར་ཆབ་སྲིད་ཀྱི་གནམ་གཤིས་ལ་འགྱུར་ལྡོག་བྱུང་བ་དང་། དབང་ཆ་གཅིག་འཛིན་གྱི་སྲིད་ཇུས་རྒྱ་ནང་དུ་ཤུགས་ཆེན་སོང་བ་དང་། ང་བོད་པ་ཕྱི་མི་ཞིག་ཡིན་པ་གང་ཞིག་ལ་ནུབ་ཕྱོགས་སུ་སློབ་སྦྱོང་བྱས་པའི་རྒྱབ་ལྗོངས་ཡོད་རྐྱེན་ལོ་ལྔའི་རིང་གི་ཡུན་ནན་གཙུག་ལག་སློབ་ཆེན་བར་གྱི་གན་རྒྱ་མཚམས་འཇོག་བྱེད་དགོས་བྱུང་།

ཕྱི་ལོ་ ༢༠༢༠ ལོའི་ཟླ ༡༢ ཚེས ༣༡ ཉིན། ང་རྒྱ་ནག་ནས་ལམ་ལ་བུད་པ་དང་ཕྱིར་མི་ལོག་པ་སེམས་ཐག་བཅད་པ་ཡིན། བོད་ཀྱི་སྤྱི་ཚོགས་ནང་དུ་དོན་སྙིང་ལྡན་པའི་ཤེས་ཡོན་ལ་ཞབས་འདེགས་བསྒྲུབ་རྒྱུ་འཇིགས་ཉེན་གྱི་གནས་སུ་གྱུར་སོང་། ངས་རྒྱལ་སྤྱིའི་ཚོགས་སྡེ་ཁག་ལ་ཉེན་བརྡ་གཏོང་འདོད་པ་ནི་རྒྱ་ནག་གིས་བོད་མི་རིགས་དང་བོད་པའི་སྤྱི་ཚོགས་ནང་དུ་བཀོལ་བཞིན་པའི་ཡ་ང་བའི་འཇིགས་སྐུལ་དང་། བོད་པའི་སྐད་ཡིག་དང་། ཆོས་ལུགས། རིག་གཞུང་སོགས་ཀྱི་འཆི་གསོན་ཡིན།

དྲི་བ། གཅིག་སྡུད་སྲིད་གཞུང་གི་ཆབ་སྲིད་ལམ་ལུགས་ནང་དུ་ཤེས་ཡོན་སློབ་གསོ་ནི་སྤྱི་ཚོགས་དབང་སྒྱུར་བྱེད་པའི་ལྡེ་མིག་དང་ཆབ་སྲིད་ཀྱི་སྟོབས་ཤུགས་ཤིག་ཡིན། ཡིན་དང་ཡིན། རྒྱ་གཞུང་གིས་ཤེས་ཡོན་སློབ་གསོ་གཙོའི་བྱེད་ཐབས་གཞན་དག་བེད་སྤྱད་ནས་བོད་མི་ཚོར་དབང་བསྒྱུར་བྱེད་བཞིན་ཡོད། དུས་སྐབས་ག་དུས་ཤིག་ལ་གནས་སྟངས་དེ་འདྲ་ཞིག་འགོ་བཙུགས་པ་རེད། ལག་བསྟར་དང་འཛིན་སྐྱོང་ཅི་ལྟར་བྱས་པ་རེད། དོན་དངོས་ཅི་ཞིག་བྱས་ཡོད་པ་རེད།

ཕྱི་ལོ ༡༩༨༠ ལོ་ནས་བཟུང་རྒྱ་གཞུང་གིས་གཏན་འཇགས་སློབ་གྲྭ་མང་པོ་འཛུགས་སྐྲུན་བྱས་ཏེ་བོད་པ་རྒྱལ་ཁབ་ཞིག་ཡིན་པའི་རྨང་གཞིའི་ངོ་བོ་ལ་དོ་ཕོག་བཟོ་རྒྱུ་གཙོ་བོ་བྱས་ཡོད། བོད་ཁུལ་དུ་གཏན་འཇགས་སློབ་གྲྭ་བཙུགས་ནས་མི་ལོ་བཞི་བཅུ་འགོར་བའི་གྲུབ་འབྲས་ནི། རྒྱ་ནག་གིས་བོད་ཀྱི་རྒྱ་ཁྱོན་ཆུང་རུ་བཏང་བ་དང་། རྒྱ་ནག་གི་གྲོང་ཁྱེར་ཁག་ཏུ་བོད་པའི་མི་ཐོག་བཞི་བ་ཚོ་ལ་ཁེ་ཕན་ཆུང་བའི་ལས་ཀ་སྤྲོད་བཞིན་པ།   ཕྱི་ལོ ༢༠༡༨ ལོ་ནས་བཟུང་རྒྱ་ནག་གིས་བོད་ཁུལ་དུ་ལག་ལེན་བྱེད་བཞིན་པའི་ཤེས་ཡོན་སློབ་གསོ་དེ་གསར་དུ་བྱིས་པའི་སྡེ་ཁག་ཏུ་རྒྱ་ནག་གི་མི་སེར་སྤེལ་ཡུལ་གཏན་འཇགས་སློབ་གྲྭ་བཙན་བཀོལ་བྱས།   ཕྱི་ལོ ༢༠༡༦ ལོ་ནས་རྒྱ་གཞུང་གིས་སྔོན་འགྲོའི་གཏན་འཇགས་སློབ་གྲྭ་ནི་ཤེས་ཡོན་སློབ་གསོའི་ཆ་ཤས་གལ་ཆེན་དུ་རྩིས་ནས་བོད་ཁམས་ཡོངས་སུ་ལག་བསྟར་བྱེད་བཞིན་པ་ཡིན།

དྲི་བ། རྒྱ་ནག་དམར་གཞུང་གིས་བོད་ཀྱི་རིག་གཞུང་རྩ་གཏོར་བྱེད་བཞིན་ཡོད། རྒྱུ་མཚན་ཅིའི་ཕྱིར་རྒྱ་ནག་དམར་གཞུང་གི་ཤེས་ཡོན་སློབ་གསོས་བོད་ཀྱི་མ་འོངས་པ་ལ་བྱེ་བྲག་གི་ཤུགས་རྐྱེན་ཉེན་ཚབས་ཅན་ཅི་ཞིག་སྤྲོད་ཀྱིན་ཡོད།

ཕྱི་ལོ་ ༢༠༠༦ ནས་བཟུང་རྒྱ་ནག་གིས་ལོ་ ༤ ནས་ ༦ བར་བྱིས་པ་མང་པོ་ཞིག་སྔོན་འགྲོའི་གཏན་འཇགས་སློབ་གྲྭར་བཅུག་ནས་རྒྱ་ཡིག་དང་རྒྱའི་རིག་གཞུང་གཅིག་པུ་སློབ་ཁྲིད་བྱས། ཀློག་འདོན་རྒྱུ་ཆ་དག་གིས་བྱིས་པ་ཚོ་ཧ་ཅང་གདུག་རྩུབ་ཅན་ཞིག་བཟོས་འདུག བོད་ནང་དུ་ཡོད་པའི་རྒྱ་ནག་གི་སྔོན་འགྲོའི་གཏན་འཇགས་སློབ་གྲྭ་ཁག་གིས་བོད་པའི་བསམ་བློའི་སློབ་གསོ་ལ་གསར་བརྗེ་དང་ངོ་བོ་དང་སྲོལ་རྒྱུན་རྩ་གཏོར་བྱེད་བཞིན་ཡོད། གལ་ཏེ་ཤེས་ཡོན་སྲིད་ཇུས་དེ་མི་ལོ་ ༡༥ ནས་ ༢༠ བར་མུ་མཐུད་དུ་བོད་ཀྱི་བྱིས་པའི་སྡེ་ཁག་ཏུ་བཙན་བཀོལ་བྱས་ན། བོད་མི་རིགས་ཀྱི་ལོ་ངོ་བཞི་སྟོང་བདུན་བརྒྱའི་རིང་གི་དཔལ་ཡོན་གྱི་ལོ་རྒྱུས་དག་རྩ་བ་ནས་མེད་པར་འགྱུར་སྲིད། ད་དུང་བོད་མི་རིགས་ཚོས་༧གོང་ས་མཆོག་དང་རྒྱ་གཞུང་བར་གྱི་འདུན་འགྲིག་ཀྱི་མཇུག་འབྲས་གང་ཡང་ལོངས་སྤྱོད་བྱེད་ཐབས་མེད།

དྲི་བ། ང་ཚོས་ཤེས་གསལ་ལྟར་སྐྱོན་བརྗོད་གཅིག་པུའི་མི་ཆོག་ལ། འཛམ་གླིང་ཐོག་གི་སྲིད་གཞུང་དང་རྒྱལ་སྤྱིའི་ལྟེ་གནས་རྣམས་ཀྱིས་དོན་དངོས་ཅི་ཞིག་བྱེད་ཐུབ་བམ། ད་ལྟ་ནར་སོན་བཞིན་པའི་བོད་ཀྱི་མི་རབས་ཚོའི་མགོ་ཐོག་ཏུ་བཙན་བཀོལ་བྱེད་བཞིན་པའི་སྲིད་ཇུས་འདི་ལ་ཁ་ཡོད་ལག་ཡོད་ཀྱི་ལས་འགུལ་དང་རྒྱ་ནག་དམར་གཞུང་ཅི་ལྟར་བཀག་འགོག་བྱེད་དགོས།

ད་ལྟའི་ཆར་རྒྱལ་སྤྱིའི་ཚོགས་པ་དང་ལྟེ་གནས་རྣམས་ཀྱིས་སྟོབས་ཤུགས་ཆིག་སྒྲིལ་བྱས་ནས་རྒྱ་ནག་ལ་གནོན་ཤུགས་སྤྲད་པ་དང་མི་རིགས་རྩ་གཏོར་གྱི་སྲིད་ཇུས་བཟོ་མཁན་རྣམས་ལ་དམ་བསྒྲགས་བཀའ་ཆད་གཏོང་དགོས། གལ་ཏེ་རྒྱ་ནག་དམར་གཞུང་གི་རིག་གཞུང་དང་མི་རིགས་རྩ་གཏོར་གྱི་སྲིད་ཇུས་མཚམས་འཇོག་དགོས་ཚེ་ཛ་དྲག་གིས་བྱེད་དགོས་པ་ཞིག་ཡིན། གལ་ཏེ་རྒྱལ་སྤྱིའི་ལྟེ་གནས་ཁང་དག་གི་ད་ལྟ་རྒྱ་ནག་དམར་གཞུང་གིས་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་མུ་མཐུད་དུ་གཏང་བ་ཡིན་ན། མ་འོངས་པར་ཚོགས་སྡེ་ནས་ཚོགས་སྡེར་ཁྱབ་བརྡལ་དུ་འགྲོ་སྲིད།

དྲི་བ། རྒྱ་ནག་དམར་གཞུང་གིས་ རྒྱ་བསྒྱུར་སྲིད་ཇུས་ ཟེར་བཞིན་ཡོད། དེ་ནི་རིག་གཞུང་མི་མཐུན་པ་མང་པོ་ཞིག་རྒྱ་ནག་དམར་གཞུང་གི་ས་མཚམས་ནས་སྤྱི་མཐུན་གྱི་འཚེ་བ་མེད་པའི་ཕ་ཁྱིམ་ཞིག་འཛུགས་སྐྲུན་བྱེད་རྒྱུ་དེ་ཨེ་རེད།

རྒྱ་ནག་དམར་གཞུང་གིས་ཡང་དང་བསྐྱར་དུ་འཛམ་གླིང་ཁྱོན་ཡོངས་ལ་སྐྱག་རྫུན་བཤད་ནས་ལོ་རབས་ནས་ལོ་རབས་འགྲོ་བཞིན་ཡོད། ཡིན་ནའང་སྐྱག་རྫུན་དེ་དག་ལས་རྒྱལ་སྤྱིའི་ཐོག་གི་ཚོགས་པ་དང་ལྟེ་གནས་མང་པོས་དྲང་བདེན་རྟོགས་ཡོད། རྒྱ་ནག་དམར་གཞུང་གི་བཤད་པའི་རིག་གཞུང་མི་མཐུན་པའི་བར་གྱི་འཚེ་བ་མེད་པ་ནི་མི་རིགས་མང་པོའི་རིག་གཞུང་མི་མཐུན་པ་མང་པོ་ཞིག་རྩ་འདོར་བྱེད་ཆེད་རྫུན་ཁ་གཡར་བ་ཞིག་ཡིན། དོན་དངོས་ རྒྱ་བསྒྱུར་སྲིད་ཇུས་ ཟེར་བའི་གོ་དོན་ནི་ལྡོག་ཕྱོགས་ཡིན། རིག་གཞུང་སྣ་ཚོགས་གཏོར་བཤིག་དང་། མི་རིགས་གཞན་པ་རྣམས་ལ་རྒྱ་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་བཙན་བཀོལ་བྱེད་རྒྱུ་དེ་ཡིན། དེ་འདྲའི་གཏོར་བཤིག་འོག་ནས་རྒྱ་ནག་དམར་གཞུང་གིས་འཆར་གཞི་ལྟར་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ནི་མི་རིགས་གཅིག སྐད་ཡིག་གཅིག རིག་གཞུང་གཅིག་ཅན་གྱི་རྒྱལ་ཁབ་ཞིག་ལ་བསྒྱུར་རྒྱུ་དེ་ཡིན།

དབྱིན་ཡིག་གི་འབྲེལ་ཐག https://bitterwinter.org/all-starts-at-school-dr-gyal-lo-denounces-the-ccp-genocidal-policy-in-tibet/

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese