མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་རིག་གཞུང་ཐོག་ནས་འཛམ་གླིང་དུ་སེམས་ཁམས་རིག་པའི་ཤེས་ཚད་གོང་སྤེལ་དུ་གཏོང་ཐུབ་ཀྱི་འདུག་ཅེས་བཀའ་སློབ་བསྩལ།

བོད་ཀྱི་དུས་བབ།
༢༠༢༣/༠༨/༠༡
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཛམ་གླིང་ཞི་བདེ་སེམས་ཀྱི་ཐོག་ནས་དགོས་པ་ཡིན་དུས། བོད་ཀྱི་ཆོས་དང་རིག་གཞུང་གིས་འཛམ་གླིང་ཞི་བདེ་ཡོང་བར་ཞབས་འདེགས་ངེས་ཅན་བསྒྲུབ་ཐུབ་ཀྱི་འདུག་ཅེས་བཀའ་སློབ་བསྩལ་སོང་།

༧གོང་ས་མཆོག་གིས་དབུས་གཙང་ཆོལ་ཁའི་འགན་ལྷན་ཚོགས་བཅར་བ་བཀའ་སློབ་བསྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར།

ཁ་སང་ལ་དྭགས་ཞི་བའི་ཚལ་ཕོ་བྲང་གི་ཐང་ཆེན་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དབུས་གཙང་ཆོལ་ཁའི་འགན་འཛིན་ལྷན་ཚོགས་ཐེངས་བཅུ་དྲུག་པའི་ཚོགས་བཅར་བ་རྣམས་ལ་མཇལ་ཁ་དང་བཀའ་སློབ་བསྩལ་སྐབས། དེ་རིང་འདིར་དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁའི་འགན་འཛིན་ལྷན་ཚོགས་རེད། ང་ཚོས་སྟོད་མངའ་རིས་སྐོར་གསུམ་དང་། བར་དབུས་གཙང་རུ་བཞི། སྨད་མདོ་ཁམས་སྒང་དྲུག་ཟེར་གྱི་ཡོད།  བོད་ཆོལ་ཁ་གསུམ་ནི་སྔོན་མ་ཆོས་རྒྱལ་རྣམས་ཀྱི་སྐབས་དང་། ཆོས་རྒྱལ་སྲོང་བཙན་གྱི་སྐབས་སུ་སོ་སོའི་སྐད་ཡིག་ཟུར་དུ་དགོས་པ་དགོངས་པ་བཞེས་ནས། དི་བ་ནག་རི་ཟེར་བ་ཡི་གེ་ཞིག་ཡོད་པ་དེར་དཔེ་བལྟས་ནས་དབྱངས་དང་གསལ་བཤད་ཀྱི་ཡི་གེ་ཡོད་པ་དེ་འདྲ་ཞིག་མཛད་པ་རེད། ཆོས་རྒྱལ་སྲོང་བཙན་སྒམ་པོས་རྒྱ་བཟའ་དང་འཁྲུངས་ས་བསྐྱོན་པ་རེད། ཆོས་རྒྱལ་སྲོང་བཙན་སྒམ་པོ་རྒྱ་མིའི་ཁ་ལག་ལ་མཉེས་པོ་ཡོད་པ་རེད་བསམ་གྱི་འདུག སོ་སོའི་མི་རིགས་ཀྱི་ལྟ་བ་དེ་མཁྲེགས་པོ་ཞེ་བོ་བཟུང་འདུག རྒྱ་བཟའ་ཡིས་བོད་པ་ཚོས་རྒྱ་ཡིག་སྦྱངས་བར་རེ་བ་ཡོད་ཀྱང་། སྲོང་བཙན་སྒམ་པོས་ཟུར་དུ་བོད་ཡིག་དགོས་པའི་དགོངས་པ་རྒྱ་ཆེན་པོ་དང་ཕུགས་རྒྱང་རིང་པོ་ཞིག་གཏན་གཏན་རེད་འདུག བོད་པ་རང་ཉིད་ཀྱི་དབྱངས་དང་གསལ་བཤད་ཡོད་པའི་ཡི་གེ་ཞིག་སྲོལ་གཏོད་གནང་བ་རེད། དེའི་རྨང་གཞིའི་སྟེང་དུ་ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་སྐབས་སུ་མཁན་ཆེན་ཞི་བ་འཚོ་གདན་འདྲེན་ཞུས་པ་དང་། རྒྱ་གར་མཁས་པའི་གཞུང་མང་པོ་བོད་ཡིག་ཏུ་བསྒྱུར་བ་རེད། ང་ཚོ་བཀའ་འགྱུར་པོ་ཏི་ཉིས་བརྒྱ་ཙམ་དང་། བསྟན་འགྱུར་པོ་ཏི་མང་པོ་བཅས་ཁྱོན་པོ་ཏི་སུམ་བརྒྱ་ལྷག་བོད་ཡིག་ནང་དུ་ཡོད། མཁན་ཆེན་ཞི་བ་འཚོས་དཔལ་ནལེནྡྲའི་ཆོས་བརྒྱུད་དྲི་མ་མེད་པ་ཞིག་བོད་དུ་རྩིས་སྤྲོད་གནང་ཡོད་པ་རེད། རྒྱ་གར་མཁས་པའི་གཞུང་དེ་དག་ང་ཚོ་བོད་པའི་བདག་པོ་བརྒྱབ་པ་རེད། དེ་རིང་ཁ་སང་གི་དུས་ཚོད་འདིར་ནང་པའི་ཆོས་ཀྱི་ལྟ་སྒོམ་སྤྱོད་གསུམ་དང་། སེམས་ཁམས་རིག་པ། ལྟ་གྲུབ་ཀྱི་སྐོར་ལ་བོད་ཡིག་དེ་ཡག་ཤོས་ཆགས་བསྡད་ཡོད། བྱས་ཙང་སྔོན་གྱི་ཆོས་རྒྱལ་རྣམས་དང་། ས་དགེ་བཀའ་རྙིང་བཅས་རིས་སུ་མ་ཆད་པའི་སྐྱེས་བུ་དམ་པ་དེ་དག་གིས་བོད་ཀྱི་སངས་རྒྱས་ཀྱི་ཆོས་ལ་སྤུས་དག་པོའི་བདག་པོ་བསྐྱོན། དེ་ཡང་སྨོན་ལམ་བརྒྱབ་བསྡད་པ་གཅིག་པོ་མ་ཡིན་པར་སློབ་སྦྱོང་བྱས་ཡོད། དཔེར་ན་ངོས་རང་ལ་ཆ་བཞག་ན། ཆུང་དུས་ནས་བློ་རིག་དང་རྟགས་རིགས་ཀྱི་སྡོམ་ཞིག་ཡོད་པ་དེ་བློ་ལ་བཟུང་། དེ་ནས་བསྡུས་གྲྭ་དང་། ཕར་ཕྱིན། དབུ་མ་བཅས་ལ་བལྟས་པ་རེད། ངོས་རང་ཆུང་ཆུང་ཡིན་དུས་སྐུ་འབུམ་དུ་ཡོད་པའི་སྐབས་སུ། སྐུ་འབུམ་གྱི་འདུ་ཁང་གི་འཁྲིས་སུ་གྲྭ་བ་ཆུང་ཆུང་ཚོས་ཕྱག་འཚལ་ཏེ་ཨ་ར་པ་ཙ་བགྲང་བ་གསལ་བོ་དྲན་གྱི་འདུག ངོས་དེ་དུས་ལྟད་མོའི་ཟོལ་འདྲ་བོ་མ་གཏོགས་ཕྱག་འཚལ་ནས་ཨ་ར་པ་ཙ་བསགས་ཡོད་པ་མ་རེད། ངོས་རང་དེ་དུས་ཆུང་ཆུང་རེད། ཡིན་ནའང་། དེ་དུས་གནས་ཚུལ་ངོས་རང་གིས་གསལ་བོ་ཞེ་བོ་དྲན་གྱི་འདུག མདོ་སྨད་ལ་ཆ་བཞག་པ་ཡིན་ནའང་། ད་ལྟ་རང་བཤད་མ་ཐག་པ་ནང་བཞིན། ཞིབ་འཇུག་སློབ་གཉེར་བྱེད་པར་ཞེ་བོ་གཏིང་ཟབ་པོ་དང་རྒྱ་ཆེན་པོ་ཡོད་པ་རེད། མཁས་པའི་སྐྱེས་བུ་དམ་པ་མང་པོ་བྱུང་བ་རེད། མདོ་སྟོད་ལ་ཆ་བཞག་ནའང་། དེ་དེ་བཞིན་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་པོ་བྱུང་བ་རེད། དབུས་གཙང་དམ་པ་ཆོས་ཀྱི་ཆོལ་ཁ་ལའང་མཁས་གྲུབ་གཉིས་ལྡན་གྱི་སྐྱེས་བུ་དམ་པ་མང་པོ་བྱུང་བ་རེད། ཅེས་གསུངས་འདུག

ཡང་༧མགོན་པོ་གང་ཉིད་མཆོག་ནས། དེ་རིང་ཁ་སང་ཆབ་སྲིད་ཀྱི་ཐོག་ནས་བོད་ཀྱི་རང་དབང་བརླག་པ་རེད་དེ། དངོས་གནས་དྲང་གནས་བོད་ནང་གི་རྒྱ་ཆེའི་མི་མང་གི་ལྷག་བསམ་གྱིས་སོ་སོའི་སྐད་ཡིག་བདག་པོ་རྒྱག་བཞིན་ཡོད་པ་ཧ་ལས་པ་ཞིག་རེད། རྒྱ་མི་གུང་ཁྲན་གྱིས་བོད་ནང་དུ་ཞེ་བོ་དོ་དམ་པོ་བྱས་ཀྱང་། བོད་པ་ཚོས་ཆོས་དང་རིག་གཞུང་ཉམས་ཆག་རྩ་བ་ནས་མ་བཏང་པར་སེམས་ཤུགས་ཆེན་པོས་ཟིན་བསྡད་ཡོད་པ་རེད། དེ་རིང་ཁ་སང་རྒྱ་ནག་ནང་དུ་བོད་ཀྱི་ནང་ཆོས་དོ་སྣང་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་འདུག ལོ་ཁ་ཤས་ཀྱི་སྔོན་ལ་ངོས་རང་བོད་ནས་ཡོང་བའི་ལན་ཀྲུའུ་སློབ་ཆེན་གྱི་སློབ་མ་ཞིག་ལ་ཐུག་སོང་། ཁོང་ཚོས་ཆབ་སྲིད་ཀྱི་ཐོག་ནས་བོད་ལ་རྒྱ་མིས་དབང་བསྒྱུར་བ་རེད་དེ། ཆོས་ཀྱི་ཐོག་ནས་ང་ཚོས་རྒྱ་ནག་དབང་བསྒྱུར་ཐུབ་པར་དྲན་གྱི་འདུག་ཟེར་གྱི་འདུག དེ་བདེན་པའི་བཟོ་འདྲ་བོ་ཞིག་འདུག དེང་སང་རྒྱ་ནག་ནང་དུ་ནང་པ་ལ་དོ་སྣང་བྱེད་མཁན་མང་ནས་མང་དུ་འགྲོ་བཞིན་འདུག ངོས་རང་ལ་ཆ་བཞག་པ་ཡིན་ནའང་། དེ་སྔ་ནས་ཏཱ་ལའི་ལོག་སྤྱོད་པར་བཤད་བསྡད་ཀྱི་ཡོད། དེ་རིང་ཁ་སང་སྐད་ཆ་དེ་འཇམ་བསྡད་ཡོད་པ་རེད། བོད་དུ་ཡོད་བསྡད་པའི་སངས་རྒྱས་ཀྱི་བསྟན་པ་དེ་ཚན་རིག་དང་མཐུན་པ་རེད་ལ། ཐོག་མར་ཐོས་བྱུང་གི་ཤེས་རབ་བསྐྱེད། དེ་ནས་བསམ་བྱུང་གི་ཤེས་རབ་བསྐྱེད། སྒོམ་བྱུང་གི་ཤེས་རབ་བསྐྱེད་ཀྱི་ཡོད་པས། བོད་ཀྱི་ཆོས་དང་རིག་གཞུང་དེ་གཞན་དང་མ་འདྲ་བ་ཞིག་ཆགས་ཡོད་པས།  དེ་རིང་ཁ་སང་རྒྱ་ནག་ནང་དུའང་དོ་སྣང་ཡོང་གི་ཡོད་པ་རེད་ལ། འཛམ་བུ་གླིང་དུའང་དོ་སྣང་བྱེད་མཁན་མང་པོ་འདུག

རྗེ་རིན་པོ་ཆེས་གསུངས་བ་ནང་བཞིན། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ།། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེ་ནི།། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡི།། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག།།  སྔོན་མ་ནུབ་ཕྱོགས་རྒྱལ་ཁབ་དང་། ཨ་ཧྥེ་རི་ཁའི་ནང་དུ་ནང་ཆོས་ཀྱི་མིང་ཙམ་ལས་ཤེས་མཁན་མེད་ཀྱང་། དེང་སང་དེ་དག་དུ་ནང་ཆོས་ལ་དོ་སྣང་བྱེད་མཁན་མང་པོ་ཡོང་བསྡད་ཀྱི་འདུག ལྷག་པར་དུ་སེམས་ཁམས་རིག་པའི་སྐོར་ནང་པའི་གཞུང་དུ་གཏིང་ཟབ་པོ་དང་རྒྱ་ཆེན་པོ་ཡོད་པའི་ཐོག་ལ་དོ་སྣང་གསར་བ་ཡོང་བསྡད་ཀྱི་འདུག ཆོས་ལ་དད་པ་ཡོད་ཀྱང་མེད་རུང་། ནང་པ་ཡིན་ཡང་མིན་རུང་། བསམ་བློ་འགྲོ་སྟངས་དང་ལྟ་གྲུབ་ཀྱི་ཐོག་ནས་རིག་པས་དཔྱད་པ་བྱེད་པ་དེ། ནུབ་ཕྱོགས་རྒྱལ་ཁབ་ཀྱི་ཚན་རིག་པ་དང་ཤེས་ཡོན་ཅན་རྣམས་ཀྱིས་དོ་སྣང་གསར་པ་བྱེད་བསྡད་ཀྱི་ཡོད། བོད་ཀྱི་ཆོས་དང་རིག་གཞུང་གཏིང་ཟབ་མོ་ཡོད་པ་དེས་འགྲོ་བ་མི་སྤྱི་ལ་ཕན་ཐོགས་ཡོང་བསྡད་པ་ཞིག་ཆགས་འདུག ཅེས་གསུངས་འདུག

ཡང་༧མགོན་པོ་གང་ཉིད་མཆོག་ནས། བོད་ཀྱི་ནང་ཆོས་ཀྱི་ཁུངས་དཔལ་ནལེནྡྲའི་མཁས་པའི་དབང་བོ་རྣམས་ལ་གཏུགས་ནས་ཡོང་གི་ཡོད་པ་རེད། མགོན་པོ་ཀླུ་སྒྲུབ་དང་། འཕགས་པ་ཐོགས་མེད། ཕྱོགས་ཀྱི་གླང་པོ། ཆོས་ཀྱི་གྲགས་པ་ལ་སོགས་པའི་གཞུང་ལ་བརྟེན་ནས་བོད་ཀྱི་ནང་ཆོས་སློབ་སྦྱོང་བྱེད་ཀྱི་འདུག དབུ་མའི་གཞུང་དང་ཚད་མའི་གཞུང་འབྲེལ་ནས་ཡོང་དུས་ཞེ་བོ་སྤུས་དག་པོ་རེད། དེ་ཡང་རྒྱུ་མཚན་ལ་བརྟེན་ནས་བསམ་བློ་བཏང་ནས་འགྲོ་བ་ཞིག་རེད་མ་གཏོགས། དད་པ་རྐྱང་རྐྱང་གི་ཐོག་འགྲོ་ཡི་མེད་དུས། ང་ཚོས་ཚན་རིག་པ་དང་མཉམ་དུ་གོ་བསྡུར་བྱེད་ཀྱི་ཡོད། སེམས་ཁམས་རིག་པའི་གནས་ཚུལ་མང་པོ་ཞིག་ཚན་རིག་པས་དོ་སྣང་བྱེད་ཀྱི་ཡོད་ལ། ང་ཚོས་ཕར་སློབ་བཞིན་ཡོད་འདུག ཡང་སེམས་ཁམས་རིག་པའི་གནས་ཚུལ་མང་པོ་ཞིག་ང་ཚོས་ཚན་རིག་པའི་འགྲམ་ནས་སློབ་སྦྱོང་བྱེད་རྒྱུ་ཡོད་བསྡད་པ་རེད། དེང་སང་བོད་ཀྱི་རིག་གཞུང་ཐོག་ནས་འཛམ་གླིང་དུ་སེམས་ཁམས་རིག་པའི་ཤེས་ཚད་གོང་མཐོར་སྤེལ་ཐུབ་པ་ཞིག་རེད། དེ་ང་ཚོ་བོད་པའི་ལས་འགན་རེད།

འདི་འདྲའི་རིག་གཞུང་ཞིག་ཡོད་པ་ང་ཚོ་ཚང་མ་དངོས་གནས་སྤོབས་པ་སྐྱེ་དགོས་པ་རེད། ང་ཚོ་བོད་ཟེར་དུས་འདི་འདྲའི་རིག་གཞུང་གཏིང་ཟབ་ཅིག་ཡོད་པར་དོ་སྣང་བྱེད་དགོས། དེ་རིང་ཁ་སང་ནུབ་ཕྱོགས་པའི་རྒྱལ་ཁབ་དང་ཚན་རིག་པའི་ནང་དུ་སེམས་ཁམས་རིག་པའི་སྐོར་དོ་སྣང་བྱེད་བཞིན་ཡོད་པར་ཤེས་པ་དགོས་པ་མ་ཟད། ང་ཚོ་བོད་པར་འདི་འདྲའི་རིག་གཞུང་གཏིང་ཟབ་ཅིག་ཡོད་པ་ཤེས་པ་བྱས་ཏེ་བདག་པོ་རྒྱག་རྒྱུ་གལ་ཆེན་པོ་རེད། ང་ཚོ་ཚང་མས་འཛམ་གླིང་ཞི་བདེ་ཟེར་བསྡད་ཡོད་པ་རེད། བློ་ཡི་ནང་དུ་བྱམས་བརྩེ་ཡོད་ན་ཞི་བདེ་ཡོང་གི་རེད། སེམས་ལ་ང་རྒྱལ་དང་ཁོང་ཁྲོའི་ཐོག་ནས་བསྡད་པ་ཡིན་ན་ཞི་བདེ་ཡོང་རྒྱུ་ཁག་པོ་ཞེ་དྲགས་རེད། དངོས་གནས་དྲང་གནས་ཀྱི་ཞི་བདེ་དེ་སེམས་ཀྱི་ཐོག་ནས་ཞི་བདེ་དགོས་པ་ཡིན་དུས། བོད་ཀྱི་ཆོས་དང་རིག་གཞུང་གིས་འཛམ་གླིང་ཞི་བདེ་ཡོང་བར་ཞབས་འདེགས་ངེས་ཅན་བསྒྲུབ་ཐུབ་པ་འདུག ངོས་རང་ལ་ཆ་བཞག་ན། རྒྱལ་དབང་གི་མིང་ཞིག་ཐོགས་པ་དེ་འདྲ་རེད་ལ། འཛམ་བུ་གླིང་གི་ཤར་ལྷོ་ནུབ་བྱང་གི་ལུང་པ་མང་པོར་སླེབས་ཚར་རེད། བོད་ཀྱི་ཆོས་དང་རིག་གཞུང་དེ་དངོས་གནས་དྲང་གནས་སྤོབས་པ་སྐྱེས་བ་ཞིག་རེད། ངོས་ཀྱིས་ངོ་ཤེས་པ་མང་པོར་འགྲེལ་བཤད་དེ་ལྟར་རྒྱག་གི་ཡོད་པས་དགའ་བོ་ཞེ་དྲགས་བྱེད་ཀྱི་འདུག གང་ལྟར་ང་ཚོས་འཛམ་གླིང་ཞི་བདེ་ཟེར་ནས་བཤད་བསྡད་ཡོད་པ་རེད། ཞི་བདེ་དངོས་དེ་སེམས་ཀྱི་ཞི་བདེ་དགོས་པ་རེད། ནུབ་ཕྱོགས་རྒྱལ་ཁབ་དང་ལུང་པ་གཞན་དུ་ང་རྒྱལ་དང་ཕྲག་དོག་ཐོག་ཏུ་འགྲོ་བསྡད་ཀྱི་འདུག ང་ཚོས་བྱམས་བརྩེ་ཟེར་བའི་ཐོག་ནས་བོད་ཀྱི་རིག་གཞུང་ཟིན་གྱི་ཡོད་པ་རེད། ངོས་རང་ལོ་བརྒྱད་ཅུ་གྱ་བརྒྱད་ལ་སླེབས་ཡོད་པ་རེད། ངོས་ཀྱི་གཟུགས་པོ་བརྟག་དཔྱད་བྱས་དུས། གཟུགས་པོ་ཡག་པོ་ཞེ་དྲགས་འདུག་ལ། རྨི་ལམ་བརྟག་ནས་མཚན་མ་ཡོང་བ་བརྩིས་པ་ཡིན་ན། ངོས་རང་ལོ་བརྒྱ་དང་བཅུ་གྲངས་ལྷག་ཡོང་ཐུབ་པ་གསལ་བོ་ཞེ་དྲགས་འདུག ང་ཚོས་ད་ལྟ་བར་དུ་སེམས་ཤུགས་བསྐྱེད་ནས་ཧུར་ཐག་བྱས་པ་རེད། ད་དུང་ཡང་ང་ཚོས་འབྱུང་འགྱུར་གྱི་ལོ་བཅོ་ལྔ་དང་ཉི་ཤུའི་རིང་དུ་སེམས་ཤུགས་བསྐྱེད་ནས་ཧུར་ཐག་བྱོས་ཞེས་བཀའ་སློབ་བསྩལ་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

No Content Available

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese