མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འདས་པོ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་གསའ་ཝེ་ནི་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དུ་ཚུད།

བོད་ཀྱི་དུས་བབ།
༢༠༢༣/༠༧/༢༨
Share on FacebookShare on TwitterShare on EmailShare on Whatsapp

ཝེ་ནི་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་སྟེང་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་འདས་པོ་པདྨ་ཚེ་བརྟན་ལགས་སུ་རྗེས་དྲན་དང་གུས་བཀུར་ཞུ་སླད་གློག་བརྙན་གསའ་དུས་སྟོན་དུ་གཟིགས་འབུལ་ཞུ་རྒྱུ་ཡིན་སྐོར་བསྒྲགས་འདུག

SOURCE: MANI STONE PICTURES / REDIANCE ‘SNOW LEOPARD’

ཟླ་འདིའི་ཕྱི་ཚེས་ ༢༥ ཉིན་ཨེ་ཊ་ལི་རྒྱལ་ཁབ་ཀྱི་ལི་ཌོ་(Lido)གླིང་ཕྲན་དུ། རྒྱལ་སྤྱིའི་གློག་བརྙན་བཟོ་སྐྲུན་མཐུན་ཚོགས་(International Federation of Film Producers Association)ཀྱི་གོ་སྒྲིག་འོག སྐབས་ ༨༠ པའི་ཝེ་ནི་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་( 80th  Venice International Film Festival )གྱི་འོས་འདེམས་ཚོགས་ཆུང་གི་འགན་འཛིན་རོ་བྷར་ཌོ་ཁི་ཁུ་ཌོ་(Roberto Cicutto)ལགས་དང་། འཁྲབ་ཁྲིད་པ་ཨལ་བྷེར་ཌོ་བྷར་བྷེ་རཱ་(Alberto Barbera)་ལགས་ཀྱིས་གློག་བརྙན་དུས་ཆེན་གྱི་འོས་མིང་ཁོངས་སུ་ཚུད་པའི་གློག་བརྙན་གྱི་མིང་ཐོ་གསལ་བསྒྲགས་བྱས་ཡོད་ཅིང་། ཐེངས་འདིའི་གློག་བརྙན་དུས་སྟོན་གྱི་འོས་མིང་དུ་བོད་ནང་གི་གློག་བརྙན་འཁྲབ་ཁྲིད་གྲགས་ཅན་འདས་པོ་པདྨ་ཚེ་བརྟན་ལགས་ཀྱི་གཏམ་རྒྱུད་གློག་བརྙན་༼གསའ༽་ཡང་ཚུད་ཡོད་པ་དང་། དེ་ནི་འདས་པོ་པདྨ་ཚེ་བརྟན་ལགས་ཀྱིས་གློག་བརྙན་ལས་རིགས་ཆེད་དུ་བཞག་པའི་བྱས་རྗེས་ལ་རྗེས་དྲན་དང་གུས་བཀུར་ཞུ་སླད་ཡིན་སྐོར་བརྗོད་འདུག

ཁོང་གི་གློག་བརྙན་གྱི་སྐོར་ལ་འཁྲབ་ཁྲིད་པ་ཨལ་བྷེར་ཌོ་བྷར་བྷེ་རཱ་ལགས་ཀྱིས། པདྨ་ཚེ་བརྟན་ལགས་ནི་བོད་ཀྱི་རླབས་ཆེ་བའི་རྩོམ་པ་པོ་དང་། གློག་བརྙན་འཁྲབ་ཁྲིད་པ། འཁྲབ་གཞུང་རྩོམ་མཁན་བཅས་ཡིན། ཁོང་ཉིད་སྐུ་གཤེགས་བའི་རྗེས་སུ་གློག་བརྙན་འདི་ལེགས་འགྲུབ་བྱུང་བ་ཞིག་ཡིན། ཁོང་གི་གློག་བརྙན་ཐེངས་གསུམ་ལ་ཝེ་ནི་སི་གློག་བརྙན་དུས་སྟོན་དུ་འགྲན་བསྡུར་མཉམ་ཞུགས་བྱས་མྱོང་ཡོད་པ་མ་ཟད། རྒྱལ་སྤྱིའི་སྟེང་དུ་ཁོང་ལ་གློག་བརྙན་གཟེངས་རྟགས་ཀྱང་ཐོབ་ཡོད་པ་རེད། ད་ལོའི་ཕྱི་ཟླ་ ༥ ཚེས་ ༨ ཉིན་ཁོང་ཉིད་ང་ཚོ་དང་ཁ་བྲལ་བ་ཡིན་པས། ཁོང་གིས་ང་ཚོའི་ཆེད་དུ་གནང་བའི་ཕྱག་ལས་ལ་དྲན་གསོ་དང་གུས་བཀུར་ཞུ་དགོས་ངེས་རེད། ཅེས་གསུངས་སོང་།

པད་མ་ཚེ་བརྟན་ལགས་ཀྱི་གློག་བརྙན་༼གསའ༽ ནི་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༡༠ ནས་བཟུང་ཕབ་སྐྲུན་བྱེད་མགོ་ཚུགས་པ་ཞིག་ཡིན་འདུག་ཅིང་། གློག་བརྙན་འདིའི་ནང་དུ་མི་དང་སྲོག་ཆགས་གཉིས་ཇི་ལྟར་མཉམ་དུ་འཚོ་སྡོད་བྱེད་པའི་སྐོར་གྱི་གཏམ་རྒྱུད་ཅིག་བཤད་ཡོད་པ་དང་། གློག་བརྙན་གྱི་ཕབ་སྐྲུན་བྱ་ཡུལ་ནི་མགོ་ལོག་རྨ་སྟོད་ཀྱི་སྟོང་རི་མཚོ་རྒན་གྱི་ཉེ་འདབས་ཀྱི་རི་དྭགས་གསའ་རྒྱུན་དུ་འཚོ་སྡོད་བྱ་སའི་ཡུལ་དངོས་སུ་ཕབ་སྐྲུན་བྱས་པ་ཞིག་ཡིན་འདུག  གློག་བརྙན་འདིའི་ནང་དུ་བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་སྦྱིན་པ་ལགས་དང་ཚེ་བརྟན་བཀྲ་ཤིས། ཞོང་ཙི་ཆིས་བཅས་ཀྱིས་གཙོ་འཁྲབ་གནང་ཡོད་པ་དང་།  གཞན་བོད་ཀྱི་གློག་བརྙན་འཁྲབ་སྟོན་པ་བློ་བཟང་ཆོས་འཕེལ་དང་། དབང་ཕྱུག་མཚོ། དགེ་འདུན་ཕུན་ཚོགས། ཀུན་བདེ། འཇིགས་བྷ། དཀའ་ཐུབ་ཚེ་རིང་། བདེ་ཆེན་གཡང་འཛོམས། འཇུ་ཁྱུང་ཆེན། ཏང་ཧའོ་ཡོས་སོགས་ཀྱིས་འཁྲབ་སྟོན་ནང་དུ་མཉམ་ཞུགས་གནང་ཡོད་འདུག

ཐེངས་འདིའི་གློག་བརྙན་༼གསའ༽ནི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པད་མ་ཚེ་བརྟན་ལགས་ཀྱིས་འཁྲབ་གཞུང་དང་འཁྲབ་ཁྲིད་བྱས་པའི་གཏམ་རྒྱུད་གློག་བརྙན་བརྒྱད་པ་དེ་ཡིན་ཅིང་། བོད་སྐད་གློག་བརྙན་༼ཐར་ལོ།༽དང་༼ལག་དམར།༽༼དབུགས་ལྒང་།༽བཅས་ཝེ་ནི་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་གྱི་འོས་མིང་དུ་ཚུད་པའི་ཁྲོད་ཀྱི་ཐེངས་བཞི་པ་དེ་ཆགས་ཡོད་འདུག ཕྱི་ཟླ་ ༨ ཚེས་ ༨ ནས་ཟླ་གཅིག་རིང་ཨེ་ཌ་ལིའི་རྒྱལ་ཁབ་ཀྱི་ལི་ཌོ་གླིང་ཕྲན་དུ་སྐབས་ ༨༠ པའི་ཝེ་ནི་སི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་འཚོགས་གཏན་འཁེལ་ཡོད་པ་དང་བོད་ཀྱི་གློག་བརྙན་གསའ་འགྲན་རིམ་ནང་མི་ཞུགས་པར་པདྨ་ཚེ་བརྟན་ལགས་སུ་རྗེས་དྲན་མཚོན་སླད་གཟིགས་འབུལ་ཞུ་རྒྱུ་ཡིན་པ་རེད།

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་པདྨ་ཚེ་བརྟན་ལགས་ནི་ཕྱི་ལོ་ ༡༩༦༩ ལོར་བོད་མདོ་སྨད་ཁྲི་ཀའི་ཡུལ་དུ་སྐྱེས་ཤིང་། གློག་བརྙན་འཁྲབ་ཁྲིད་པ་དང་། རྩོམ་པ་པོ། ལོ་ཙཱ་བ་བཅས་ཡིན་ལ། ཕྱི་ལོ་ ༢༠༠༢ ལོར་པེ་ཅིན་གློག་བརྙན་སློབ་གླིང་དུ་གློག་བརྙན་སྐོར་ལ་ཆེད་སྦྱོང་གནང་རྗེས། འཁྲབ་གཞུང་རྩོམ་པ་པོ་དང་འཁྲབ་ཁྲིད་པ་བཅས་ཀྱི་ལས་ཀ་གཅིག་ལྕོགས་སུ་གནང་།   ཁོང་གིས་ད་བར་ལྷིང་འཇགས་ཀྱི་མ་ཎི་རྡོ་འབུམ་དང་འཚོལ། ཁྱི་རྒན་དང་གཡང་མདའ། ཐར་ལོ་སོགས་གློག་བརྙན་རིགས་ ༡༤ ལྷག་འཁྲབ་ཁྲིད་གནང་སྟེ་བོད་ཕྱི་ནང་གཉིས་ནས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་མ་ཟད། རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཆེ་ཁག་ནས་གཟེངས་རྟགས་ཁག་ཅིག་ཀྱང་ཐོབ་སྟེ། བོད་པ་རང་གིས་བཟོ་སྐྲུན་བྱས་པའི་གློག་བརྙན་གྱིས་རྒྱལ་སྤྱིའི་སྐད་གྲགས་ཅན་གྱི་གློག་བརྙན་ཚོང་རའི་ནང་གོམ་པ་དང་པོ་སྤོས་ཡོད་པ་རེད། དེ་བཞིན་ཁོང་གི་གློག་བརྙན་ཐར་ལོ་དང་ཁྱི་རྒན། ལག་དམར།  དབུགས་ལྒང་བཅས་ལ་ཨ་རིའི་བྷིར་ཀི་ལིན་(Brooklyn) ། ཐའེ་ཝན་དང་རྒྱ་ནག་གི་གློག་བརྙན་དུས་སྟོན་སོགས་ཀྱི་ཐོག་གཟེངས་རྟགས་བྱ་དགའ་ཐོབ་སྟེ། རྒྱལ་སྤྱིའི་སྟེང་པདྨ་ཚེ་བརྟན་ལགས་ནི་བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པའི་ཚབ་མཚོན་མི་སྣ་ལྟ་བུར་གྱུར་ཡོད་ལ། ཁོང་གི་གློག་བརྙན་གྲགས་ཅན་ཐར་ལོ་ལོ་རྒྱལ་ཕྱི་ནང་གི་གཟེངས་རྟགས་མི་འདྲ་བ་ ༡༢ ཐོབ་ཡོད་འདུག འདི་ལོའི་ཕྱི་ཟླ་ ༥ ཚེས་ ༨ ཉིན་དགུང་ལོ་ ༥༤ ཐོག་བོད་ཀྱི་རྒྱལ་ས་ལྷ་སར་སྐུ་གཤེགས་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་གྲགས་ཅན་པདྨ་ཚེ་བརྟན་ལགས།
Mobile App

གློག་བརྙན་འཁྲབ་ཁྲིད་པ་གྲགས་ཅན་པདྨ་ཚེ་བརྟན་ལགས་སྐུ་གྲོངས། 

༢༠༢༣/༠༥/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese