མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ན་ཌའི་ཁྲིམས་དོན་བློན་ཆེན་དང་ཁྲིམས་དོན་སྤྱི་ཁྱབ་གསར་པར་འཚམས་འདྲི་ཞུས།

བོད་ཀྱི་དུས་བབ།
༢༠༢༣/༠༧/༢༩
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་རྣམ་གཉིས་ཀྱིས་ཁེ་ན་ཌའི་ཁྲིམས་དོན་བློན་ཆེན་དང་ཁྲིམས་དོན་སྤྱི་ཁྱབ་གསར་པ་བོད་དོན་རྒྱབ་སྐྱོར་བ་ཨ་རི་ཧྥི་ཝི་རཱ་(Arif Virani)ནི་མཆོག་ལ་འཚམས་འདྲི་ཞུས་འདུག

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་དང་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཆོག་རྣམ་གཉིས་ནས་ཁེ་ན་ཌའི་ཁྲིམས་དོན་བློན་ཆེན་དང་ཁྲིམས་དོན་སྤྱི་ཁྱབ་མཆོག་ལ་འཚམས་འདྲི་ཞུས།

ཁ་སང་ཕྱི་ཚེས་ ༢༨ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་འཚམས་འཕྲིན་ནང་། ངས་ཁྱེད་ཉིད་ཁེ་ན་ཌའི་ཁྲིམས་དོན་བློན་ཆེན་དང་ཁྲིམས་དོན་སྤྱི་ཁྱབ་ཏུ་བསྐོ་གཞག་བྱུང་བར་ལྷག་བསམ་རྣམ་དག་གིས་བཀྲ་ཤིས་་བདེ་ལེགས་ཞུ་རྒྱུ་ཡིན། འདི་ནི་ཁྱེད་ཀྱིས་ཁ་ཞེ་གཉིས་མེད་ཀྱིས་འབད་བརྩོན་གནང་བའི་འབྲས་བུར་ངོས་འཛིན་ཐོབ་པའི་ཆེ་བསྟོད་ཞིག་རེད། ཁྱེད་ལ་ཁྲིམས་དོན་རིག་པའི་རྣམ་དཔྱོད་རྒྱ་ཆེ་ཞིང་། ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་པས། ཁྱེད་ཀྱིས་མ་འོངས་བར་ཁེ་ན་ཌའི་ནང་དུ་དྲང་བདེན་དང་། རང་དབང་། དམངས་གཙོའི་བྱ་གཞག་རླབས་ཆེན་ཞིག་བསྒྲུབ་ཐུབ་པའི་ཡིད་ཆེས་བརྟན་པོ་ཡོད། ཅེས་གསུངས་འདུག

ཡང་སྲིད་སྐྱོང་མཆོག་གིས། ངས་གོ་སྐབས་འདི་བརྒྱུད་ནས་ཁྱེད་ཀྱིས་བོད་དང་བོད་མི་མང་གི་དོན་དུ་འགྱུར་བ་མེད་པའི་རྒྱབ་སྐྱོར་གནང་བར་སྙིང་ཁོངས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཁྱེད་ཀྱིས་བོད་དོན་ཞུ་གཏུགས་དང་རྒྱབ་སྐྱོར་བརྟན་པོ་གནང་བས་བོད་དོན་འཐབ་རྩོད་སྲ་བརྟན་དུ་གཏོང་བར་ཕན་ནུས་ཆེན་པོ་བྱུང་ཡོད་ལ། ཁྱེད་ཉིད་ལྟ་བུའི་མཐུན་གྲོགས་ཤིག་ཡོད་པ་ནི་ང་ཚོའི་བསོད་ནམས་ཉག་གཅིག་རེད། ཁྱེད་ཀྱིས་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའི་ལས་གནས་དེ་མི་འཇོན་ནུས་ཅན་ཞིག་ལ་གནང་ནས་ལས་དོན་མུ་མཐུད་དུ་རྒྱུན་འཁྱོངས་བྱེད་པར་ཡིད་ཆེས་ཀྱིས་ཁེངས་ཡོད། ཅེས་གསུངས་འདུག

དེ་བཞིན་སྤྱི་འཐུས་ཚོགས་གཙོ་མཆོག་གི་འཚམས་འཕྲིན་ནང་། ཁྱེད་ཀྱིས་ཁེ་ན་ཌའི་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོའི་ལས་འགན་འཁུར་ནས་བོད་དོན་འཐབ་རྩོད་རྒྱུན་འཁྱོངས་གནང་བར་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན། ཐེངས་འདིའི་འོས་འདེམས་ཀྱིས་ཁྱེད་ཉིད་མགོ་ཁྲིད་བཟང་པོ་ཞིག་ཡིན་པ་མཚོན་པ་མ་ཟད། ཁྱེད་ནི་ཁེ་ན་ཌའི་མི་མང་གི་སེམས་ནང་དུ་དྲང་བདེན་དང་བློ་སྤོབས་ཀྱི་ཚད་གཞི་མཐོ་བོ་ཡིན་འདུག ཁྱེད་ཀྱིས་ཁྲིམས་དོན་བློན་ཆེན་དང་ཁྲིམས་དོན་སྤྱི་ཁྱབ་ཀྱི་གོ་གནས་འཁུར་བའི་ལས་ཡུན་རིང་། ཁེ་ན་ཌའི་མི་མང་གི་མ་འོངས་བའི་ལས་དོན་ཐམས་ཅད་ལམ་ལྷོངས་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུ་རྒྱུ་ཡིན། ཁྱེད་ཀྱིས་བོད་ཀྱི་བདེན་པའི་འཐབ་རྩོད་ལ་རྒྱབ་སྐྱོར་བྱས་པ་ཐུགས་རྗེ་ཆེ་ཞུ་ཡིན་པ་མ་ཟད། བོད་དོན་བདེན་མཐའ་མ་གསལ་བར་མུ་མཐུད་དུ་རྒྱབ་སྐྱོར་གནང་སྐྱོང་ཡོང་བའི་རེ་འདུན་ཞུ་རྒྱུ་ཡིན་ཞེས་གསུངས་འདུག

ཨ་རི་ཧྤི་ཝི་རཱ་ནཱི་མཆོག་ནི་ཤར་ཨ་ཧྥེ་རི་ཁའི་ཨུ་གྷན་ཌཱ་སྤྱི་མཐུན་རྒྱལ་ཁབ་(Repubilc of Uganda)ཀྱི་ཁམ་པཱ་ལཱ་(kampala)ཞེས་པའི་གྲོང་ཁྱེར་དེ་ནས་ཡིན་ཞིང་། ཕྱི་ལོ་ ༡༩༧༢ ལོར་ཁོང་གི་ནང་མི་མཉམ་དུ་ཁེ་ན་ཌའི་ནང་སྐྱབས་བཅོལ་དུ་འབྱོར་ཏེ། ཌོ་རོན་ཌོ་གྲོང་ཁྱེར་ནང་དུ་འཚར་ལོངས་བྱུང་བ་ཞིག་ཡིན་འདུག ཕྱི་ལོ་ ༡༩༩༤ ལོར་མེ་ཁི་གྷིལ་མཐོ་སློབ་(McGill University) ནས་ཆབ་སྲིད་ཚན་རིག་དང་ལོ་རྒྱུས་ཀྱི་གཙུག་ལག་རབ་འབྱམས་པའི་སློབ་གཉེར་བྱས་ཅིང་། རྗེས་སུ་ཌོ་རོན་ཌོ་མཐོ་སློབ་ནས་ཁྲིམས་ལུགས་རིག་པའི་ཐོག་ནས་བསླབ་པ་མཐར་སོན། ཕྱི་ལོ་ ༢༠༠༣ ནས་བཟུང་ཌོ་རོན་ཌོ་ས་གནས་ཁྲིམས་དོན་བློན་ཆེན་གྱི་ལས་ཁུངས་སུ་ཁྲིམས་དཔོན་ཀྱི་ལས་ཀ་བྱས། ཕྱི་ལོ་ ༢༠༡༥ ནས་བཟུང་ཡུལ་མི་གནས་སྤོའི་བློན་ཆེན་དང་། རིག་གཞུང་བློན་ཆེན། ཁྲིམས་དོན་བློན་ཆེན་སོགས་ཀྱི་ཕྱག་ལས་གནང་ཡོད་འདུག ཁོང་ནི་ཁེ་ན་ཌའི་ཆབ་སྲིད་གནད་ཡོད་མི་སྣའི་ཁྲོད་ནས་བོད་དོན་གླེང་སློང་ཤུགས་ཆེན་གནང་མཁན་ཞིག་ཡིན་པ་མ་ཟད། ལོ་མང་རིང་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་གནང་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

Mobile App

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གཞུང་གི་སྲིད་དོན་ཉེས་ཆད་ལ་སྐྱོན་བརྗོད་བྱས།

༢༠༢༤/༡༢/༢༥
བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཆོག་ནས་འཛུགས་སྐྲུན་ཆེེད་མཁས་པ་ཉི་མ་རྡོ་རྗེ་ལགས་སུ་འཚམས་འདྲི་གནང་བ། པར་དུས་བབ་ཀྱིས་བསྒྲིགས།
Mobile App

འཛུགས་སྐྲུན་ཆེད་མཁས་པ་ཉི་མ་རྡོ་རྗེ་ལགས་སུ་འཚམས་འདྲི་གནང་།

༢༠༢༤/༠༧/༠༤
ཇི་ནེ་ཝ་བོད་དོན་གླེང་སྟེགས་ཐེངས་ ༥ པའི་ཐོག་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་གསུང་བཤད་གནང་། བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

ཇི་ནེ་ཝ་བོད་དོན་གླེང་སྟེགས་ཐོག་དབང་བསྒྱུར་འོག་གི་ཛ་དྲག་གནས་སྟངས་གླེང་སློང་གནང་བཞིན་འདུག

༢༠༢༣/༡༠/༢༧
དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་མཛད་སྒོའི་ཐོག་ཆིབས་བསྒྱུར་བསྐྱངས་ཏེ་བླང་དོར་བཀའ་སློབ་བསྩལ། པར་བོད་ཀྱི་དུས་བབ། ༢༠༢༣།༡༠།༢༦
Mobile App

དབུ་དགེ་དམ་པའི་དམིགས་ཡུལ་ནང་བཞིན་སློབ་གཉེར་བ་རྣམས་ཀྱིས་སློབ་སྦྱོང་བྱས་པའི་དོན་དག་འགྲུབ་དགོས་རྒྱུ་གལ་ཆེན་པོ་ཡིན་སྐོར་གསུངས།

༢༠༢༣/༡༠/༢༦
བོད་མི་མང་སྤྱི་འཐུས་ཚོགས་གཞོན་སྒྲོལ་མ་ཚེ་རིང་མཆོག་གིས་བཅར་འདྲིར་ལན་འདེབས་གནང་བཞིན་པ། ༢༠༢༣།༩།༢༧ དུས་བབ་ཀྱི་པར།
Mobile App

བོད་མི་མང་སྤྱི་འཐུས་ཚོགས་གཞོན་མཆོག་ནས་གཞི་རིམ་མི་མང་ལས་འགུལ་བར་ཐུག་འཕྲད་གནང་།

༢༠༢༣/༠༩/༢༧
Deputy Speaker Dolma Tsering Teykhang Attends IPAC Prague Summit 2023
Mobile App

སྤྱི་འཐུས་ཚོགས་གཞོན་མཆོག་གིས་རྒྱལ་སྤྱིའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ལྷན་ཚོགས་སུ་བོད་དོན་གསུང་བཤད་གནང་།  

༢༠༢༣/༠༩/༠༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese