མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏུན་ཧོང་བྲག་ཕུག་གི་གནའ་རྫས་རྣམས་ལ་འཇིག་ཉེན་ཆེན་པོ་ཡོང་གི་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༧/༢༤
Share on FacebookShare on TwitterShare on EmailShare on Whatsapp

ཀན་སུའུ་ཞིང་ཆེན་ཏུན་ཧོང་རྫོང་སོགས་སུ་ཆར་ཞོད་ཆེ་བའི་རྐྱེན་གྱིས་གནའ་རྫས་ཉམས་ཞིབ་པ་ཚོས་གནའ་རྫས་ཀྱི་བང་མཛོད་ཆེན་མོ་ཏུན་ཧོང་བྲག་ཕུག་གི་ལྡེབས་རིས་དང་ལྷ་སྐུ་སོགས་ལ་གནོད་པ་ཆེན་པོ་ཐེབས་ཉེན་ཡོད་སྐོར་བརྗོད་འདུག

Wang Weidong, Deputy Director of Zhangye Cultural Relics Research and Management Institute. 张掖市文物研究管理所副所长王卫东 © 李隽辉 / Greenpeace / 华风创新

ཉེ་ལམ་འཛམ་གླིང་གནམ་གཤིས་འགྱུར་ལྡོག་གིས་ཆར་པ་ཤུགས་ཆེན་བབས་པའི་རྐྱེན་གྱིས། ཏུན་ཧོང་བྲག་ཕུག་ནང་ཡོད་པའི་གནའ་རྫས་རྣམས་འཕྲོ་བརླག་ཕྱིན་ཏེ་འཇིག་ཉེན་ཡོད་པའི་དཀའ་ངལ་འཕྲད་བཞིན་འདུག དེ་ཡང་ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་རྒྱ་ནག་པེ་ཅིན་དུ་ཏུན་ཧོང་ཉམས་ཞིབ་གཙུག་ལག་སློབ་གཉེར་་ཁང་གི་མཁས་པ་དང་ཤར་ཨེ་ཤ་ཡའི་ (Greenpeace) ཚོགས་པའི་གནམ་གཤིས་བརྟག་དཔྱད་ཀྱི་ཚན་རིག་པ་ཁག་ཅིག་གིས། ཉེ་བའི་ལོ་ཤས་ནས་བཟུང་ཀན་སུའུ་ཁུལ་དུ་ཆར་པ་ཤུགས་ཆེན་བབས་བ་དེས་ཏུན་ཧོང་བྲག་ཕུག་གི་གནའ་རྫས་ལ་ཤུགས་རྐྱེན་གང་འདྲ་ཐེབས་ཀྱི་ཡོད་མེད་དང་གནམ་གཤིས་འགྱུར་ལྡོག་གི་སྐོར་ལ་བགྲོ་གླེང་བྱེད་སྐབས། ཤར་ཨེ་ཤ་ཡའི་ (Greenpeace) ཚོགས་པའི་ཉམས་ཞིབ་པ་རྒན་པ་ལི་ཀྲའོ་ (Li Zhao) ཡིས། གནམ་གཤིས་འགྱུར་ལྡོག་ཕྱིན་པའི་རྐྱེན་གྱིས་བྱེ་ཐང་ཁུལ་དུ་དྲག་ཆར་བབས་པ་དང་། ཞིང་ལས་ས་ཁུལ་དུ་ཐན་པ་འབྱུང་གི་ཡོད་པ་རེད། ལོ་ངོ་བརྒྱ་ཕྲག་མང་པོའི་གོང་ནས་ཀན་སུའུ་ཁུལ་དུ་སྙན་གྲགས་ཆེ་བའི་བྲག་ཕུག་དང་གནའ་རྫས་རིགས་མང་པོ་ཉར་ཚགས་བྱས་ཡོད་རེད། འོན་ཀྱང་། ཆར་པ་ཤུགས་ཆེན་བབས་པའི་རྐྱེན་གྱིས་བཞའ་ཚན་འཁོར་བ་དང་བྲག་ཕུག་ལ་རྡིབ་སྐྱོན་ཤོར་ནས་རིམ་པས་གནའ་རྫས་ཁ་ཤས་མེད་པར་ཆགས་སྲིད་སྐོར་བརྗོད་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་སུ། ཆར་ཆུས་བོད་ནང་གི་གནའ་རྫས་མང་པོ་འཕྲོ་བརླག་ཏུ་འགྲོ་ཡི་ཡོད་པའི་གནད་དོན་ཐད་དགོངས་ཚུལ་ག་རེ་ཡོད་སྐོར་དྲིས་པར་ཁོང་གིས། སྤྱིར་བཏང་བོད་ནང་གནའ་རྫས་ཀྱི་རིགས་མང་པོ་ཞེ་དྲགས་ཡོད་པ་རེད། དེང་སང་གནམ་གཤིས་འགྱུར་ལྡོག་དང་ཚན་རིག་གི་ལས་འགུལ་མང་པོ་ཞིག་གི་ཐོག་ནས་བོད་ནང་དུ་རྒྱ་ནག་གི་ལས་གཞི་མང་པོ་ཞིག་སྤེལ་གྱི་ཡོད་པར་བརྟེན། གནའ་རྫས་ཀྱི་ཐོན་ཁུངས་དང་བསྟི་གནས་མང་པོ་ཞིག་འཇིག་འགྲོ་ཡི་ཡོད་པ་རེད། དེ་ཡང་ད་ལོར་དམིགས་བསལ་གྱིས་ཧི་མ་ལ་ཡའི་ས་ཁུལ་དང་ལྷོ་ཨེ་ཤ་ཡ། དེ་བཞིན་བོད་ནང་དུ་ཆར་པ་ཤུགས་ཆེན་བབས་པ་དང་ས་རུད་སོགས་འབྱུང་བའི་དོན་རྐྱེན་མང་པོ་བྱུང་སྟེ། གནའ་རྫས་མང་པོ་འཇིག་པ་དང་གར་་སོང་ཆ་མེད་དུ་གྱུར་གྱི་ཡོད་པ་དང་། སྤྱིར་བཏང་རྒྱ་ནག་གཞུང་གིས་གནའ་རྫས་ཐོག་ལ་དོ་སྣང་བྱས་ནས་བོད་ནང་དུ་གནའ་རྫས་ཀྱི་བསྟི་གནས་མང་པོ་ཞིག་ཉམས་གསོ་བྱེད་ཀྱི་ཡོད་རེད། འོན་ཀྱང་། རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱ་རྒྱུ་དང་། བོད་མི་རིགས་ཀྱི་གོམས་གཤིས་རྩ་མེད་གཏོང་རྒྱུ། དེ་བཞིན་བོད་མི་རིགས་ཀྱི་བསམ་བློའི་སློབ་གསོ་རྒྱ་ནག་ཅན་དུ་བསྒྱུར་བ་དང་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་དུ་བསྒྱུར་རྒྱུའི་སྲིད་ཇུས་གཏན་འབེབས་བྱས། སྲིད་ཇུས་དེ་དག་ལག་བསྟར་བྱས་ཏེ་བོད་ཀྱི་ལོ་རྒྱུས་ནག་གསུབ་གཏོང་ཕྱིར། རྡོ་རིང་དང་བང་སོ་སོགས་མེད་པར་བཟོས་ཏེ་རིམ་པས་གནའ་རྫས་དེ་དག་མེད་པར་བཟོ་ཡི་ཡོད་པ་རེད། གཞན་ཡང་། རྒྱ་ནག་གིས་བོད་ནང་དུ་འཛུགས་སྐྲུན་མང་པོ་བྱེད་ཀྱི་ཡོད་པར་བརྟེན། གནའ་རྫས་དང་འབྲེལ་བའི་རི་མང་པོ་ཤིག་གཏོར་བཤིག་བཏང་སྟེ་གནའ་རྫས་མང་པོ་འཕྲོ་བརླག་ཏུ་གཏོང་གི་ཡོད་པ་རེད། དེར་བརྟེན་དོན་དངོས་སུ་རྒྱ་ནག་གིས་བོད་ནང་གི་གནའ་རྫས་ཉར་ཚགས་དང་སླར་གསོ། ཞིབ་འཇུག་སོགས་ཧ་ཅང་ཉུང་ཉུང་བྱེད་ཀྱི་ཡོད་པ་དང་། བོད་ཀྱི་གནའ་རྫས་ལ་བདག་སྤྲོད་མེད་པར་རྒྱ་ནག་གཞུང་གི་སྲིད་ཇུས་དང་འབྲེལ་བའི་ཐོག་ནས་གནའ་རྫས་དེ་དག་མེད་པར་བཟོ་ཡི་ཡོད་སྐོར་བརྗོད་བྱུང་།

ཡང་བོད་ཀྱི་གནའ་རྫས་བདག་གཅེས་ཇི་ལྟར་བྱ་དགོས་མིན་ཐད་ཁོང་གིས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འོག་ལ་གནའ་རྫས་བདག་གཅེས་ཀྱི་ཚན་པ་ཡོད་པ་རེད། གནའ་རྫས་བདག་གཅེས་བྱེད་པར་གནའ་རྫས་དང་འབྲེལ་བའི་ལོ་རྒྱུས་ཀྱི་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཡིན་པ་དང་། གནའ་རྫས་ཀྱི་རིན་ཐང་ཤེས་པའི་ཐོག་ནས་ལོ་རྒྱུས་ལ་ཞིབ་འཇུག་བྱ་དགོས་ཀྱི་ཡོད་རེད། གནའ་རྫས་ཞིབ་འཇུག་ (Archaeological survey) ཤུགས་ཆེན་བྱས་ཏེ། གནའ་རྫས་ཀྱི་རིན་ཐང་ངོ་འཕྲོད་པའི་ཐོག་ནས་བདག་ཉར་བྱ་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད་རེད། གནའ་རྫས་བདག་ཉར་བྱེད་པར་མི་སྣ་གསོ་སྐྱོང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་བྱུང་།

ཏུན་ཧོང་བྲག་ཕུག་ནི་ཀན་སུའུ་ཞིང་ཆེན་གྱི་བྱང་མཐའི་ལི་ཡུལ་དང་འབྲེལ་མཚམས་ཀྱི་ཏུན་ཧོང་རྫོང་ནས་ཤར་ལྷོའི་ཕྱོགས་ལ་སྤྱི་ལེ་ཉེར་ལྔ་ཙམ་གྱི་སར་ཡོད་ཅིང་། ནམ་རྒྱུན་ལྷ་སྐུ་སྟོང་གི་བྲག་ཕུག་ཞེས་འབོད་ཀྱི་ཡོད་པ་རེད། བྲག་ཕུག་དེར་ཡོངས་གྲགས་སུ་ལོ་ངོ་ཕལ་ཆེར་ཉིས་སྟོང་ལྷག་གི་ལོ་རྒྱུས་ཡོད་འདུག གནས་དེ་ནི་གནའ་དུས་སུ་བོད་དང་ཕྱི་གླིང་བར་གྱི་ཚོང་པ་དང་། ལག་ཤེས་བ། རབ་བྱུང་བཙུན་པ་སོགས་ཀྱི་འགྲུལ་ལམ་ལྟེ་བ་ཞིག་ཡིན་འདུག་ལ། ད་ལྟའང་བྲག་ཕུག་ ༤༩༢ ་དང་ལྡེབས་རིས་སྨི་གྲུ་བཞི་མ་བཞི་ཁྲི་ལྔ་སྟོང་ལྷག་དང་ལྷ་སྐུ་ཉིས་སྟོང་ལྷག་ཡོད་ཅིང་། གཏེར་མའི་བྲག་ཕུག་ལས་གནའ་རབས་ཀྱི་དཔེ་རྙིང་འབོར་ཆེན་བྱུང་ཡོད་པ་རེད། བོད་ཀྱི་བཙན་པོ་རྣམས་ཀྱིས་ལོ་ངོ་བརྒྱ་ཕྲག་ལྷག་གི་རིང་ལ་ཏུན་ཧོང་བདག་བཟུང་བྱས་ཏེ་བྲག་ཕུག་སུམ་བཅུ་ལྷག་བརྐོས་པ་དང་། ད་ལྟ་བོད་ཀྱི་ལོ་རྒྱུས་ཞིབ་འཇུག་གི་ངོས་ནས་ཏུན་ཧོང་ནས་ཐོན་པའི་རྒྱུ་ཆ་དག་ནི་ཁུངས་བཙན་ཤོས་དང་གཞི་འཛིན་ས་གཙོ་བོ་ཞིག་ཏུ་གྱུར་ཏེ་ཨ་རི་དང་ཡུ་རོབ། རྒྱ་ནག་སོགས་རྒྱལ་ཁབ་མང་པོའི་གནའ་རྫས་འགྲེམས་སྟོན་ཁང་ཁག་ཏུ་ཁྱེར་ཕྱིན་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

Mandi district of Himachal pradesh (Photo: PTI)
Mobile App

ཀུ་ལུ་མ་ན་ལིའི་བོད་མིའི་གཞིས་ཆགས་ནང་ཆུ་ལོག་གནོད་སྐྱོན་བྱུང་།

༢༠༢༣/༠༧/༡༠

མཆན། 1

  1. ཆེ་དཔག་རིག་འཛིན། says:
    ལོ་ 2 སྔོན།

    མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་དེབ་ཐེར་དཀར་པོ་ལྟར་ན། ཕྱི་ལོ་ ༧༨༡ ནས་ ༨༤༨ བར་ལོ་དྲུག་ཅུ་རེ་བདུན་གྱི་རིང་བོད་ཀྱིས་ཏུན་ཧོང་དབང་དུ་བྱས་གསུངས་འདུག ཡོང་ཁུངས། གུར་མགོན་སྐྱབས་ཀྱིས་བརྩམས་པའི་དྲིན་གྱི་བུ་ལོན། ཤོག་ངོས་ ༢༡༤ ལོ་རྒྱུས་རྒྱས་པ་ཤོག་གྲངས་ ༢༡༣ ནས་ ༢༡༧ ལ་གཟིགས་རོགས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese