མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ལ་དྭགས་བོད་ཁྱིམ་ནང་ཆིབས་བསྒྱུར་བསྐྱངས་ཏེ་བོད་ཀྱི་གཞོན་སྐྱེས་ཚོས་བོད་ཡིག་སྦྱང་བརྩོན་བྱ་རྒྱུ་གལ་ཆེན་ཡིན་སྐོར་གྱི་བཀའ་སློབ་བསྩལ། 

བོད་ཀྱི་དུས་བབ།
༢༠༢༣/༠༧/༢༦
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་བོད་མི་རྣམས་ལ་དམིགས་བསལ་གྱི་བཀའ་སློབ་གནང་སྐབས་བོད་མི་ཚོས་བོད་ཀྱི་ཆོས་རིག་སྲུང་སྐྱོབ་གནང་དགོས་པའི་ཁར་བོད་རིགས་གཞོན་སྐྱེས་ཚོས་བོད་ཀྱི་སྐད་ཡིག་ལ་སྦྱང་བརྩོན་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་ཡིན་པ་སོགས་ཀྱི་བཀའ་སློབ་བསྩལ་གནང་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་དྭགས་བོད་ཁྱིམ་དུ་ཕེབས། ༢༠༢༢ །༧།༢༦ བོད་ཀྱི་དུས་བབ་ཀྱི་པར།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ཡུལ་བ་(ལ་དྭགས་ཀྱི་བོད་མི) ཚོས་དགའ་སྤྲོ་ཆེན་པོའི་ཐོག་ནས་སྤོབས་པ་དང་བཅས་ཏེ་གཞས་དང་ཞབས་བྲོ་གནང་བ་རེད། གཙོ་ཆེ་ཤོས་ཁྱེད་རང་ཚོ་ཚང་མའི་ལྷག་བསམ་དང་། དད་པ་གཡོ་བ་མེད་པའི་ཐོག་ནས་དགའ་བསུ་གནང་གི་ཡོད་རེད། ཐུགས་རྗེ་ཆེ་ཞུ་ཡི་ཡིན། ང་རང་ཚོ་བོད་ཁ་བ་གངས་ཅན་འཕགས་པ་སྤྱན་རས་གཟིགས་ཀྱི་གདུལ་ཞིང་དེ། སྔོན་ཆོས་རྒྱལ་སྲོང་བཙན་སྒམ་པོ་ནས་བཟུང་སོ་སོའི་སྐད་དང་ཡི་གེའི་གཞི་རྩ་ཚུགས་པ་རེད། དེའི་རྗེས་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་གྱི་ཁ་ཐུག་ཏུ་རྒྱ་གར་ནས་མཁན་ཆེན་ཞི་བ་འཚོ་གདན་ཞུ་གནང་། མཁན་ཆེན་ཞི་བ་འཚོ་དེ་དུས་ལེནྜའི་མཁས་པའི་གཙུག་རྒྱན་གྱི་གྲས་ཆགས་བསྡད་ཡོད་རེད། བྱས་ཙང་མཁན་ཆེན་ཞི་བ་འཚོས་བོད་ལ་སྐད་ཡིག་ཟུར་དུ་འདུག ལེགས་སྦྱར་སྐད་བསླབ་རྒྱུ་དང་། དེ་བཞིན་པཱ་ལི་བསླབ་དགོས་མི་འདུག བོད་སྐད་ཀྱི་ཐོག་ལ་སྟོན་པའི་གསུང་དང་རྒྱ་གར་མཁས་པའི་གཞུང་དེ་ཚོ་ཚུར་བསྒྱུར་རྒྱུ་གལ་ཆེན་པོ་རེད་འདུག་ཅེས་གསུངས་པ་བཞིན། རིམ་པས་ལེགས་སྦྱར་དང་པཱ་ལི་ཡི་གཞུང་དུ་ཡོད་པའི་བཀའ་དང་བསྟན་བཅོས་རྣམས་བོད་ཡིག་ལ་བསྒྱུར་ནས། བཀའ་འགྱུར་པོ་ཏི་བརྒྱ་ཙམ་དང་བསྟན་འགྱུར་པོ་ཏི་ཉིས་བརྒྱ་ཞིག་ཡོད་རེད། དེ་དག་དངོས་གནས་བྱས་ན་ང་ཚོའི་སློབ་དེབ་ཆགས་ཡོད་རེད། གྲྭ་ས་ཚོས་རང་རང་གི་ཡིག་ཆ་དེ་དག་གཙོ་བོར་བལྟས་ནས་ཁུངས་བཅོལ་ས་དེ། བཀའ་འགྱུར་བསྟན་འགྱུར་ལ་གཏུགས་ནས་སློབ་སྦྱོང་བྱས་པའི་ཁ་ཐུག་ལ་བཀའ་འགྱུར་བསྟན་འགྱུར་ལ་སློབ་སྦྱོང་བྱས་ནས་དེའི་སྙིང་པོ་དེ་གང་ལ་གང་འཚམ་སློབ་སྦྱོང་བྱས་ནས་ཤེས་ཀྱི་ཡོད་རེད། བོད་གངས་ཅན་གྱི་ལྗོངས་ལ་བཀའ་འགྱུར་བསྟན་འགྱུར་ཟེར་ནས་པོ་ཏི་ཧ་ལམ་སུམ་བརྒྱ་སྐོར་ཞིག་ཡོད་པ་དེ་དག་ང་ཚོའི་སློབ་དེབ་རེད། བོད་གངས་ཅན་གྱི་ལྗོངས་ཀྱི་སྔ་འགྱུར་རྙིང་མ། གསར་པའི་ནང་ལ་བཀའ་བརྒྱུད། ས་སྐྱ། ཇོ་ནང་དང་། དགེ་ལུགས་པ་བྱས་ནས་བསྟན་བཅོས་མང་པོ་བརྩམས་ཏེ། ང་ཚོ་བོད་ལ་འཛམ་བུ་གླིང་འདིའི་སྒང་ལ་སངས་རྒྱས་ཀྱི་བསྟན་པར་ལུང་དང་རིག་པས་བསྒྲུབས་ནས་བཤད་རྒྱུ་ཡོད་པ་དེ། ཕལ་ཆེར་སྤུས་དག་ཤོས་དང་ཟབ་ཤོས་ཆགས་འདུག  ངོས་རང་གིས་ནང་པའི་ཡུལ་གྲུ་མང་པོ་ནས་ཕེབས་པའི་ནང་པ་དེ་འདྲ་མཇལ་གྱི་ཡོད་རེད། བཀའ་མོལ་ཡོང་གི་རེད། བལྟ་ཡོང་དུས་ང་རང་ཚོ་བོད་ལ་ཡོད་པའི་ནང་པའི་ཆོས་ཀྱི་ཐོས་བྱུང་གི་ཤེས་རབ། བསམ་བྱུང་གི་ཤེས་རབ། དེ་དག་དངོས་གནས་དྲང་གནས་སྤུས་དག་པོ་རེད་འདུག ད་ཐོས་བསམ་སྔོན་དུ་སོང་བའི་ཐོག་ནས་སྒྲུབ་པ་ལ་ཞུགས་ནས། སྒོམ་ཉམས་ལེན་གནང་མཁན་མང་པོ་ཡོང་གི་འདུག ཐོས་བསམ་སྒོམ་པ་ཡ་མ་བྲལ་བའི་ཐོག་ནས། སངས་རྒྱས་ཀྱི་ལུང་རྟོགས་ཀྱི་བསྟན་པ་གཉིས་པུ་འདི་ཤེས་སྒྲུབ་གཉིས་ཀྱི་ཐོག་ནས། འཛིན་སྐྱོང་སྤེལ་གསུམ་གནང་མཁན་ཞིག་ཆགས་ཏེ། ལྷག་པར་རིམ་པས་བོད་ལ་ཚད་མའི་གཞུང་དེ་དག་བསྒྱུར་ནས་བཤད་གྲྭ་གཙོ་ཆེ་བ་དེ་དག་གིས་ཚད་མའི་གཞུང་བསླབས་པ་དང་ཆབས་ཅིག་ཕྱྭ་པ་ཆོས་སེང་གིས་སྲོལ་གཏོད་པའི་རྟགས་གསལ་གཏང་རྒྱུ་དེ་ཚུགས་པ་རེད། དེས་ལུང་ཙམ་ལ་སྐྱབས་སུ་མཆིས་པ་མ་ཡིན་པར། རིག་པས་དཔྱད་དགོས་པའང་བཅོམ་ལྡན་འདས་རང་གིས་གསུངས་འདུག ཅེས་གསུངས་སོང་།

ལ་དྭགས་བོད་ཁྱིམ་དུ་འཛོམས་པའི་དད་ལྡན་མང་ཚོགས། ༢༠༢༢ །༧།༢༦ བོད་ཀྱི་དུས་བབ་ཀྱི་པར།

ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ང་ཚོ་ཚང་མའི་འཛམ་གླིང་ཞི་བདེ་ཟེར་ནས་བཤད་བསྡད་ཀྱི་ཡོད་རེད། དངོས་གནས་གལ་ཆེན་པོ་རེད། དམག་ཆེན་དང་པོ་བརྒྱབ་ནས་མི་ག་ཚོད་བསད་སོང་། དམག་ཆེན་གཉིས་པ་བརྒྱབ་ནས་མི་ག་ཚོད་བསད་སོང་། གཏོར་བཤིག་ག་ཚོད་བཏང་སོང་། དེ་དག་ལ་བསམ་བློ་གཏོང་དུས་དངོས་གནས་དྲང་གནས་སེམས་ཀྱི་ཞི་བདེ་མ་བྱུང་ན། གཞུང་ཚོས་གྲོས་ཆོད་བཞག་པའི་ཟོལ་དང་། གསུང་བཤད་བྱས་པའི་ཟོལ་ཞིག་གིས་འཛམ་གླིང་ཞི་བདེ་ཡོང་ཐུབ་རྒྱུ་ཞིག་མི་འདུག ཞི་བདེ་སེམས་ནས་བཟོས་དགོས་ཀྱི་འདུག  ང་ཚོ་བོད་ལ་ཡོད་པའི་སེམས་ཁམས་རིག་པ་དེས་སེམས་ལ་ཞི་བདེ་བསྐྲུན་རྒྱུ་དེ་ཞེ་དྲགས་གལ་ཆེན་པོ་རེད་འདུག སངས་རྒྱས་ཀྱི་བསྟན་པ་དེ་དངོས་གནས་དྲང་གནས་རྒྱ་ཆེན་པོ། གཏིང་ཟབ་པོ། རིག་པས་དཔྱད་པ་བྱ་རྒྱུ་ཡོད་པ། ཚན་རིག་དང་མཉམ་དུ་འགྲོ་ཐུབ་རྒྱུ་ཞིག་ཆགས་བསྡད་ཡོད་པ་ཡིན་དུས། ང་ཚོ་ཚང་མའི་དོ་སྣང་བྱོས། སློབ་སྦྱོང་བྱ་རྒྱུ་དེ་གལ་ཆེན་པོ་ཞེ་དྲགས་རེད། ཆོས་ཟེར་དུས་ཚོགས་འཚོགས་ན་འདོན་པ་གདོན་རྒྱུ་དང་། སྨོན་ལམ་བརྒྱག་བསྡད་ཡ་ཞིག་མ་རེད། ཆོས་ཟེར་དུས་སེམས་ལ་འགྱུར་བ་བཏང་ནས། སེམས་ལ་ཁོང་ཁྲོ་དང་ང་རྒྱལ་སྐྱེས་ཡོང་དུས། དེའི་གཉེན་པོ་བསྟེན་ནས་ལྷོད་ལྷོད་ཆག་རྒྱུ་ཞིག གཙོ་བོ་རང་གཞན་རོགས་གསུམ་དང་མཐར་ཐུག་ན་སེམས་ཅན་ཐམས་ཅད་ལ་ཇི་སྲིད་འཚོ་བའི་བར་དུ་སྙིང་ཁོངས་རུས་པའི་གཏིང་ནས། བརྩེ་བ་དང་། ཕན་ཐོགས་པའི་བློ་ཞིག་གི་ཐོག་ནས་དངོས་ཤུགས་བརྒྱུད་གསུམ་ནས་ཕན་ཐོགས་བྱ་རྒྱུ། ལྷག་པར་སེམས་ཁམས་རིག་པའི་ཐོག་ནས་སེམས་ཀྱི་ཞི་བདེ་བསྐྲུན་ཐབས་ཐད་བགྲོ་གླེང་བྱ་རྒྱུ་དཔེ་གལ་ཆེན་པོ་རེད་འདུག་པས། བོད་པ་གཞོན་སྐྱེས་ཚོས་དེའི་ཐོག་ (སེམས་ཁམས་རིག་པ) དོ་སྣང་ཡག་པོ་ཞིག་གནང་ཤོག ངོས་རང་ལ་ཆ་བཞག་ན་རྒྱ་ནག་གུང་ཁྲན་གྱིས་བོད་ལ་མནར་གཅོད་བྱས་པ་དེར་བསམ་བློ་འཁོར་དུས། དེ་ལ་སྙིང་རྗེ་སྐྱེས་ཡ་ཞིག་མ་གཏོགས་ཁོང་ཁྲོ་ལང་ཡ་ཡོང་གི་མི་འདུག བྱས་ཙང་ང་རང་ཚོས་སེམས་ཁམས་རིག་པའི་ཐོག་སེམས་ཞི་བདེ་ལྷོད་ལྷོད་ཡོང་ཡ་ཞིག་གི་ཐོག་ནས། འཛམ་གླིང་ཞི་བདེ་བསྐྲུན་རྒྱུ་དེ། ཆོས་དང་སྐྱེས་བ་ཕྱི་མའི་སྐད་ཆ་མ་རེད། ཚེ་འདི་ལ་སེམས་ལྷོད་ལྷོད་བསྡད་རྒྱུའི་ཆ་རྐྱེན་ང་ཚོར་འདུག་ལ། དེ་འདྲའི་གོ་སྐབས་ཡོད་པའི་ཟོལ་འདྲ་བོ་ཞིག་འདུག་པས། ཚང་མའི་སེམས་ལ་བཅངས་ཤོག ཅེས་གསུངས་སོང་།

ཡང་༧མགོན་པོ་གང་ཉིད་ཀྱིས། བོད་པའི་སྐད་ཡིག་དེ་གལ་ཆེན་པོ་ཞེ་དྲགས་རེད་འདུག དེ་རིང་ཁ་སང་ནང་པའི་ལྟ་གྲུབ་ཀྱི་ཐོག་ལ་འགྲེལ་བཤད་རྒྱག་པའི་སྐད་ཡག་ཤོས་དེ་བོད་སྐད་རེད་འདུག བྱས་ཙང་ཁྱེད་རང་ཚོ་སློབ་ཕྲུག་ཚང་མས་དོ་སྣང་བྱོས། བཀའ་འགྱུར་བསྟན་འགྱུར་ནང་ཡོད་པའི་སྐད་ཡིག་གིས་མ་འདང་བར། ཚན་རིག་གི་སྐོར་ལ་མིང་ཚིག་གསར་པ་ཡོང་གི་ཡོད་རེད། དེ་ཚོའི་གྲས་སྣོན་པ་རྒྱག་གིན་རྒྱག་གིན་བྱས་ན་ཕན་ཐོགས་ཡོང་གི་རེད། ང་རང་ཚོ་བོད་པ་རིག་གཞུང་གི་ཐོག་ནས་བསམ་བློ་རྒྱ་ཆེན་པོ་དང་གཏིང་ཟབ་པོ་ཡོད་བསྡད་པ་ཞིག་རེད་འདུག དེར་ཚང་མས་དོ་སྣང་བྱོས། དེའི་རྩ་བ་དེ་བོད་ཡིག་ཆགས་བསྡད་ཡོད་རེད། བོད་ཡིག་ལ་དོ་སྣང་ཡག་པོ་བྱོས། བོད་ཡིག་ནང་མ་འདང་བ་དེ་ཡར་རྒྱས་མུ་མཐུད་གཏང་རྒྱུར་ཁྱེད་རང་ཚོ་གཞོན་སྐྱེས་ཚོའི་སེམས་ལ་ངེས་པ་བྱོས།  ཞེས་བླང་དོར་བཀའ་སློབ་བསྩལ་སོང་།

གསར་འགོད་པ་དཔལ་ལྡན་དང་དོན་འགྲུབ་བཀྲ་ཤིས་གཉིས་ཀྱིས་སླེ་ནས་སྤེལ།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese